མཚོ་སྔོན་རྐང་ཚ་མཚོ་འཁྱིལ་ཡུལ་ཚོའི་དགུན་ཆུས་རྣང་ཞིང“བརླན”པར་བྱས་ཏེ་དཔྱིད་ཀྱི་རྨོ་འདེབས་འབྲས་བུ་བཟང་པོར་བརྩོན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དགུན་ཆུ་འདྲེན་པ་ནི་ཕྱི་ལོའི་འབྲུ་ཞིང་ལ་ལོ་ཏོག་ལེགས་པོ་སྨིན་པར་འགན་སྲུང་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན་ལ། མང་ཚོགས་ཀྱི“བང་མཛོད་འབྲུ་ཡིས་བཀང་བ”དང“འབྱོར་ཕྱུག་མངའ་ཐང་རྒྱས་པར”སྲུང་སྐྱོབ་བྱེད་པའི་གཟུང་ཐག་གལ་ཆེན་ཞིག་ཀྱང་ཡིན།མིག་སྔར་དགུན་ཆུ་འདྲེན་པའི་དུས་སྐབས་ལ་ཁེལ་ཡོད་པས། མཚོ་བྱང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོས་འཆར་གཞི་སྔ་མོ་ནས་འགོད་པ་དང་ལས་སྒྲུབ་མགྱོགས་མྱུར་སྒོས་སྤེལ་བ། འགན་སྲུང་དྲག་པོ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་དགུན་ཆུ་འདྲེན་པའི་ལས་དོན་གྱི་ཚ་རླབས་འཕྱུར་ཏེ་དྭངས་ཤིང་གཙང་བའི་ཆུ་བོ་རྣང་ཞིང་དུ་དྲངས་ཏེ་ཕྱི་ལོའི་ཞིང་ལས་ཐོན་སྐྱེད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།
དགུན་ཆུ་འདྲེན་པའི་ལས་དོན་ཕན་ནུས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་ཆེད་མཚོ་འཁྱིལ་ཡུལ་ཚོས་མངའ་ཁུལ་གྱི་རྨོ་ཞིང་གི་ས་བབ་དང་ཆུ་ཁུངས་ཀྱི་ཆ་རྐྱེན། ལོ་ཏོག་རིགས་ཀྱི་དོན་དངོས་བཅས་ལ་གཞིགས་ནས་སྔོན་ལ་ཁྱོན་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་བྱས། ཡུལ་ཚོའི་ནགས་ཚལ་རྩྭ་ཐང་གཞུང་ལས་ཁང་སྡེ་བ་སོ་སོའི་ས་ཞིང་དུ་ཞིབ་ཏུ་ཕྱིན་ནས་རྨོ་ཞིང་གི་རྒྱ་ཁྱོན་དང་ཆུ་འདྲེན་དགོས་མཁོ། ཐབས་ལམ་ཤར་གཏོང་ཐུབ་པའི་གནས་ཚུལ་བཅས་ལ་ཡུལ་དངོས་ནས་ཞིབ་བཤེར་དང་དགུན་ཆུ་འདྲེན་པའི་ལས་འགན་སྡོམ་རྩིས་ཞིབ་ཕྲ་བྱས། དེ་དང་ཆབས་ཅིག་ཆུ་ལམ་གྱི་འདམ་གཙང་སེལ་དང་ཆུ་འཐེན་འཕྲུལ་འཁོར་ཞིབ་བཤེར། ཆུ་ཁུངས་བཀོད་སྒྲིག་སོགས་གནད་འགག་གི་ལས་རིམ་ལེགས་སྒྲིག་བྱས་ཏེ་གཏིང་གནས་གནད་དོན་སྔོན་ལ་ཞིབ་བཤེར་ཐག་གཅོད་བྱས་ཏེ། དགུན་ཆུ་འདྲེན་པའི་ལས་དོན་ལ“མགོ་ཡག་པོ་རྩོམ་པའི”རྨང་གཞི་བཏིང་ཡོད།
“ཉེ་ཆར་ཆུ་ཡི་བཞུར་རྒྱུན་བརྟན་པས།ཀུན་གྱིས་ཆུ་འདྲེན་གྱི་ཁྱབ་ཁོངས་ཚོད་འཛིན་ལ་དོ་སྣང་བྱས་ནས་ཆུ་འཕྲོ་བརླག་ཏུ་གཏོང་མི་རུང་།” དགུན་ཆུ་འདྲེན་པའི་ས་གནས་སུ་སྡེ་བའི་ལས་བྱེད་པས་སྡེ་དམངས་སྣེ་ཁྲིད་དེ་ཆུ་རྒྱུན་གྱི་གནས་ཚུལ་ལ་བལྟ་བཞིན་ཡོད།རྣང་ཞིང་གི་ཡུར་ལམ་དུ་གཙང་ཆུ་དལ་གྱིས་བཞུར་ནས་རྨོ་བསྐྱུར་ནགས་འཛུགས་དང་ནས། ལོག་དཀར་བཅས་ཀྱི་ས་ཞིང་ཡོངས་སུ་བརླན་འདུག ཉེ་ཆར་གནམ་གཤིས་ཡག་པོ་དམ་འཛིན་བྱ་ཆེད། མཚོ་འཁྱིལ་ཡུལ་ཚོས་ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ“གྲོང་གསེབ་ལས་བྱེད་པས་སྣེ་ཁྲིད་དེ་ལས་སྒྲུབ་བྱེད་པ་དང་སྡེ་དམངས་མང་ཚོགས་མཉམ་དུ་ཞུགས་པའི”དགུན་ཆུ་འདྲེན་པའི་མཉམ་སྡེབ་ཀྱི་སྟོབས་ཤུགས་ཆགས་ཡོད།
རྨོ་བསྐྱུར་ནགས་འཛུགས་ཀྱི་ས་བབ་གནས་སྟངས་ཆ་སྙོམས་མིན་པའི་གནད་དོན་ལ་གཞིགས་ནས། ཡུལ་ཚོའི་ནགས་ཚལ་དོ་དམ་མི་སྣ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣས་མཉམ་འབྲེལ་བྱས་ཏེ“གང་སར་ཆུ་འཚོལ་བ་དང་གང་དུ་འདྲེན་པ། ཆུ་ཡུར་ཇི་ལྟར་སྔོག་པ”བཅས་ལ་དམིགས་ཏེ་ནགས་སའི་དངོས་དོན་དང་འཚམ་པའི་ཆུ་འདྲེན་ཆུ་ཡུར་སྔོག་པའི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ། དེ་དང་ཆབས་ཅིག་ཏང་ཡོན་དང་བླངས་པ་རྩ་འཛུགས་བྱས་ནས་རང་འགུལ་སྒོས་སྔོན་དུ་བསྐྱོད་དེ་ཆུ་སྦུག་སྦྲེལ་མཐུད་དང་ཡུར་ཆུ་ཤར་བཞུར་ལ་རོགས་རམ་བྱས་ཏེ་དགུན་ཆུ་འདྲེན་པའི་ལས་དོན་ལག་ལེན་དོན་འཁྱོལ་བྱེད་པར་ཁག་ཐེག་བྱས་ཡོད། མིག་སྔར་བརྐོ་འཕྲུལ་འཕྲུལ་འཁོར་ཞིག་བཏང་ནས་ཆུ་ཡུར་དུ་འདམ་གཙང་སེལ་དང་ཤར་གཏོང་ཐུབ་པ། ལས་དོན་སྒྲུབ་པ་བཅས་བྱས་ཏེ་ཆུ་འདྲེན་ཆུ་ཁུངས་མཁོ་སྤྲོད་བརྟན་པོ་དང་ཆུ་བཞུར་ཐུབ་པའི་འགན་ལེན་བྱས་ཡོད། ཡུལ་ཚོའི་ནགས་ཚལ་དོ་དམ་མི་སྣ་དང་ཡུལ་ཚོའི་ནགས་ཚལ་རྩྭ་ཐང་ལས་དོན་མི་སྣས་ཁོངས་གཏོགས་མངའ་ཁུལ་གྱི་རྨོ་བསྐྱུར་ནགས་འཛུགས་ས་ཞིང་མུའུ64ལྷག་ཙམ་དང་སྲང་ལམ་གྱི་ཤིང་སྡོང50ལྷག་ཙམ་ལ་ཆུ་དྲངས་པ་རེད།
དྲོད་ཚད་མུ་མཐུད་ཇེ་དམའ་རུ་ཕྱིན་པ་དང་ཤིང་སྡོང་རིམ་བཞིན་དགུན་ཉལ་དུས་སུ་སླེབས་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དགུན་དུས་ཀྱི་འཁྱགས་སྐྱོན་དང་མེ་འགོག་གི་ཉེན་ཁ་སྔོན་འགོག་ནུས་ལྡན་བྱ་ཆེད།མཚོ་འཁྱིལ་ཡུལ་ཚོས་རྨོ་བསྐྱུར་ནགས་འཛུགས་དང་སྲང་ལམ་གྱི་ཤིང་སྡོང་དགུན་དུས་སུ་ཆུ་འདྲེན་གྱི་དགོས་མཁོར་དམིགས་ཏེ་གནད་ལ་འཁེལ་བའི་ཆུ་འདྲེན་གྱི་ལས་སྒྲུབ་བྱས།ཡུལ་ཚོའི་ནགས་ཚལ་དོ་དམ་མི་སྣ་དང་ནགས་རྩྭ་ལས་དོན་མི་སྣས་སྣེ་ཁྲིད་དེ་དགུན་ཆུ་འདྲེན་པའི་ལས་དོན་འགན་དུ་འཁུར་ཞིང་། རྨོ་བསྐྱུར་ནགས་འཛུགས་ནགས་ཤིང་ལ་དམིགས་ནས“ཡུར་ཆུ་འདྲེན་པ་དང་ཁ་གསབ་ཆུ་འདྲེན”གྱི་རྣམ་པ་སྤྱད་དེ། འདམ་གཙང་སེལ་སྲ་བརྟན་དུ་བཏང་རྗེས་ཀྱི་ཡན་ལག་ཆུ་ཡུར་ལ་བརྟེན་ནས་ཆུ་ཁུངས་ནང་འདྲེན་བྱས་ཏེ། ས་བབ་ཅུང་མཐོ་བ་དང་ཆུ་རྒྱུན་ཐོན་དཀའ་བའི་ས་ཁོངས་ལ་ཆུ་འཐེན་འཕྲུལ་འཁོར་སྤྱད་དེ་ཁ་གསབ་ཆུ་འདྲེན་བྱས་ནས། ཤིང་སྡོང་ཡོངས་ལ་ཆུ་འདང་ངེས་བསྡུ་ལེན་ཐུབ་པར་ཁག་ཐེག་བྱས།སྲང་ལམ་ཕྱོགས་གཉིས་ཀྱི་ཤིང་སྡོང་ལ་དམིགས་ནས“སྡོང་རྐྱང་ལ་དལ་ཆུ་འདྲེན་པའི”བྱ་ཐབས་སྤྱད་དེ་ཆུ་རྒྱུན་མགྱོགས་དྲགས་ནས་ཆུ་ཁུངས་འཕྲོ་བརླག་མི་ཡོང་བ་བྱས།
ཞིང་ཆུ་འདྲེན་པའི་བརྒྱུད་རིམ་ཁྲོད་དུ་གནད་ལ་འཁེལ་བའི་སྒོ་ནས་དགུན་ཆུ་འདྲེན་པ་བརྒྱུད་དེ་ནགས་ཚལ་དང་ཤིང་སྡོང་བདེ་འཇགས་ངང་དགུན་བསྐྱལ་ཏེ“བཀག་ཆུ”བརྟན་པོ་བསྐྲུན་དགོས། དགུན་ཆུ་འདྲེན་པ་ནི་ལས་དོན་མཇུག་རྫོགས་པ་མིན་པར་མཚོ་འཁྱིལ་ཡུལ་ཚོས་དགུན་ཆུ་འདྲེན་པ་གཞོགས་འདེགས་སུ་བྱས་ཏེ། ནས་དང་ལོག་དཀར་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་གྲོང་གསེབ་དར་སྤེལ་ལ་མཉམ་འདྲེས་ཟབ་མོ་བྱེད་པའི་མགོ་འཛུགས་ས་གསར་པར་སྐུལ་སྤེལ་བཏང་སྟེ། “དགུན་ཆུས་ལོ་ལེགས་ལ་འགན་སྲུང་བྱེད་པ”དེ“ཐོན་ལས་ཀྱིས་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བར”བསྒྱུར་ནས་གྲོང་གསེབ་དར་སྤེལ་ཡོང་བར་རྒྱུན་མཐུད་ཀྱི་སྒུལ་ཤུགས་བསྣན་ཡོད།