网站无障碍
2025ལོའི་དགུན་དུས་གནས་སྐོར་དབུ་ཚུགས་མཛད་སྒོ་དང་མཚོ་སྔོན་པོའི་མཚོ་དར་ཆགས་པའི་དུས་ཚིགས་ཀྱི་སྨྱན་སྦྱོར་འགྲུལ་སྐྱོད་བྱེད་སྒོ་སྤེལ།
发布时间:2025年12月08日 消息来源:

    རྩོམ་སྒྲིག་པ།བན་སྐྱོང་། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ12པའི་ཚེས6ཉིན།2025ལོའི་དགུན་དུས་གནས་སྐོར་དང་མཚོ་སྔོན་པོའི་མཚོ་དར་ཆགས་པའི་དུས་ཚིགས་ཀྱི་སྨྱན་སྦྱོར་འགྲུལ་སྐྱོད་དབུཚུགས་མཛད་སྒོ་རྐང་ཚ་རྫོང་ལྷ་ཆབ་ཁུགསྐྱེ་ཁམས་ཉམས་ལེན་ཁུལ་དུ་སྤེལ། དེའི་སྐབས་གླེགས་དང་བསྟུན་ནས་སྤྱང་ཚང་བརྒལ་ཏེ་ཁིས་ཁུག་སེར་ཉག་ག་གསང་མྱུལ་བྱེད་པའི་ལྗོངས་འཁོར་འགྲུད་བཞུད་ཀྱི་བྱེད་སྒོ་རྩ་འཛུགས་བྱས་ཤིང་། དེ་དང་ཆབས་ཅིག་ཏུ་ལྷ་ཆབ་ཁུགསྐྱེ་ཁམས་ཉམས་ལེན་ཁུལ་དུ་ཞིང་ཕྱུགས་རིག་གནས་གནས་སྐོར་ཐོན་རྫས་འགྲེམ་སྟོན་ཁུལ་གསར་དུ་བཙུགས་ཏེ། རྐང་ཚའི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གནས་སྐོར་གསར་གཏོད་ཐོན་རྫས་གཅིག་བསྡུས་བཤམ་འཚོང་བྱས་ཏེ་རང་ས་གནས་ཀྱི་སྤུས་ལེགས་ཐོན་ཁུངས་དེ་གནས་སྐོར་བས་ཁྱེར་ཆོག་པའི“འགྲུལ་ལམ་བརྗེད་བྱང”དུ་བསྒྱུར་བར་གཞོགས་འདེགས་བྱས། གཞན་ཡང་དགུན་དུས་ཀྱི་ཁྱད་ལྡན་ཟས་མཆོག་གསོལ་སྟོན་བཤམས་ནས་སྐམས་ལུག་ཤ་དང་ལུག་ཤའི་ཁོག་མ་སོགས་གསར་བསྐྲུན་བྱས་ཏེ་གནས་སྐོར་བར་རྐང་ཚའི་ཁྱད་ཆོས་ལྡན་པའི་ཟས་མཆོག་ལ་རོལ་མྱོང་བྱེད་དུ་བཅུག


图片


图片


图片

图片

图片

图片

图片

图片

图片

图片

图片

图片

图片

图片

图片

图片

图片

图片

图片

图片

图片

图片


图片

图片