རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་སྡེ་བར་དགོངས་དོན་སྒྲོག་འགྲེལ་བྱེད།
ཞིང་ཆེན་ཏང་ཨུ་སྒྲོག་འགྲེལ་ཚོགས་པས་རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་སྡེ་བར་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་བསྐྱོད།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐང་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ11པའི་ཚེས25ཉིན། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྒྲོག་འགྲེལ་ཚོགས་པས་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བར་བསྐྱོད་དེ“རིག་གཞུང་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན”གྱི་གསར་གཏོད་རྣམ་པའི་ཐོག་ས་གནས་དེ་གའི་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་བའི་དགོངས་དོན་གཏིང་ཟབ་ཏུ་སྒྲོག་འགྲེལ་བྱས་པ་དང་། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་། འོམ་ཆུ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཧོང་མེན་མེང་གིས་སྒྲོག་འགྲེལ་བྱེད་སྒོར་གཙོ་སྐྱོང་གནང་།
ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྒན་ལྷ་རྒྱལ་བཀྲ་ཤིས་དང་ཚོགས་པ་ཡིས་རྒྱ་བོད་སྐད་གཉིས་ཀྱིས་དངོས་བྱུང་གྱོད་དཔེ་དང་འབྲེལ་ཏེ། གྲོང་གསེབ་དར་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོང། དམངས་ཕན་སྲིད་ཇུས་སོགས་མང་ཚོགས་ཀྱིས་དོ་སྣང་ཁུར་ཆེན་བྱེད་པ་དག་དམིགས་སུ་བཟུང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་ལ་གོ་སླ་བའི་སྒོ་ནས་སྒྲོག་འགྲེལ་བྱས། སྒྲོག་འགྲེལ་བྱེད་སྒོའི་ཁྲོད《སྤྱི་མཐུན་རྒྱལ་ཁབ་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད》《སྐར་ལྔའི་དར་དམར་འབྲོག་ཡུལ་དུ་བསྐྱོད་པ》སོགས་ཀྱི་རིག་རྩལ་འཁྲབ་སྟོན་བསྡུས་པས། སྒྲོག་འགྲེལ་སྔར་ལས་དོན་དངོས་དང་མཐུན་པ་དང་སྔ་ལས་དྲོད་ཁོལ་སྦྱིན་ཡོད་ཅིང་། ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་པའི་ཡིད་སེམས་རབ་ཏུ་བཀུགས། སྡེ་མི་མང་པོས་ཐེངས་འདིའི་སྒྲོག་འགྲེལ་ལས་ཁོ་ཚོས་ཏང་གི་སྲིད་ཇུས་ལ་རྒྱུས་ལོན་སྔར་ལས་གཏིང་ཟབ་ཏུ་ཕྱིན་ཡོད་པར་མ་ཟད། རང་ཉིད་ལའང་གྲོང་གསེབ་དར་སྤེལ་གྱི་འགན་འཁྲི་ཕྲག་ཏུ་བབ་ཡོད་པ་ཤེས་ཡོད་ཅེས་མགྲིན་གཅིག་ཏུ་སྨྲ། སློབ་སྦྱོང་གི་གྲུབ་འབྲས་དེས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་བསྩལ་ཏེ། ཧུར་ཐག་གིས་ཕ་ཡུལ་འཛུགས་སྐྲུན་ཁྲོད་ཞུགས་ཏེ། མཉམ་དུ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་རྐང་ཚ་གསར་པ་འབྲི་བཞེངས་བྱེད་དགོས།
ཐེངས་འདིའི་སྒྲོག་འགྲེལ་བྱེད་སྒོ་ཡིས་ཁྲོད་ཏང་གི་སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་བའི་དགོངས་དོན་གཞི་རིམ་དུ་རྐང་ཚུགས་པར་སྐུལ་འདེད་བཏང་བ་མ་ཟད། རྐང་ཚ་རྫོང་གིས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་དང་དམངས་ཚིས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་བསམ་བློའི་སྒུལ་ཤུགས་གསར་བའང་བསྣན་ཡོད།