རྐང་ཚའིXརླབས་དུམ་གནམ་གཤིས་རེག་བརྡ་བདེ་བླག་ངང་འཛུགས་སྐྲུན་བྱས།
发布时间:2025年11月14日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཉེ་ཆར།མཚོ་བྱང་ཁུལ་རྐང་ཚ་རྫོང་གིXརླབས་དུམ་གནམ་གཤིས་རེག་བརྡ་ཐོག་མ་དེ་དཔྱངས་སྒྲིག་ལེགས་འགྲུབ་བྱུང་།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་དེ་བཞིན་མཐའ་འཁོར་གྱི་གནམ་གཤིས་རྟོག་འཇལ་མ་ལག་གི་ལྟེ་བའི་སྒྲིག་བཀོད་ཡིན་པའི་ཆ་ནས་རེག་བརྡས་མཚོ་བྱང་མཚོ་སྐོར་ས་ཁུལ་གྱི་ཞིབ་ཚགས་གནམ་གཤིས་ལྟ་འཇལ་གྱི་སྟོང་ཆ་སྐང་ནས་གནོད་འཚེ་འགོག་སྲུང་དང་སྐྱེ་ཁམས་སྲུང་སྐྱོབ།དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ཕྱོགས་མང་པོའི་སྟེངས་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གནམ་གཤིས་ཚན་རྩལ་གྱི་སྒུལ་ཤུགས་བསྩལ་ཡོད།

     རེག་བརྡ་ས་ཚུགས་ཀྱིས་ཧོང་ཡུས་ཞིང་རའི་ཡངས་ཤིང་རྒྱ་ཆེ་བའི་ས་དབྱིབས་དང་དེ་བཞིན་གྲོང་ངེར་འགྱིངབའི་མཆོད་རྟེན་གྱི་ཇུས་འགོད་ལ་བརྟེན་ནས་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་མངའ་ཁོངས་ཆེན་པོར་གནམ་གཤིས་ཁེབས་པ་མངོན་འགྱུར་བྱུང་། སྲོལ་རྒྱུན་གྱི་སྒྲིག་ཆས་དང་བསྡུར་ན་བར་སྟོང་གི་དབྱེ་འབྱེད་ཚད་གསལ བརྟག་འཇལ་གྱི་ཚད་མཐོ་བ མྱུར་དུ་བཤེར་འབེབས་དང་ལེན་སོགས་ཀྱི་དགེ་མཚན་ལྡན་པས། ཚད་གཞི་ཆུང་འབྲིང་གི་གནམ་གཤིས་མ་ལག་གི་འགྱུར་ལྡོག་གནད་ལ་འཁེལ་བའི་སྒོ་ནས་འཛིན་ཐུབ་པ་དང་། ཐག་རིང་་ཁོངས་ཀྱི་རྟོག་འཇལ་་ཁ་གསབ་བྱེད་ཐུབ། ལྷག་པར་དུས་ཡུན་ཐུང་ངུའི་དྲག་ཆར་དང་སེར་བ་སོགས་གློ་བུར་དུ་ཐོན་པའི་གནམ་གཤིས་ལ་སྐར་མ་རིམ་པའི་རྟོག་འཇལ་དང་རྗེས་འདེད་བྱས་ཏེ། གནོད་འཚེའི་སྔོན་བརྡ་གཏོང་བར་གནད་འགག་གི་དུས་ཚོད་བརྩོན་ལེན་བྱེད་ཐུབ། 

    རེག་བརྡ་འདིས་མཚོ་སྐོར་ས་ཁུལ་གྱི་གནོད་འཚེའི་སྔོན་བརྡ་དང་ཉེན་བརྡའི་གནས་ཚུལ་ཐད་ཀར་རྟོགས་ཐུབ་པ་དང་།གནམ་གཤིས་གནོད་འཚེའི་དབང་གིས་ཞིང་ཕྱུགས་ལས་དང་འགྲིམ་འགྲུལདེ་བཞིན་མང་ཚོགས་ཀྱི་བདེ་འཇགས་ལ་ཐེབས་པའི་གནོད་སྐྱེལཇེ་ཆུང་དུ་བཏང་སྟེ།མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོ་ལ་ཞིབ་ཚད་མཐོ་བའི་གཞི་གྲངས་འདོན་སྤྲོད་བྱས་ནས།ཚོ་ངོས་ཀྱི་གནམ་གཤིས་འགྱུར་ལྡོག་དང་བྱ་རིགསགནས་སྡོད་སྲུང་སྐྱོབ།རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་སོགས་ལས་དོན་ཚན་རིག་དང་མཐུན་པའི་ཐབས་ཇུས་འདེགས་སྐྱོར་བྱེད་ཐུབ།དེ་དང་ཆབས་ཅིག་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི“མཁའ་དབྱིངས་དང་ས་གཞི”གཞི་གཅིག་ཅན་གྱི་གནམ་གཤིས་ལྟ་འཇལ་དྲ་་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་བདེ་འཇགས་ཀྱི་གནམ་གཤིས་འགོག་སྲུང་གི་འཛིང་རགས་བརྟན་པོ་འཛུགས་རྒྱུ

    རྐང་ཚ་རྫོང་གིས་རེག་བརྡའི་གཞི་གྲངས་གཏིང་ཟབ་བཀོལ་སྤྱོད་དང་མཉམ་འདྲེས་འཕེལ་རྒྱས་གཙོ་གནད་དུ་བཟུང་སྟེ་སྐུལ་འདེད་གཏོང་བ་དང་། དྲག་ཆར་དང་སེར་བ། གློག་ཞགས་དང་རླུང་ཆེན་སོགས་གནོད་འཚེ་རང་བཞིན་གྱི་གནམ་གཤིས་སྔོན་བརྡ་གཏོང་ཚད་མཐོ་རུ་གཏོང་བ།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ལ་ཁ་གཏད་པའི་ཆེད་དོན་གནམ་གཤིས་ཞབས་ཞུ་རྒྱ་ཆེར་གཏོང་བ། སྐྱེ་ཁམས་གནམ་གཤིས་རྟོག་འཇལ་དཔྱད་དཔོག་དང་ཉེན་ཁའི་སྔོན་བརྡ་གཏིང་ཟབ་ཏུ་གཏོང་བ།སྡེ་ཁག་མང་པོའི་མཉམ་འགུལ་ལ་ཤུགས་སྣོན་རྒྱག་བཅས་བྱས་ཏེ་རེག་བརྡལྟ་འཇལ་དཔྱད་གཞིར་བརྟེན་ནས།མི་ཐབས་ཀྱིས་གནམ་གཤིས་ལ་ཤུགས་རྐྱེན་ཐེབས་པའི་ལས་སྒྲུབ་ཇུས་གཞི་ཇེ་ལེགས་སུ་གཏོང་བ་དང་།ཚན་རིག་གི་ལས་སྒྲུབ་ཆུ་ཚད་ཇེ་མཐོ་རུ་གཏོང་བ།རེག་བརྡའི་གཞི་གྲངས་ཀྱིས་གནོད་འགོག་གི་ཐབས་ཇུས་ཁྲོད་ནུས་མཐོའི་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།རྐང་ཚའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་གནམ་གཤིས་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་རྒྱུ