རྫོང་ཨུའི་ཧྲུའི་ཅི་གཞོན་པ། རྫོང་དཔོན་གཞོན་པ་མིན་ཡོན་ཁྲོ་ཡིས་ཁ་བགོས་རོགས་སྐྱོར་ཁྱིམ་ཚང་ལ་འཚམས་འདྲིར་བསྐྱོད་དེ“མང་ཚོགས་རུལ་སུངས་པའི”ལས་དོན་ལ་རྟོག་ཞིབ་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དབུལ་ཐར་མཇུག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། དམངས་ཚིས་འགན་སྲུང་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱ་ཆེད། ཟླ11པའི་ཚེས17ཉིན་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གཞོན་པ་མིན་ཡོན་ཁྲོ་འོམ་ཆུ་གྲོང་རྡལ་གྱི་མཚོ་གསར་སྡེ་བ་དང་།གསེར་བཟང་སྡེ་བ། མཁར་བྱང་གཞིས་ཁུལ་བཅས་ལ་བསྐྱོད་དེ་ཁ་བགོས་རོགས་སྐྱོར་ཁྱིམ་ཚང་ལ་འཚམས་འདྲི་བྱས་པ་མ་ཟད། གནས་དེ་གའི་གྲོང་གསེབ་དར་རྒྱས་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ།གཞི་རིམ་ལས་དོན་ཁྲོད་མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལེགས་བཅོས་མུ་མཐུད་དུ་གཏིང་ཟབ་གཏོང་རྒྱུའི་ཐད་ལ་བླང་བྱ་གསལ་བོ་བཏོན་པ་དང་། འོམ་ཆུ་གྲོང་རྡལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཟབ་ཞུགས་བྱས།

རོགས་རམ་བྱ་ཡུལ་གྱི་ཁྱིམ་དུ་མིན་ཡོན་ཁྲོ་ཡིས་མང་ཚོགས་དང་ལྷན་དུ་ཁ་བརྡ་ཡུན་རིང་བྱས་ཤིང་། ཁོ་ཚོའི་ལུས་ཕུང་གི་གནས་ཚུལ་དང་།ཁྱིམ་ཚང་གི་ཡོང་འབབ། བྱིས་པའི་སློབ་གསོ། སྨན་བཅོས་འགན་སྲུང་། དེ་བཞིན་རོགས་རམ་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཚུལ་བཅས་ལ་འདྲི་རྩད་ཞིབ་ཕྲ་བྱས་ཏེ། སྡོད་ཁང་དང་འཐུང་ཆུ་སོགས་འཚོ་བའི་ཆ་རྐྱེན་གྱི་དཀའ་ངལ་ལ་རྟོག་ཞིབ་བྱས་པར་མ་ཟད། དགུན་ལྭ་དགུན་ཆས་སོགས་ཀྱི་འཚམས་རྟགས་ཕུལ།སྲིད་གཞུང་གིས་ཐུགས་ཁུར་དང་འཚམས་འདྲི་ཞུས་པར་མ་ཟད།ཁོ་ཚོར་སྤྲོ་སྣང་གི་སེམས་ཁམས་རྒྱུན་འཁྱོངས་དང་འཚོ་བའི་ཡིད་ཆེས་བརྟན་པོ་བྱས་ཏེ།ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་ཁྲོད་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས། སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་གཏོད་དགོས་པའི་སྐུལ་ཁྲིད་གནང་།

འཚམས་འདྲིའི་བརྒྱུད་རིམ་ཁྲོད། མིན་ཡོན་ཁྲོ་ཡིས་གྲོང་རྡལ་དང་སྡེ་བ་རིམ་པ་གཉིས་ཀྱི་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་ཁ་རྒྱབ་ལྟོ་གོས་སེམས་ལ་བཟུང་སྟེ།རོགས་སྐྱོར་བྱ་ཡུལ་གྱི་གནས་ཚུལ་ལ་འགུལ་རྣམ་གྱིས་ལྟ་ཞིབ་ཚད་ལེན་བྱས།ཐོན་ལས་དང་ལས་ཞུགས། སློབ་གསོ།སྨན་བཅོས་སོགས་རོགས་སྐྱོར་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་དང་།སེམས་ཤུགས་བསྐྱེད་པ་བྱས་ཏེ། ཐབས་བརྒྱ་བཅོས་སྟོང་གིས་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་སྐྱེད་དེ་གཞི་ཁྱོན་རང་བཞིན་གྱི་དབུལ་ཕོངས་སུ་མི་འགྲོ་བར་འགན་ལེན་བྱས། དེ་དང་ཆབས་ཅིག མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་གནད་དོན་གྱི་ཆེད་དོན་ལེགས་བཅོས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ།རང་འགུལ་གྱིས་རང་ཞིབ་རང་བཤེར་དང་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་བགགས་མེད་དུ་བཏང་སྟེ།རྒྱས་ཟ་རྒྱས་འཐུང་དང་རྫུན་ཞུ་རྫུན་ལེན།ཉེ་དགའ་ཕྱོགས་ཞེན་དང་བཀག་ཉར་གཞན་སྤྱོད་སོགས་སྒྲིག་ཁྲིམས་དང་ཁྲིམས་འགལ་བྱས་སྤྱོད་ཤེས་རྟོགས་བྱུང་ཚེ།ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ་བཟོད་སྒོམ་གཏན་ནས་མི་བྱེད་པར། མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་དང་བདེ་འཇགས་ཀྱི་ཚོར་བ་བསྐྲུན་པར་སྔར་ལས་མཐོར་འདེགས་སུ་གཏོང་དགོས།