རྐང་ཚས་ཀྲུང(བོད)སྨན་རྫས“གསེར་གྱི་མིང་བྱང”མངོན་པར་བྱས་ཏེ་གནའ་བོའི་ཤེས་རིག་གིས་དམངས་ཚིས་སྲུང་སྐྱོང་མཛད།
发布时间:2025年11月19日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཉེ་བའི་ལོ་ཤས་རིང་ལ།རྐང་ཚ་རྫོང་གིས་མཐོ་སྒང་བོད་སྨན་ཐོན་ཁུངས་དང་རྫོང་དང་ཡུལ་ཚོ་སྡེ་བ་བཅས་རིམ་པ་གསུམ་གྱི་ཞབས་ཞུའི་དྲ་རྒྱའི་རྨང་གཞིར་རྐང་བཙུགས་ནསརྒྱལ་ཡོངས་གཞི་རིམ་ཀྲུང་ལུགས་གསོ་རིག་སྨན་རྫས་དཔེ་སྟོན་རྫོངའཛུགས་སྐྱོང་དངབོད་ལུགས་སྨན་བཅོས་བདུད་རྩི་ལུམས་ཀྱི་ལྟེ་གནསའཛུགས་སྐྲུན་བྱེད་པའི་གོ་སྐབས་ཟུང་དམ་ཛིན་བྱས་ཏེ། སྲོལ་རྒྱུན་ཀྲུང(བོད)སྨན་རྫས་ལག་རྩལ་དང་དེང་རབས་སྨན་བཅོས་ལག་རྩལ་མཉམ་འདྲེས་གཏིང་ཟབ་དང་དགེ་མཚན་གསབ་རེས་བྱེད་པར་སྐུལ་འདེད་བཏང་སྟེ།རིག་གནས་ཀྱི་རྨང་གཞི་དང་དངོས་སྤྱོད་རིན་ཐང་གཉིས་ལྡན་པའི“བདེ་ཐང་གི་ཐབས་མཆོག”དེ་མང་ཚོགས་ལ་སྔར་ལས་སྤུས་ལེགས་དང་སྟབས་བདེ་སྒོས་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱས་ཡོད། 

       མ་ལག་བཙུགས་ཏེ་ཞབས་ཞུགནས་རྐྱང་མཁོ་སྤྲོདནསས་ཁོངས་ཡོངས་སུ་ཁྱབ་པརསྐུལ་འདེད་གཏོང་དགོས།  

        རྐང་ཚ་རྫོང་གིསརྫོང་བོད་སྨན་ཁང་སྣེ་ཁྲིད་དང་།ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཀྲུང(བོད)སྨན་ཁང་ལྟེ་བ། སྡེ་བའི་འཕྲོད་བསྟེན་ཁང་མཇུག་ཏུ་མཐུད་དེརིམ་པ་གསུམ་གྱི་ཀྲུང(བོད)སྨན་བཅོས་ཞབས་ཞུའི་མ་ལག་བཙུགས་ཏེ་ཀྲུང(བོད)སྨན་བཅོས་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་མངོན་འགྱུར་ཡོང་བར་བྱས། ཉེ་ཆར་རྫོང་བོད་སྨན་ཁང་གིསཞིང་ཆེན་རིམ་པའི་གཙོ་གནས་ཆེད་ལས་ཚན་ཁག2གསོ་སྐྱོང་བྱང་ཡོད་པ་དང་།བོད་སྨན་དང་སྨན་རྫས་ཀྱི་ཁྱད་ཆོས་ལྡན་པའི་སྨན་བཅོས་ལག་རྩལ་རིགས23དང་རྣམ་གྲངས40སྤེལ་ཞིང་།ཡུལ་ཚོ་དང་གྲོང་རྡལ་སོ་སོའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་གྱི་ཀྲུང(བོད)སྨན་ཁང་དུ་ཡོངས་སུ་ཁྱབ་ནས་འོས་འཚམ་གྱི་ལག་རྩལ་ཁང10ཡན་མཁོ་འདོན་བྱས་ཤིང་།སྡེ་བའི་འཕྲོད་བསྟེན་ཁང34ཚང་མར་སྐམ་ཁབ་དང་མེ་བཙའ།ཧོར་མེ་སོགས་རྨང་གཞིའི་ཀྲུང(བོད)ལུགས་སྨན་བཅོས་ཞབས་ཞུ་ཕན་ནུས་ལྡན་པས་འབྲོག་པ་རྣམས་ཀྱིས་སྒོ་འགྲམ་དུ་ཆེད་ལས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།    

      གཏིང་ཤུགས་བསྔོག་སྟེ་ཀྲུང་བོད་སྨན་གྱིསནད་ངན་བཅོས་ཐུབ་པ་དང་སྟབས་བདེའི་རྩིས་ཞུམངོན་འགྱུར་བྱས། 

        རྐང་ཚ་རྫོང་གིས་ཧུར་ཐག་སྒོས་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་བྱས་ཏེ།རྫོང་བོད་སྨན་ཁང་གིས་རང་བདག་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་སྨན་རིགས120ཞིང་ཆེན་སྨན་རྫས་ལྟ་སྐུལ་ཅུའི་ཞིབ་མཆན་ཐོ་འགོད་བརྒྱུད་པར་སྐུལ་འདེ་བཏང་བ་དང་།       དེའི་ནང་གི་རིགས107མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་སྨན་རྫས་གྲུབ་འབྲས་ཐོབ་པའི་དཀར་ཆག་ཏུ་བཅུག་ནས་མང་ཚོགས་ཀྱི་སྨན་བཅོས་ཁུར་བོ་དངོས་གནས་ཇེ་ཡང་དུ་བཏང་ཡོད།བོད་སྨན་ཐོན་ལས་རྒྱུད་མཐུད་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་ཆེད།རྐང་ཚ་རྫོང་གིས་ཀྲུང(བོད)སྨན་རྫས་རང་ས་གནས་ཅན་འདེབས་ཕར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་།ལྕུམ་རྩྭ་འདེབས་སའི་རྟེན་གཞི་མུའུ1000བསྐྲུན་ཏེ་མཐོ་སྒང་གི་སྨན་རིགས12འདེབས་འཛུགས་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ་སྒྲིག་བཟོ་ལེགས་གྲུབ་བྱུང་སྟེ། ཀྲུང(བོད)སྨན་རྫས་རྒྱུན་འཛིན་དང་འཕེལ་རྒྱས་ལའབྱུང་ཁུངས་འགན་ལེནབརྟན་པོར་བཏང་ཡོད། 

       གནའ་བོའི་ལག་རྩལ“མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་དང་དྲང་སྲུང་གསར་གཏོད” ཁག་ཐེག་བྱས། 

        རྐང་ཚ་རྫོང་གིས་ཆེད་དོན་མ་དངུལ་སྒོར་ཁྲི200ལྷག་ཙམ་བཏང་ནས་ཟླ་བ10ལྷག་གི་རིངརིན་ཆེན་བཙོ་ཐལབཟོ་སྐྲུན་དང་དེ་བཞིན་རྩ་ཆེན་རིགས་ཀྱི་བོད་སྨན་སྡེབ་སྦྱོར་རྣམ་གྲངས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས་རྫོང་ཁོངས་ཀྱི་རྩ་ཆེན་བོད་སྨན་ཐོན་སྐྱེད་བྱེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས།བསྟུད་མར་ལོ་གསུམ་ལཀྲུང(བོད)སྨན་རྫས་རིག་གནས་ཞབས་ཞུའི་གཟའ་འཁོར(ཟླ་བ)བྱེད་སྒོ་སྣེ་ཁྲིད་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཀྲུང(བོད)སྨན་རྫས་རིག་གནས་གསོ་སྦྱོང་འཛིན་གྲྭ་དང་ལས་རིགས་ཚོགས་འདུ་སོགས་བྱེད་སྒོ་གཙོ་བོ་སྤེལ་བ་ལེགས་གྲུབ་བྱུང་བ་དང་།ཀྲུང(བོད)སྨན་རྫས་རིག་གནས་གཞི་རྒྱ་ཆེ་བའི་རྩྭ་ཐང་དུ་རྒྱ་ཆེར་སྤེལ་བ་དང་མི་སེམས་ཀྱི་གཏིང་དུ་ཟུག་ཡོད།བྱ་བའི་ཕན་འབྲས་དངོས་ལ་གཞིགས་ནས།རྐང་ཚ་རྫོང་ལ2022ལོ་དང་2023ལོར་བསྟུད་མར་ཞིང་ཆེན་ཡོངས་ཀྱི་ཀྲུང(བོད)སྨན་རྫས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པའི་སྡེ་ཁག་གི་གཟེངས་རྟགས་ཐོབ།