རྐང་ཚས་མཐའ་ཐིག་སྲུང་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
རྩོམ་སྒྲིག ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོའི་ཚུན་ལ། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས“མཐའ་ཐིག་སྲུང་བ་དང་འཕེལ་རྒྱས་འཛིན་པ། དར་རྒྱས་སྐུལ་བ”ཞེས་པའི་གཙོ་སྣེར་དམིགས་ནས། དབུལ་པོ་བསྐྱར་ལོག་ལ་ཞིབ་བཤེར་དང་རྣམ་གྲངས་འཛུགས་སྐྲུན། ལས་གནས་བརྟན་འཁྱོངས་དང་ལས་ཞུགས་རོགས་འདེགས་སོགས་གཙོ་གནད་འགག་གནད་ལ་མུ་མཐུད་དུ་ཤུགས་སྤེལ་དང་། སྲ་བརྟན་སྦྲེལ་མཐུད་ཀྱི་ལས་དོན་ཁག་ཏན་ཏིག་ལེགས་པར་བསྒྲུབས་ཏེ། རྫོང་ཡོངས་ཀྱི“ཞིང་གསུམ”ལས་དོན་དང་སྲ་བརྟན་སྦྲེལ་མཐུད་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
རྫོང་འདིས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་མཐའ་ཐིག་ལ་དམིགས་ཏེ་འགུལ་རྣམ་རྟོག་འཇལ་བྱེད་ཤུགས་ཆེ་རུ་བཏང་ཡོད། གཟབ་ནན་སྒོས“2411”དབུལ་པོ་བསྐྱར་ལོག་ལ་སྔོན་འགོག་གི་འགུལ་རྣམ་རྟོག་འཇལ་རོགས་སྐྱོར་ལམ་སྲོལ་དོན་ཐོག་ཏུ་འཁྱོལ་བ་དང་སྡེ་ཁག་གིས་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། ཆ་འཕྲིན་འབྲེལ་གཏུག་དང་གཞི་གྲངས་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལོ་འཁོར་གྱི་གཅིག་བསྡུས་ཞིབ་བཤེར་ལས་དོན་དང་ཟུང་དུ་སྦྲེལ་ནས་ཞིང་སྡེའི་དམའ་སྲུང་བྱ་ཡུལ་དང་ཁ་ཐོར་དམིགས་བསལ་དབུལ་ཕོངས་རོགས་སྐྱོར་བྱ་ཡུལ་སོགས་གཙོ་གནད་མི་ཚོགས་ལ་ཁྱོན་ཡོངས་ནས་ཆེད་དོན་ཞིབ་བཤེར་བྱས་པ་དང་། ཡུལ་བབ་ལ་བསྟུན་ནས་ཡོང་འབབ་དམའ་བའི་མི་འབོར་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་སོགས་བྱེད་ཐབས་ཞིབ་ཕྲ་བཟོས་ནས་སློབ་གསོ་དང་སྨན་བཅོས། སྡོད་ཁང་འགན་སྲུང་སོགས་ཀྱི་སྲིད་ཇུས་ཁྱོན་ཡོངས་སུ་ཁྱབ་པར་མངོན་འགྱུར་བྱས། རྫོང་ཡོངས་ཀྱི་རྟོག་འཇལ་བྱ་ཡུལ་ཁྱིམ་ཚང137གྱི་མི447ལ་དབྱེ་འབྱེད་བྱས་པ་དང་། ཁྱིམ་ཚང93གྱི་མི316གཙང་སེལ་བྱས་ཤིང་། ཉེན་ཁ་སེལ་ཚད70.7%ཟིན་ཡོད་པས། “དང་ལེན་བྱེད་འོས་པ་དང་ལེན་དང་རོགས་སྐྱོར་བྱེད་འོས་པ་རོགས་སྐྱོར། གཙང་སེལ་བྱེད་འོས་པ་གཙང་སེལ”བྱས།
རྐང་ཚ་རྫོང་གིས་མ་དངུལ་སྦྲེལ་མཐུད་བྱ་བར་དམིགས་ནས་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཡོད། “རྣམ་གྲངས་འཆར་འགོད་ལ་བསྟུན་པ་དང་མ་དངུལ་རྣམ་གྲངས་ལ་བསྟུན་པ། འགན་འཁྲི་མ་དངུལ་ལ་བསྟུན་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་གྱི“གོ་སྐབས་ལེགས་པོའི”རིང་། སྦྲེལ་མཐུད་རྣམ་གྲངས་ཀྱི་མ་དངུལ་གཏོང་སྒོའི་“ཚད་ཐིག”གི་སྔོན་བརྡའི་བརྡ་ཁྱབ་ལམ་ལུགས་དང་བཀོད་གཏོང་ལས་དོན་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་ལྟ་སྐུལ་དོ་དམ་སྡེ་ཁག་དང་འཛུགས་སྐྲུན་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་ནན་སྐྱོང་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྦྲེལ་མཐུད་མ་དངུལ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། 2025ལོར་སྦྲེལ་མཐུད་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི9596.2དོན་ཐོག་ཏུ་འཁྱོལ་བ་དང་རྣམ་གྲངས34ལག་བསྟར་བྱས། མིག་སྔར་རྣམ་གྲངས23ལས་འགོ་བཙུགས་ཡོད་ཅིང་། ལས་འགོ་ཟིན་ཚད67.65%ཡིན་པ་དང་། འགྲོ་སོང་མ་དངུལ་སྒོར་ཁྲི1657ཟིན་ཡོད།
རྫོང་འདིས་ལས་གནས་བརྟན་འཁྱོངས་དང་ལས་ཞུགས་རོགས་འདེགས་ལ་དོ་ཁུར་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་ཡོད། ཕྱོགས་ཡོངས་ནས་ལས་ཞུགས་ཀྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཏེ། “ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ”གྱི་ལས་འགུལ་སྤེལ་འགོ་ཚུགས་པ་དང་། ལས་ཞུགས་གསར་གཏོད་བྱེད་ཐབས་བཏོན་ཏེ། “12+N”སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཏན་ཏིག་སྒོས་སྤེལ་ནས། ཚོང་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བསྐྱེད་དེ། ནུས་ཤུགས་ཡོད་རྒུས་རྫོང་ཡོངས་ཀྱི་ལས་ཞུགས་ཤོང་ཚད་བརྟན་འཇགས་དང་རྒྱ་ཆེར་བཏང་བ་དང་། དབུལ་ཐར་མི་འབོར་གྱི་ལས་ཞུགས་བརྟན་འཇགས་དང་ཡོང་འབབ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། མིག་སྔར། “ལས་ཞུགས་རོགས་སྐྱོར་ཟླ་བ”སོགས་གདན་ཞུའི་བྱེད་སྒོ་ཐེངས3སྤེལ་བ་དང་། ཕྱོགས་ཡོངས་ནས་དབུལ་ཐར་ངལ་རྩོལ་ནུས་ཤུགས་གནས་སྒྱུར་ལས་ཞུགས་དང་ས་གནས་གཞན་དུ་གནས་སྤོ་བྱས་པའི་དབུལ་ཐར་ངལ་རྩོལ་ནུས་ཤུགས་ཀྱི་ལོ་འཁོར་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ཞིང་། ལས་ཞུགས་རོགས་སྐྱོར་འཁོར་ཁང9ཡིས་དབུལ་ཐར་མི་འབོར73གྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས། “སྦྲང་ཆར་འཆར་གཞིའི”སློབ་ཐོན་སློབ་མའི་ལས་ཞུགས་སློབ་འཕར་བྱས་ཚད96.15%ཟིན་ཡོད།