རྐང་ཚ་རྫོང་གིས་ནས་ཀྱི་ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱས་ཏེ་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་གསར་དུ་བསྐྲུན།
发布时间:2025年12月02日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

      ཉེ་བའི་ལོ་ཤས་རིང་།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་མཐོ་སྒང་གི་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་ལེགས་ཆར་རྐང་ཚུགས་ནས། ནས་དེ་ཁྱད་ལྡན་ཐོན་ལས་ཀྱི་གཙོ་གྲས་ཤིག་ཏུ་བརྩིས་ཏེ།མཚོ་འཕགས་མཐོ་བའི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ཐད་གནད་འཁེལ་ཤུགས་འདོན་བྱས་ནས།སྲོལ་རྒྱུན་འདེབས་འཛུགས་དེ་སྣ་ཁ་གསར་བཅོས་དང་ཚན་རྩལ་ནུས་འདོན།ལས་སྣོན་ཞིབ་ཚགས་བཅས་ཀྱི་ཐོན་ལས་འབྲེལ་ཐག་འཕེལ་རྒྱས་ཕྱོགས་ལ་སྣུར་སྲིང་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྐྲུན་ར་རོགས་འདེགས་བྱས།

      ཚན་རིག་དང་མཐུན་པའི་ནས་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དུ་བཏང་།མཐོ་སྒང་གི་གྲང་ངར་ཆེ་བའི་གནམ་གཤིས་དང་དྭངས་གཙང་གི་ས་ཆུའི་ཐོན་ཁུངས་ལ་བརྟེན་ནས། ནས་སོན་བཟང་གསོ་སྤེལ་དང་ཚད་ལྡན་ཅན་འདེབས་འཛུགས་རྟེན་གཞི་བསྐྲུན་ཏེ།སྨིན་སྔ་བ་དང་ཐོན་ཚད་མཐོན་པོ། ཐོན་སྐྱེད་བརྟན་འཇགས། ལྡོག་འགོག་རང་བཞིན་ལྡན་པ་བཅས་ཀྱི་སྤུས་ལེགས་སོན་རིགས་ནང་འདྲེན་བྱས་ཏེ། སོན་འདྲེན་དང་དཔེ་སྟོན།ཁྱབ་སྤེལབཅས་བརྒྱུད་དེ་ས་བོན་སྤུས་ལེགས་དང་ཐབས་ཤེས་བཟང་པོ།སོན་འདེབས་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་མཉམ་འདྲེས་སོགས་ཀྱི་ལྗང་མདོག་ནུས་མཐོ་ལག་རྩལ་མཐུན་སྦྱོར་བྱས་ཏེ།ནས་ཀྱི་ཐོན་ཚདདང་སྤུས་ཚད་གཉིས་ཀ་མཐོར་འདེགས་ཡོང་བར་མངོན་འགྱུར་བྱས།རྫོང་ཡོངས་སུ་ལོ་རེར་ནས་ཀྱི་སོན་འདེབས་རྒྱ་ཁྱོན་མུའུ་ཁྲི1.4དང་ལོ་རེར་ཐོན་སྐྱེད་ཏུན་ཁྲི0.3དང་།ཆ་སྙོམས་མུའུ་རེར་རྒྱ་མ470ཐོན་སྐྱེད་བྱས་ནས་ཆ་སྙོམས15%ཡན་ཆད་ཇེ་མཐོར་ཕྱིན་ཡོད། སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ།ལོ་རེར་སོན་བཟང་མུའུ་ཁྲི0.08གསོ་སྐྱོང་བྱས་ནས་ལོ་རེར་ཏུན210ཐོན་སྐྱེད་བྱས་ནས་སོན་བཟང་ཅན་དུ་འགྱུར་བའི་ཚད98%ཡན་ཟིན་ཡོད།རྐང་ཚ་རྫོང་གིས་ནས་ཀྱི་ས་བོན་སྤྱོད་རྒྱུ་དེ་གཞི་རྩའི་ཐོག་ས་ཆ་གཞན་ནས་ནང་འདྲེན་བྱེད་པར་བརྟེན་པ་དང་། རིམ་གྱིས་སོན་བཟང་ཕྱིར་གཏོང་བྱ་ཡུལ་དུ་འཕོ་འགྱུར་བྱས་ཏེ།མཚོ་བྱང་ནསཀྱི་སོན་བཟང་འཇུ་ལག་དང་མདའ་བཞི་སོགས་སུ་ཕྱིར་འཚོང་བྱས་ཏེ།ཐོན་ལས་རང་བདག་ཅན་དུ་མངོན་གསལ་དོད་པོའི་ཇེ་དྲག་ཏུ་གཏོང་རྒྱུ།

       ནས་ཀྱི་ལས་སྣོན་ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱས།ནས་དེ་སྣ་གཅིག་ནས་སྣ་མང་གི་རིན་མཐོ་ཐོན་རྫས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ།སྔ་གཞུག་ཏུ་མཉམ་ལས་ཁང་གི་ལས་སྣོན་ས་ཚགས2གསོ་སྐྱོང་བྱས་ཏེ།ནས་ཕྱེ་དང་ནས་རྩམ།ནས་བཅུད་སྦི་རག ནས་ཆང་སོགས་ཀྱི་ཐོན་སྐྱེད་རིགས4བསྐྲུན་ཡོད།ལོ་རེར་ནས་ཏུན58.8ལས་སྣོན་བྱེད་པ་དང་།ནས་ཕྱེ་ཏུན0.8དང་ནས་རྩམ་ཏུན58དང་།ནས་བཅུད་སྦི་རག་ཏུན950བཅས་ཐོན་སྐྱེད་བྱས་ཤིང་།དེའི་ནང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་ནས་བཅུད་སྦི་རག་རྣམ་གྲངས་ལཀྲི་པུའུ+ཀུ་སི+ཞིང་ཁྱིམསོགས་ཀྱི་རྣམ་པ་སྤྱད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས།མངགས་ཉོ་བྱེད་སྟངས་ཁྱབ་གདལ་དུ་བཏང་སྟེརྫོང་ཡོངས་སུ་ནས་ཀྱི་མངགས་ཐོ་རྒྱ་ཁྱོན་མུའུ་ཁྲི0.25རུ་བརྟན་པོ་བྱུང་ནས་སྤྱིའི་རྒྱ་ཁྱོན་གྱི17.9%བཟུང་བ་དང་ཆ་སྙོམས་ཀྱི་ཉོ་སྒྲུབ་རིན་གོང་དེ་ཁྲོམ་རའི་རིན་གོང་ལས་རྒྱ་མ་རེར་སྒོར0.2ཟིན་པ་དང་།ཞིང་ལས་ཁྱིམ་ཚང་ལ་ཆ་སྙོམས་ཡོང་འབབ་སྒོར200འཕར་ར་སྐུལ་ཁྲིད་བྱས། 

      ནསཀྱི་ཐོན་ལས་ལས་སྟེགས་གཞི་རྟེན་ལ་ཤུགས་སྣོན་པ། རྫོང་གི་ཕྱུགས་ལས་ཐོན་རྫས་ལས་སྣོན་ཐོན་ལས་གླིང་གཞི་རྟེན་དུ་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཅན་གྱི་བཀོད་སྒྲིག་དང་ཆེད་ལས་ཅན་གྱི་ཐོན་སྐྱེད།པེ་སྟོན་སྣེ་ཁྲིད།གསོ་སྐྱོང་གསར་གཏོད་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས།གླིང་གཅིག་སྣ་མང་ཅན་དང་གླིང་ཁུལཁྱད་ཆོས་ཅནདུ་རྒྱཆེར་བསྐྱེད་དེ།ནས་ལས་སྣོན་དང་བསྙལ་ཆང་།ཞོར་ཐོན་ཕྱོགས་བསྡུས་བེད་སྤྱོད་སོགས་རྣམ་གྲངས་དེ་གླིང་ཁུལ་གཅིག་སྡུད་དུ་ཁྲིད་སྟོན་བྱས་ཏེ།ད་སྔ་ནས་ལས་སྣོན་དང་ཆ་བསྒྲིག་ལས་སྣོན་མཉམ་ལས་ཁང2ཞུགས་ཡོད།ནུས་ཤུགས་ཡོད་རྒུསབོད་གཡང་རྐང་ཚས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་གསོ་སྐྱོང་ལས་གྲྭ་ལག་བསྟར་བྱས་ཏེ་ཏྲ་ཧེ་སྦི་རགདངཡོ་ཁྲི་གསོལ་ཆངསོགས་ཀྱི་ཚོང་རྟགས2ཐོ་འགོད་བྱས་ཡོད་ལ།མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཉོ་ཚོང་གྲོས་ཚོགསགློག་རྡུལ་ཚོང་དོན་ཕྱིར་འཚོངསོགས་ཀྱི་ལས་སྟེགས་ལ་བརྟེན་ནས།ནས་ཀྱི་ཐོན་རྫས་སྒོར་ཁྲི10ཕྱིར་ཚོང་བྱས་པ་དང་།དུས་མཚུངས་ལས16%ཕར་ཡོད།