ཀྲང་ཧྲིང་ཡོན་གྱིས་ཚེ་ཐར་གཏེར་ཁ་དང་ཚེ་ཐར་གདོང་ལེན་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་བརྟག་ཞིབ་སྐབས་འཕེལ་རིམ་ཇེ་མགྱོགས་དང་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་བཅོས་སྐྱོང་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་པ་ནན་གྱིས་བསྟན།
发布时间:2025年11月17日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཟླ11པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚེ་ཐར་གཏེར་ཁ་དང་ཚེ་ཐར་གདོང་ལེན་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཡུལ་དངོས་སུ་སོང་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ལྡོག་འདྲེན་བྱས་པའི་གནད་དོན་བཅོས་སྒྲིག་བྱ་བའི་འཕེལ་རིམ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པར་མ་ཟད། གོམ་སྟབས་རྗེས་མའི་བྱ་བའི་ཐད་བཀོད་སྒྲིག་ཁ་གསལ་བྱས་ཏེ་འགག་རྩ་ལ་དམིགས་པ་དང་གནད་འཁེལ་ཤུགས་བཏོན་གྱིས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ལོ་འཁོར་མོའི་བཅོས་སྐྱོང་དམིགས་ཚད་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

图片

    ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། མིག་སྔའི་བཅོས་སྐྱོང་བྱ་བ་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པ་དང་དུས་ཚོད་ཉུང་ཞིང་ལས་འགན་ལྕི་མོ་ཡིན་པས། འགན་སྒྲུབ་ལས་ཁུངས་སོ་སོའི་ངེས་པར་དུ་ཨར་ལས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ལྟེ་བའི་བྱ་བར་བརྩིས་ནས་དམ་འཛིན་བྱེད་དགོས་པ་དང་། བཅོས་སྐྱོང་ཁེ་ལས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་གྲབས་གསོག་དང་ཚན་རིག་དང་མཐུན་པའི་བཀོད་གཏོང་། ཨར་ལས་ལ་མཁོ་བའི་སྒྲིག་ཆས་དང་འཕྲུལ་ཆས་སྣོན་སྒྲིག་བཅས་བྱས་ཏེ་ཨར་ལས་ཀྱི་གསེར་ལས་དཀོན་པའི་དུས་ཚོད་དམ་འཛིན་བྱས་ནས་མངོན་མཐོང་གི་བྱ་བ་མང་པོ་འགྲུབ་པར་བྱེད་པ་དང་། སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལོ་འཁོར་མོའི་བཅོས་སྐྱོང་དམིགས་ཚད་སྔ་མོ་ནས་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱེད་དགོས། ལྷག་པར་དུ་ཨར་ལས་བཟོ་སྐྲུན་སོགས་འགག་རྩའི་ལས་སྒྲུབ་ཐད་ཨར་ལས་སྒྲིག་འཛུགས་ཇེ་ལེགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་དཀའ་ཁག་དང་དཀའ་གནད་ཐག་གཅོད་བྱས་ཏེ་བཅོས་སྐྱོང་བྱ་བ་ཕན་ནུས་ཆེ་བའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཡིག་ཚགས་དཔྱད་ཡིག་ཞིབ་ཚགས་དང་ཚད་ལྡན་ཅན་གྱི་དོ་དམ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བཅོས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དོན་དངོས་དང་ཆ་ཚང་བ་ཟིན་ཐོར་འགོད་དགོས་པ་དང། དེང་མའི་གཏེར་དོང་གི་བརྙན་རིས་དཔྱད་ཡིག་དང་ཉིན་རེའི་ཨར་ལས་ཟིན་ཐོ། ལྟ་སྐུལ་དོ་དམ་ཉིན་ཐོ་སོགས་ལ་མ་ལག་རང་བཞིན་གྱི་ཉར་ཚགས་དང་། ཡིག་ཚགས་བཟོ་བ་དང་ཕྱོགས་བསྡོམས་བཅས་བྱས་ཏེ་ལྷུ་ཚིགས་རེ་རེ་དང་ཕྱོགས་རེ་རེ་ཚང་མར་ཞིབ་བཤེར་བྱེད་ཆོག་པའི་གཞི་འཛིན་ས་ཡོད་པར་འགན་ལེན་བྱས་ནས་ཞིབ་བཤེར་རྩིས་ལེན་བྱེད་པར་གྲ་སྒྲིག་གང་ལེགས་བྱེད་དགོས། བདེ་འཇགས་འགན་འཁྲི་དམ་འཛིན་བྱས་ཏེ་རྗེས་མཐུད་བཅོས་སྐྱོང་གི་ལས་སྒྲུབ་བྱ་ཡུལ་གྱི་ངོས་མང་རྒྱ་ཆེ་ལ་དམིགས་ནས། ངེས་པར་དུ་ཐོག་མཐའ་བར་གསུམ་གྱི་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱས་ནས་ཨར་ལས་བྱ་ཡུལ་གྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། མངོན་མེད་ཉེན་ཁ་ཞིབ་བཤེར་གཏིང་ཟབ་བྱས་ནས་མི་སྣ་སོགས་ཤི་རྨས་ཀྱི་དོན་རྐྱེན་སྔོན་འགོག་དང་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། དེ་དང་ཆབས་ཅིག རྒྱང་རིང་ལ་དམིགས་ཏེ་ཁེ་ལས་ཀྱི་དུས་མཇུག་གི་དོ་དམ་སྲུང་སྐྱོབ་འགན་འཁྲི་ཁ་གསལ་དམ་ཟབ་བྱས་ཏེ་བཅོས་སྐྱོང་ཁུལ་གྱི་སྐྱས་ལམ་སྲུང་སྐྱོང་དང་ལྕགས་ར་སྒྲིག་འཛུགས། ཕྱུགས་རིགས་བཀག་འགོག་བཅས་ཀྱི་བྱ་བ་ཏན་ཏིག་ལེགས་སྒྲུབ་བྱས་ཏེ་བཅོས་སྐྱོང་གི་ཕན་འབྲས་ཡུན་ཕན་སྲ་བརྟན་ཡོང་བའི་འགན་ལེན་བྱེད་དགོས་ཟེར།

图片

   ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་རང་བྱུང་ཐོན་ཁུངས་ཅུས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས། ཁུལ་ནགས་རྩྭ་ཅུས་བཅས་ཀྱི་འགན་ཁུར་བློ་མཐུན་དང་རྐང་ཚ་རྫོང་སྲིད་གཞུང་གི་འགན་ཁུར་གཙོ་བོའི་བློ་མཐུན་ཞུགས།