སྟོངས་ཉེ་སྲོག་ཆགས་དགོ་དམར་བས་མཐའི་ཁྱུ་ཚོགས་ཀྱི་གྲངས་འབོར3700ལྷག་ཙམ་ཟིན།
发布时间:2025年12月03日 消息来源:

རྩོམ་སྒྲིག བན་སྐྱོང་།ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐང་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིསཚེས21ཉིན“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་རབ་དང་རིམ་པ་འཚོགས་ཏེ། དགོ་དམར་བས་མཐའི་ཁྱུ་ཚོགས་ཀྱི་གྲངས་འབོར3700ལྷག་ཙམ་ཟིན་པ་དེ་དུས་མགོའི་སྲུང་སྐྱོབ་ཀྱི་ལྡབ12ཡིན་པ་ཁྱབ་བསྒྲགས་བྱས། མཚོ་སྔོན་པོའི་སྣ་འདྲེན་སྲོག་ཆགས་ཡིན་པའི་ཆ་ནས་དགོ་དམར་ནི་ཀྲུང་གོའི་ཁྱད་ལྡན་འོ་འཐུང་སྲོག་ཆགས་ཁྲོད་ཀྱི་གྲངས་འབོར་ཉུང་ཤོས་ཀྱི་རིགས་ཤིག་ཡིན་ལ།  དེ་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོ་བྱེད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པས། འཛམ་གླིང་རང་བྱུང་སྲུང་སྐྱོ་མནའ་འབྲེལ》(IUCN2012ལོའི་སྟོངས་ཉེ་སྲོག་ཆགས་རིགས་ཀྱི་མིང་ཐོ་དམར་པོར་བཅུག་ཡོད།

2024ལོའི་ཟླ6པའི་ཚེས5ཉིན། དགོ་དམར་ཁྱུ་ཚོགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་མངའ་ཁོངས་ཀྱི་རྩྭ་ཐང་དུ་རྒྱུ་བཞིན་ཡོད།

བརྟག་དཔྱད་ལས་མངོན་པ་ལྟ་ན། 2007ལོར་དགོ་དམར་ཁྱུ་ཚོགས་ཀྱི་གྲངས་འབོར300ལྷག་ཙམ་ཡས་མས་ཡོད་པ་དེ་དོམ་ཁྲའི་གྲངས་འབོར་ལས་ཀྱང་ཉུང་བ་རེད། ས་གནས་སྲིད་གཞུང་དང་དམངས་ཁྲོད་ཀྱི་ཐུན་མོང་གི་རོགས་སྐྱོབ་འོག་ཏུ་རྩ་མེད་དུ་འགྲོ་ལ་ཉེ་བའི་དགོ་དམར་རིམ་བཞིན་སྟོངས་ཉེའིགནས་བབ་ལས་ཐར་བ་དང་ཁྱུ་ཚོགས་མངོན་གསལ་དོད་པོས་སླར་གསོ་བྱུང་ཡོད།

ཉེ་བའི་ལོ་ཤས་རིང་ལ། གཟན་ཆས་ཁ་གསབ་དང་འཐུང་ཆུའི་གནས་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བརྒྱུད་དེ། དགོ་དམར་འཚོ་གནས་ཀྱི་ཁོར་ཡུག་ལེགས་བཅོས་བྱས་ཏེ། དེའི་འཚོ་གནས་དང་སྐྱེ་འཕེལ་ལ་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད།”མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོ་ཁུལ་དོ་དམ་ཅུའི་ཅུ་ཀྲང་ལིག་ཆི་ཁྲོན་གྱིས་ངོ་སྤྲོད་བྱ་རྒྱུར། ལོ་རེའི་རྟོག་འཇལ་ཐེངས་བཞི་བྱས་པའི་གཞི་གྲངས་ལ་མངོན་པར་གཞིགས་ན། 2020ལོ་ནས2024ལོའི་བར་ཁྱུ་ཚོགས་ཀྱི་གྲངས་འབོར3700ལྷག་ཙམ་དུ་བརྟན་པོ་ཆགས་པ་དང་། དེ་ལས་ཉེ་བའི་ལོ་ཤས་རིང་དགོ་དམར་ཁྱུ་ཚོགས་ལ་སྲུང་སྐྱོ་ནུས་ལྡན་ཐོབ་པ་མཚོན་ཡོད།