མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་ཀྱི"མཚོBA"འགྲན་སྡུར་ཁྲོད་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པ་བླངས།
发布时间:2025年12月01日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ11པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་ཀྱི"མཚོBA"མང་ཚོགས་ལག་རྩེད་སྤོ་ལོ་ལྷག་རིམ་འགྲན་སྡུར་གྱི་སྤྱིའི་རྟིང་རྩོད་འགྲན་སྡུར་དེ་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ས་ཁུལ་དུ་རྒྱལ་ཁའི་ངང་མཇུག་སྒྲིལ། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་ཚོ་ཆུང་འགྲན་སྡུར་གྱི་ཛ་དྲག་ཆེ་བའི་འགྲན་རྩོད་དང་ཉེ་བའི་ཟླ་བ་གཅིག་རིང་གི་རང་ས་དང་མགྲོན་སའི་ཕམ་འདོར་འགྲན་སྡུར་གྱི་རིམ་པ་བརྒྱུད། མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གིས་དཔའ་ངར་ཞུམ་མེད་དང་རྩེར་སོན་ལག་རྩལ་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པ་བླངས། དེ་དང་ཆབས་ཅིག་མཚོ་བྱང་ཁུལ་ལ་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་ཐོབ་པ་དང་མདོ་ལ་རི་བོ་བོད་ལུག་རུ་ཁག་གི་ལུས་རྩལ་པ་བཀྲ་ཤིས་ཉི་མ་ལ་ཕུལ་བྱུང་ལུས་རྩལ་པ་བཅས་གཟི་བརྗིད་མཚན་སྙན་གསུམ་ཐོབ་ནས"དག་སྣང་མཚོ་བྱང"ལ་རྒྱལ་ཁའི་མཚན་སྙན་ཐོབ་སྟེ་མཐོ་སྒང་གི་ལག་རྩེད་སྤོ་ལོའི་སྤྲོ་སེམས་དགུན་དཔྱིད་དུས་སུ་རྒྱུན་མཐུད་ངང་འཕེལ་བར་བྱས།



 
ཐེངས་འདིར་བྱ་དགའ་ཐོབ་པ་དེས་མཚོ་བྱང་ཁུལ་ལ་གཟི་བརྗིད་མཚན་སྙན་བསྩལ་བར་མ་ཟད་ཁུལ་ཡོངས་ཀྱི་མང་ཚོགས་ལག་རྩེད་སྤོ་ལོའི་ལུས་རྩལ་ནང་ཞུགས་པའི་སྤྲོ་སེམས་སྔར་ལས་འཕེལ་ནས་མཚོ་བྱང་གི་ལག་རྩེད་སྤོ་ལོའི་བྱ་གཞག་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད། གོམ་སྟབས་རྗེས་མར་མཚོ་བྱང་ཁུལ་གྱིས་ཐེངས་འདིའི་འགྲན་བསྡུར་གོ་སྐབས་སུ་བྱས་ཏེ"ཞིང་ལས་དང་ལུས་རྩལ། རིག་གནས་དང་ཡུལ་སྐོར། ཚོང་གཉེར"བཅས་ལས་རིགས་ལྔ་འཕེལ་རྒྱས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ལག་རྩེད་སྤོ་ལོའི་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་གཏོང་བ། འགྲན་སྡུར་གྱི་ཁྱབ་རྒྱ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ནས་ལག་རྩེད་སྤོ་ལོའི་ལུས་རྩལ་དེ་རིག་གནས་དང་ཡུལ་སྐོར། ཚོང་ལས་བཅས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས"ཞིང་ལས་དང་ལུས་རྩལ། རིག་གནས་དང་ཡུལ་སྐོར། ཚོང་གཉེར"མཉམ་འདྲེས་འཕེལ་རྒྱས་གཏོང་བའི་མ་དཔེ་གསར་པ་དེ་ལག་རྩལ་སྤོ་ལོའི་ཁྱབ་ཁོངས་སུ་རྩ་བ་ཚུགས་ཐུབ་པར་བྱེད་པ་དང་ཆབས་ཅིག་རྗེས་གྲབས་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཇོན་མི་འདེམས་སྒྲུག་དང་གསོ་སྐྱོང་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཆུ་ཚད་མཐོ་བའི་ལག་རྩེད་སྤོ་ལོའི་དཔུང་ཁག་སྔར་ལས་མང་བ་བཏོད་དེ་མཐོ་སྒང་ལག་རྩེད་སྤོ་ལོ་མདོ་ལ་རི་འདབས་དང་མཚོ་སྔོན་པོའི་འགྲམ་དུ་ཆེས་ཆེར་དར་བར་བྱས་ནས་མཐོ་སྒང་གི་ལུས་རྩལ་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་མཚོ་བྱང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ།