རྐང་ཚ་རྫོང་གིས“དམངས་ཚིས་རྩིས་ཐོ”བསྒྲུབས་ནས་མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་སྒུག”གནད་དོན་སེལ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མི་དམངས་སྲིད་གཞུང་གིས་དམངས་ཚིས་རྩིས་ཐོ་ལས་དོན་སྒྲིག་སྲོལ་གསར་གཏོད་དང་སྐུལ་སྤེལ་བྱས་པས་དམངས་ཚིས་དོན་དངོས་དང་གཙོ་གནད་ལས་འགན་སོ་སོ“བཀོད་སྒྲིག”ནས“དངོས་འབེབས”དང“བསྒྲུབས་སྒྲིལ”ནས“ཡིད་ཚིམ”གྱི་ཚད་མཐོ་འགྱུར་བར་སྐུལ་འདེད་བཏང་སྟེ།ལས་དོན་ཕན་འབྲས་དེ་མང་ཚོགས་ཀྱི་ཐོབ་པའི་ཚོར་བ་དང་བདེ་སྐྱིད་ཀྱི་ཚོར་བ།བདེ་འཇགས་ཀྱི་ཚོར་བ་བཅས་ཀྱི་ཐོག་ནས་དངོས་སུ་མངོན་ཡོང་།
བྱེ་བྲག་གི་ལྟ་སྐུལ་ལས་དོན་ཁྲོད་རྐང་ཚ་རྫོང་མི་དམངས་སྲིད་གཞུང་གིས་གནད་དོན་ཕྱོགས་ཁྲིད་རྒྱུན་འཁྱོངས་དང་ལས་བགོས་འགན་འཁྲི་གནད་འཁེལ་བྱས་ཏེ།མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་སྒུག”ཐག་གཅོད་བྱ་རྒྱུ་གཞིར་བཟུང་སྟེ། “ལས་དོན་སྐུལ་འདེད་དང་ལས་དོན་བསྒྲུབས་སྒྲིལ།ལས་དོན་དུས་འགྱངས”ཀྱི་གཙོ་གནད་ལས་འགན་རིགས་གསུམ་གྱི་ཞིབ་ཐོ་གསེད་བཀྲོལ་བྱས་ཏེ།“གཙོ་གཉེར་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྤྱི་ཁྱབ་དམ་འཛིན་བྱེད་པ་དང་འགན་འཁུར་ལུས་ཁུངས་ཀྱིས་བྱེ་བྲག་གཙོ་འཛིན་བྱེད་པ།འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་ཀྱི་རྩ་དོན་ལྟར་བྱེ་བྲག་གི་འགན་འཁུར་མི་སྣར་དབྱེ་འབྱེད་དང་ཚད་སྒྱུར་ཚད་གཞི་གསལ་བོ་བཟོ་བ།ལེགས་སྒྲུབ་དུས་ཡུན་གྱི་བླང་བྱ་བཏོན་པ་བཅས་བྱས་ཏེ།“རྩིང་ལས་ཀྱི་ལྟ་སྐུལ”དེ“གནད་འཁེལ་མངགས་ཐོ”རུ་བསྒྱུར་ཏེ།ལྟ་སྐུལ་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་དམངས་ཚིས་དཀའ་གནད་དང་འཕེལ་རྒྱས་ཀྱི་གནད་འགག་ལ་དམིགས་པར་ཁག་ཐེག་བྱས།དེ་དང་ཆབས་ཅིག་རྩིས་ཐོའི་དོ་དམ་གཏིང་ཟབ་ཏུ་བཏང་ནས་གཙོ་གནད་ལྟ་སྐུལ་ལས་འགན་དུ“རྩིས་ཐོ་འཛུགས་པ་དང་རྩིས་ཐོའི་རྗེས་སྙེག རྩིས་ཐོ་མེད་པར་བཟོ་པའི”འཁོར་ཡུན་ཧྲིལ་པོའི་མ་ལག་གསར་འཛུགས་བྱས་ཏེ། “རྒྱུན་གཏན་རྗེས་འདེད་དང་དུས་བཀག་བཀོད་གཏོང་།བསྒྲུབས་སྒྲིལ་ཐག་གཅོད”བཅས་ཀྱི་རྩ་གསུམ་རྣམ་པ་བརྒྱུད་དེ་དུས་ལྟར་འཕེལ་རིམ་ཁོང་དུ་ཆུད་པ་དང་། དོན་དག་ཚང་མར“ལན་ཡོད་པ་དང་འབྲས་བུ་ཡོད་པ། ཟིན་ཐོ་ཡོད་པ”འགན་སྲུང་བྱས་ནས་བྱ་རིམ་ཚད་ལྡན་ཅན་དུ་འགྱུར་བར་བརྟེན་ནས་ལས་དོན་ཞིབ་ཚགས་ཅན་ཧ་ལོག་བྱེད་དགོས།
ད་ལོ་ནས་བཟུང་།རྐང་ཚ་རྫོང་མི་དམངས་སྲིད་གཞུང་གིས་འགུལ་རྣམ་གྱིས་ལས་སྒྲུབ་ལ་ལྟ་སྐུལ་ཐེངས10ལྷག་ཙམ་བྱས་པ་དང་གཙོ་གནད་དོན་དག200ལྷག་ཙམ་ལྟ་སྐུལ་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ་པ་སྟེ།ལོ་སྟོད་དུ་ཁས་ལེན་བྱས་པའི་དམངས་ཚིས་དོན་དངོས་དོན་ཚན9ཡི་ཚན་པ15ལས་ཚན་པ6སྔ་མོ་ནས་ལག་བསྟར་བྱས་པ་དང་།ཞིང་ཆེན་ཏང་ཨུས་སྐོར་ཞིབ་བྱས་པའི་སྲིད་གཞུང་སྡེ་ཁག་གི་གནད་དོན39བཅོས་སྒྲིག་དོན་ཐོག་ཏུ་འཁྱོལ་བ་དང་། དམངས་ཚིས་ཚོང་འགུག་རྣམ་གྲངས52འཛུགས་སྐྲུན་བྱེད་མགོ་ཚུགས་དང་།རིགས་མི་འདྲ་བའི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གནས་ཚུལ་གནད་དོན་ཁག36བཅོས་སྒྲིག་བྱས་ནས་ཨང་ཐོ་སུབ།གཞི་གྲངས་འདིའི་རྒྱབ་ལོགས་ནི“དམངས་ཚིས་རྩིས་ཐོ“དེ“ཤོག་སྟེང”ནས“ས་སྟེང”དུ་དངོས་འབེབས་ལག་ལེན་ཡིན་པ་མ་ཟད།རྫོང་མི་དམངས་སྲིད་གཞུང་གིས་ལྟ་སྐུལ་སྒྲིག་སྲོལ་བརྟེན་ནས་སྲིད་དོན་ཕན་ནུས་མཐོར་གཏོང་ལ་སྐུལ་འདེད་གཏོང་བ་དང་།གནད་འཁེལ་ཞབས་ཞུར་བརྟེན་ནས་མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་སྒུག”གི་གནད་དོན་ཐག་གཅོད་བྱེད་པའི་གྲུབ་འབྲས་བརྟན་པོ་ཞིག་ཀྱང་ཡིན་པས། རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་ཚིས་རྨང་གཞི་བརྟན་པོ་དང་ནུས་མཐོའི་སྲིད་དོན་འགན་སྲུང་བསྐྲུན་ཡོད།