རྐང་ཚ་རྫོང་ཡུལ་སྐོར་ལས་གཉེར་མི་སྣ་གྲལ་འབྲངས་དངོས་སྦྱོང་སྐུལ་སློང་ཚོགས་འདུ་ལེའོ་ཁྲེང་དུ་འཚོགས།
发布时间:2025年11月21日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས།རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཟླ11པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་ཡུལ་སྐོར་ལས་གཉེར་མི་སྣ་གྲལ་འབྲངས་དངོས་སྦྱོང་སྐུལ་སློང་ཚོགས་འདུ་ཧྲན་ཏུང་ལེའོ་ཁྲེང་དུ་འཚོགས།ཚོགས་འདུ་དེ་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཐུན་མོང་སྒྲིག་འཛུགས་བྱས་པ་ཞིག་ཡིན་ལ། དུས་ཡུན་ཐེངས་གཉིས་ཀྱི་གྲལ་འབྲངས་དངོས་སྦྱོང་ལས་དོན་སྤེལ་མགོ་ཚུགས་མཚོན།

    གྲོས་ཚོགས་སུ་ལེའོ་ཁྲེང་གྲོང་ཁྱེར་རིག་གནས་ཡུལ་སྐོར་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བས་ནུས་ཤུགས་ཡོད་རྒུས་དངོས་སྦྱོང་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་པ་དང་དངོས་སྦྱོང་ལས་གནས་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་།ཕུལ་བྱུང་ཁྲིད་དཔོན་བཀོད་སྒྲིག་ཡག་པོ་བྱས་ནས་རྐང་ཚའི་ལས་རོགས་ཚོར་ཕྱོགས་ཡོངས་ཀྱི་སློབ་སྦྱོང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ།དེ་དང་ཆབས་ཅིག་ད་ཐེངས་ཀྱི་དངོས་སྦྱོང་གོ་སྐབས་སུ་བརྩིས་ནས་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་དབར་སྤེལ་རེས་གཏིང་ཟབ་ཏུ་བཏང་ནས་རང་གཞན་གཉིས་ཕན་མངོན་འགྱུར་ཡོང་བར་རེ་བ་ཡོད་ཅེས་བཤད   


    རྐང་ཚ་རྫོང་གི་སྦྱོང་ཞུགསཚོགས་པས་ལེའོ་ཁྲེང་གྲོང་ཁྱེར་གྱིས་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད་ད་ཐེངས་ཀྱི་སློབ་སྦྱོང་གོ་སྐབས་ལ་གཅེས་སྤྲས་བྱས་ནས།ལེའོ་ཁྲེང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཐད་ཀྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་ནན་ཏན་བྱས་ཏེ་སྦྱངས་འབྲས་ཚང་མ་རྐང་ཚའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོསཕན་འབྲས་སུ་བསྒྱུར་ར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད   

      གྲོས་ཚོགས་སུ་ད་ཐེངས་ཀྱི་དངོས་སྦྱོང་ནི་ཤར་ནུབ་རྒྱུད་བར་གྱི་མཉམ་སྒྲུབ་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།འགན་ལེན་སྡེ་ཁག་སོ་སོས་ཞབས་ཞུའི་འགན་སྲུང་ཏན་ཏིག་ཡག་པོ་བྱེད་དགོས་པ་དང་། སྦྱོང་ཞུགས་སློབ་མས་བསླབ་ན་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་པ་དང་།ས་གནས་གཉིས་ཀྱིས་ཡུན་ཕན་མཉམ་ལས་ཀྱི་ལམ་སྲོལ་བཙུགས་ཏེ་རིག་གནས་ཡུལ་སྐོར་མཉམ་སྒྲུབ་ལ་ཕན་འབྲས་ཡོང་བར་ཐུན་མོང་གིས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།  

     ད་ཐེངས་གྲལ་འབྲངས་དངོས་སྦྱོང་སྤེལ་མགོ་ཚུགས་པ་འདིས་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་གཏིང་ཟབ་མཉམ་འདྲེས་ལ་སྐུལ་སྤེལ་གཏོང་བ་དང་ཤར་ནུབ་རྒྱུད་མཉམ་སྒྲུབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ར་སྒུལ་ཤུགས་གསར་པ་བསྣན་ཡོད།