མཚོ་བྱང་ཁུལ་གྱི2025ལོའི་དགུན་དུས་ཡུལ་སྐོར་རྣམ་པ་ཁྱོན་ཡོངས་ནས་མགོ་རྩོམ་རྒྱུ་རེད།
发布时间:2025年11月18日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཟླ་བཅུ་གཅིག་པའི་མཚོ་བྱང་དུ། མཚོ་ཆེན་ཁྲི་ཤོར་རྒྱལ་མོ་ཁུ་སིམ་མེར་གཉིད་དུ་ཡེར་མགོ་རྩོམ་པ་དང་བ་དང་བརྗིད་ཆགས་མདོ་ལ་རིང་མོས་ཀྱང་དངུལ་མདོག་གི་ན་བཟའ་གྱོན་བཞིན་འདུག དགུན་དུས་ཀྱི་ཡུལ་ལྗོངས་ནི་མཛེས་སྡུག་ལྡན་པའི་རི་མོ་དང་འདྲ་བར། དུས་ཡུན་ཟླ་བ་བཞི་ཡི“ཁྲི་ཤོར་རྒྱལ་མོར་གཡུ་ཡི་མཚོ་དར་འགྲུབ། མདོ་ལ་རིང་མོས་དངུལ་དཀར་ན་བཟའ་མནབས། གངས་ལྗོངས་མཚོ་བྱང་ཡུལ་སྐོར་སྐྱིད་ལ་མཛེས།”ཞེས་པ་བརྗོད་དོན་ཡིན་པའི2025ལོའི་མཚོ་བྱང་ཁུལ་གྱི་དགུན་དུས་ཡུལ་སྐོར་བྱེད་སྒོ་མི་འགྱང་བར་མགོ་བརྩམ་རྒྱུ་ཡིན་ལ། མིག་སྔར། བྱེད་སྒོ་སོ་སོ་གྲ་སྒྲིག་གི་དུས་མཚམས་སུ་སླེབས་ཡོད། མཚོ་བྱང་ཁུལ་གྱིས་སྤུས་ལེགས་ཐོན་ཁུངས་རྨང་གཞིར་བྱེད་པ་དང་ཁྱད་ལྡན་བྱེད་སྒོ་མཚམས་སྦྱོར་པ་བྱེད་པ། སེམས་རྩ་དྲོ་བའི་ཞབས་ཞུ་རྩ་བར་བྱེད་པ་བཅས་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་གངས་དང་ཁ་བའི་མཛེས་ལྗོངས་རོལ་བར་གདན་འདྲེན་ཞུས་ནས“དག་སྣང་མཚོ་བྱང”གི་དགུན་དུས་ཀྱི་གཞན་མེད་མཛེས་པ་རོལ་མྱོང་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་རམ་འདེགས་བྱ་རྒྱུ་རེད།

图片
图片
图片

图片

དགུན་དུས་ཡུལ་སྐོར་བྱེད་རིང་། མཚོ་བྱང་ཁུལ་གྱིས་ཡུལ་སྐོར་བ་ཞུགས་པའི་ཚོར་བ་དང་ཉམས་ལེན་གྱི་ཚོར་བར་དམིགས་ནས། ཞིབ་ཚགས་སྒོས་རྩེད་མོར་རོལ་བ་དང་སྤྲོ་དགར་རོལ་བ། འགྲན་སྡུར་ལ་རོལ་བ། ཉོ་ཚོང་ལ་རོལ་བ། ལྟད་མོར་རོལ་བ། རྩེད་འཇོར་རོལ་བ་བཅས“རོལ་བ་དྲུག”གི་མཚོ་བྱང་ལ་ཡུལ་སྐོར་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་ལ། དེའི་ནང“རྩེད་མོར་རོལ་བའི”ལེའུ་ནི་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་དང་མེ་ལྷ་གངས་དཀར། ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི། ལྷ་ཆབ་ཁུག་སོགས་ལྟེ་བའི་ལྗོངས་ཁུལ་གཙོ་བོར་བཟུང་སྟེ། དར་གྱི་བརྐོས་རིས་དང་ཁ་བའི་གཟུགས་རིས་ལས་ནས་གངས་དང་ཁ་བའི་ཁྱད་ལྡན་རྣམ་གྲངས་བཏོན་ཏེ་མཚོ་བྱང་གི་དགུན་དུས་ཡུལ་སྐོར་གྱི་སྣང་བརྙན་ཡོངས་སུ་མངོན་རྒྱུ་རེད། མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་བྱེད་སྒོ་སྤེལ་ཏེ“ཞི་འབྱེད་དང་དྲག་འབྱེད”ཀྱི་ངོ་མཚར་བའི་ལྟད་མོ་ལ་གཟིགས་པ།  “ལོངས་སྤྱོད་ལ་རོལ་བའིལེའུ་ཡིས་སྤུས་ལེགས་ས་ཚན་ཐོན་ཁུངས་ལ་བརྟེན་ནས། འཇུ་ལག་དང་མདོ་ལ། རྐང་ཚ་བཅས་ཀྱིས་ཆུ་ཚན་ཁམས་གསོ་ཉམས་ལེན་ཁུལ་ཧུར་ཐག་སྒོས་བསྐྲུན་ཏེ།“ཆུ་ཚན+ཞིམ་ཟས+ཁ་བའི་མཛེས་ལྗོངས”ཀྱི་སྣ་འདུས་ཐོན་རྫས་དང་འཇུ་ལག་མེ་ལྷ་གངས་དཀར་སྒར་ཆེན་གྱི་སྐར་གཟིགས་ཁང་པ་སོགས་ཡུལ་སྐོར་བར“ཁ་བའི་མཛེས་ལྗོངས་དང་སྐར་མར་གཟིགས་པའི”ཚོར་བ་ཉམས་ལེན་བྱེད་དུ་འཇུག་རྒྱུ།“འགྲན་སྡུར་ལ་རོལ་བའི”ལེའུ་ཡིས་རྐང་བགྲོད་དང་ལྕགས་རྟ། རྟ་རྒྱུག མདའ་འཕེན་བཅས“འགྲན་སྡུར་ཆེན་མོ་བཞི”འདུ་བ་དང་། མང་ཚོགས་ཀྱིས་དགའ་བསུ་བྱེད་པའི་ལུས་རྩལ་འགྲན་སྡུར་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ཏེ་དམངས་ཡོངས་འགུལ་སྐྱོད་ཀྱི་ཚ་རླབས་འཕྱུར་དུ་འཇུག་རྒྱུ། “ཉོ་ཚོང་ལ་རོལ་བའི”ལེའུ་ཡིས་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས། ཞིམ་ཟས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་འགྲེམ་ཚོང་སྟེགས་བུ་བསྐྲུན་ནས་ཡུལ་སྐོར་བ་རྣམས་ཀྱིས་གཅིག་འཐུས་རྣམ་པའི་འགྲེམས་སྟོན་ཁྲོད་མཚོ་བྱང་གི་དངོས་ཟོག་གི་ཁྱད་ཆོས་ལ་མྱོང་རོལ་བྱས་ནས་དགུན་གྱི་མཛེས་པར་ཉམས་ལེན་བྱ་རྒྱུ། “ལྟད་མོར་རོལ་བ་དང་རྩེད་འཇོར་རོལ་བའི”ལེའུ་ཡིས་པར་ལེན་འགྲན་སྡུར་དང་དམངས་སྲོལ་འགྲེམས་འཁྲབ། རྒྱ་འཆམ་སྐོར་སྐྱོད་སོགས་ཀྱི་བྱེད་སྒོ་བརྒྱུད་དེ་མཚོ་བྱང་གི་དགུན་གྱི་མཛེས་སྡུག་དང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་རྒྱུ་རེད།    

图片
图片
图片
图片
图片
图片

    ཡུལ་སྐོར་བ་སེམས་བདེ་བག་ཕེབས་ངང་ཡུལ་སྐོར་ལ་འགྲོ་ཆེད། མཚོ་བྱང་ཁུལ་གྱིས“སེམས་དྲོད་གསུམ་དང་གཟིགས་སྐྱོང་བཞི། བྱེད་ཐབས་ལྔའི”འགན་སྲུང་མ་ལག་བཏོན་ཡོད། “སེམས་དྲོད་གསུམ་གྱི་ཞབས་ཞུ”ནི་བགྲོད་བསྐྱོད་དང་མཁོ་འདོན། དངོས་རྫས་ཀྱི་འགན་ལེན་བཅས་ལ་དམིགས་ནས་ལྗོངས་ཁུལ་དང་མགྲོན་ཁང་གིས་ཇ་དང་དྲོད་སྲུང་དངོས་པོ་སོགས་སེམས་དྲོད་དངོས་རྫས་རིན་མེད་ངང་མཁོ་འདོན་བྱེད་པ་དང་། ཡུལ་སྐོར་གསང་སྤྱོད“ཚང་མའི་སྒོ་ཕྱེ་དགོས་པ་དང་ཆེད་མངགས་མི་སྣས་གཙང་སྦྲ་བྱེད་པར”འགན་ལེན་བྱེད་པ། “གཟིགས་སྐྱོང་བཞི”ནི་ཡུལ་སྐོར་གྱི་སྦྲེལ་ཐག་ཡོངས་ལ་ཁྱབ་པ་སྟེ། རིག་གནས་བཤམ་སྟོན་ཁང5རིན་མེད་ངང་སྒོ་འབྱེད་པ་དངAརིམ་པའི་ལྗོངས་ཁུལ15ལ་རིན་མེད་དམ་ཡང་ན་རིན་གོང་དམའ་མོའི་ངང་ལྟ་སྐོར་བྱེད་པ། སྐར་གསུམ་ཡན་གྱི་མགྲོན་ཁང་དུ་དགུན་དུས་ཡུལ་སྐོར་གྱི་གཟིགས་སྐྱོང་བྱེད་ཐབས་ལག་བསྟར་བྱེད་པ། སྤྱི་ལོའི་ལོ་སར་སོགས་ཀྱི་དུས་ཆེན་སྐབས་སུ“ཡུན་ཧྲན་ཧྥུའུ”བརྒྱུད་ནས་རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་འདོན་སྤྲོད་བྱེད་པ། ཁུལ་ཡོངས་ཀྱི་སྤྱི་པའི་རླངས་འཁོར་འཇོག་ཡུལ་ཡུལ་སྐོར་བར་རིན་མེད་ངང་སྒོ་འབྱེད་རྒྱུ་རེད། “བྱེད་ཐབས་ལྔ”ཡིས་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལག་ཁྱེར་མེད་པའི་ཡུལ་སྐོར་སྣེ་ཤན་པ་དང་རིན་གོང་མགོ་སྐོར་གཏོང་བ་སོགས་ཀྱི་ཟང་ཟིང་གི་རྣམ་པར་ཞིབ་བཤེར་ནན་མོ་བྱེད་པ་དང་། ཡུལ་སྐོར་ཞུ་གཏུག་བྱེད་པའི“ཆུ་ཚོད24ཡི་ལྡོག་ལན”ལམ་སྲོལ་བཙུགས་ནས་གངས་ཤུད་ཡུལ་དངོས་དང་ཆུ་ཚན་བཀོད་སྒྲིག་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་ཡུལ་སྐོར་བར་བདེ་འཇགས་འགོག་སྲུང་བརྟན་པོ་བསྐྲུན་རྒྱུ་རེད།

图片

图片

图片

   དགུན་དུས་ཡུལ་སྐོར་བྱེད་སྒོ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་བྱ་ཆེད། མཚོ་བྱང་ཁུལ་གྱིས་ཚད་མཐོའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས“གྲང་བཟོའི་ཐོན་ཁུངས་དེ་ཚ་བའི་ཐོན་ལས”སུ་འགྱུར་བར་བྱེད་པའི་ངེས་གནས་གཏན་འཁེལ་བྱེད་པ་དང་། རྩ་འཛུགས་ལ་མགོ་ཁྲིད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ། ལངས་གཟུགས་རྣམ་པའི་དྲིལ་སྒྲོག་བརྒྱུད་དེ་ཆས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་དང་དམངས་འཚོའི་ཁྲིད་སྟོན་བརྟན་སྲུང་བྱས་ཏེ་བྱ་བ་སོ་སོ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་རེད།    

   རྒྱུས་ལོན་བྱུང་བ་ལྟར་ན། ཁུལ་རིམ་པ་དང་རྫོང་བཞིའི་དགུན་དུས་ཡུལ་སྐོར་གྱི་མགོ་རྩོམ་མཛད་སྒོ་ཚང་མ་གྲ་སྒྲིག་བྱས་ཟིན་པ་དང་། ཉེ་དུས་གཅིག་རྗེས་གཉིས་མཐུད་ངང་མགོ་བརྩམ་སྟེ་རྒྱ་ཆེའི་ཡུལ་སྐོར་བར་མཚོ་བྱང་གི་དགུན་དུས་རིག་གནས་ཡུལ་སྐོར་གྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་རྒྱུ་རེད།