མཚོ་བྱང་རྐང་ཚས་སྣ་མང་སྲིད་ཇུས་ལག་བསྟར་བྱས་ནས་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རི་མོ་གསར་བ་འབྲི་བཞེངས་བྱས།
མཚོ་བྱང་རྐང་ཚས་སྣ་མང་སྲིད་ཇུས་ལག་བསྟར་བྱས་ནས་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རི་མོ་གསར་བ་འབྲི་བཞེངས་བྱས།
རྩོམ་སྒྲིག་པ།མགོན་པོ་རབ་བརྟན། ཡོང་ཁུངས།རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་རྒན་གསོའི་ཞབས་ཞུའི་བྱ་གཞག་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་གཏན་འཁེལ་བྱས་ནས། རྒན་གསོའི་ཞབས་ཞུའི་ལས་དོན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་འདེགས་སུ་བཏང་སྟེ། རྒྱ་ཆེའི་རྒན་པ་ལ་སྔར་ལས་སྤུས་ལེགས་དང་ནུས་ལྡན། སྟབས་བདེ་བཅས་ཀྱི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་ནས་རྒན་པ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
ཐོབ་སྣང་སྐྱིད་སྣང་བདེ་སྣང་གི་ཚོར་བ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རྒན་གསོའི་ཞབས་ཞུའི་རྣམ་པ་གསར་པ་འཛུགས་དགོས། རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྒན་གསོའི་ཞབས་ཞུའི་འཛུགས་སྐྲུན་དེ་དམངས་ཚིས་དོན་དངོས་ཀྱི་རྣམ་གྲངས་ནང་འཇུག་པ་དང་། སྔ་རྗེས་སུ《ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དམངས་སྲིད་བྱ་གཞག་འཕེལ་རྒྱས་འཆར་འགོད》དང《ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་ལག་བསྟར་ཇུས་གཞི》《རྒན་པའི་ཟས་རིགས་རོགས་རམ་ཞབས་ཞུ་ལག་བསྟར་ཇུས་གཞི》《རྒན་གསོའི་སྒྲིག་གཞི་དང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་གཞུང་བཙུགས་དམངས་གཉེར་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་ཡིག་ཆ་གཏན་འབེབས་བྱས་ཏེ། རྒན་པའི་འཁྲིས་སུ་ཚོར་ཐུབ་པའི་རྒན་གསོའི་ཞབས་ཞུའི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་བཏང་ཡོད། ལོ་ལྟར་རྒན་གསོའི་ཞབས་ཞུའི་གྲོན་དངུལ་སྒོར་ཁྲི142རྫོང་རིམ་པའི་ནོར་སྲིད་སྔོན་རྩིས་ནང་བཅུག་ནས་རྫོང་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་སྒྲིག་བཀོད་རྒྱུན་གཏན་གྱི་གཞི་རྩའི་འཁོར་སྐྱོད་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་བཞིན་ཡོད།
ཞབས་ཞུ་གསར་གཏོད་བྱས་ནས་ཁྱིམ་སྡོད་རྒན་གསོའི“རྣམ་པ་གསར་པ”འཚོལ་ཞིབ་བྱས། ཁྱིམ་སྡོད་སྡེ་ཁུལ་སྒྲིག་གཞི་མཐུན་སྦྱོར་དང་། སྨན་བཅོས་ཁམས་གསོ་དང་བདེ་ཐང་ཁམས་གསོ་ཟུང་འབྲེལ་བྱེད་པའི་དེང་རབས་རྒན་གསོའི་ཞབས་ཞུའི་མ་ལག་ཞིབ་ཚགས་ངང་བཏོད་ནས། ཧུར་ཐག་སྒོས“1+8+N”སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཉོ་སྒྲུབ་ཀྱི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ཁྱིམ་སྡོད་རྒན་པ841ལ་ཟ་མ་ལས་པ་དང་ཁྲུས་ལ་རོགས་བྱེད་པ། གཙང་སྦྲ་བྱེད་པ། སྨན་པ་སྟོན་རོགས་བྱེད་པ། ཁམས་བདེ་སེམས་གསོ་བྱེད་པ། ལས་ཀ་ཚབ་སྒྲུབ་བྱེད་པ་སོགས་སྒོ་འགྲམ་ཞབས་ཞུ་མཁོ་འདོན་བྱས་ཏེ། རིམ་རྩིས་བྱས་ན་མི་ཐེངས5046ལ་ཞབས་འདེགས་ཞུས་ཡོད་ལ། ཁྱིམ་སྡོད་རྒན་པ292ལ་རིག་ནུས་མཁྲིག་མ་ཆུ་ཚོད་སྤྲད་དེ“མཚོ་བྱང་ཁུལ་གྱི་རིག་ལྡན་རྒན་གསོའི་ཞབས་ཞུའི་ལས་སྟེགས”ལ་བརྟེན་ནས་འཕྲལ་མྱུར་འབོད་སྐུལ་དང་རྒྱང་རིང་སྨན་བཅོས། བདེ་ཐང་བློ་འདྲི་སོགས་རིག་ནུས་ཞབས་ཞུ་མཁོ་འདོན་བྱས་པ་རིམ་རྩིས་བྱས་ན་མི་ཐེངས4896ལ་ཞབས་ཞུ་མཁོ་འདོན་བྱས། ཀྲུང་དབྱང་ཕན་བདེ་རྒྱན་ཤོག་གི་སྤྱི་ཕན་མ་དངུལ་སྒོར་ཁྲི56.25སྤྱད་དེ་ཁྱིམ་སྡོད་རྒན་པ50ལ་འདྲེད་འགོག་བསྒྱུར་བཀོད་བྱས་ནས་རྒན་པ་རྣམས་ཀྱི་ཚེ་མཇུག་བདེ་རོལ་ཡོང་བར་རོགས་རམ་བྱས།
རྨང་གཞི་སྲ་བརྟན་དུ་བཏང་ནས་རྒན་གསོའི་འགན་སྲུང་གི“བདེ་སྐྱིད་དྲ་བ”དམ་ཟབ་ཏུ་བཏང་། རིམ་རྩིས་བྱས་ན་སྒོར་ཁྲི3200ལྷག་ཙམ་བཏང་ནས་རྫོང་དང་ཡུལ་ཚོ། སྡེ་བ་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་དང་། རྒན་གསོའི་ཞབས་ཞུའི་སྒྲིག་གཞི་སྒྲིག་བཀོད15བསྐྲུན་པ་དང་འབྲེལ་གཉེར་སྐྱོང་བྱས་པ་དེའི་ནང་རྫོང་རིམ་པའི་རྒན་གསོའི་ལས་ཁུངས1དང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད7དང་། རྒན་པར་ཟ་མ་རོགས་རམ་བྱ་ཡུལ7བཅས་ཡོད། 2025ལོར་རྒན་པར་ཟ་མ་རོགས་རམ་བྱ་ཡུལ3གསར་དུ་རེ་ཞུ་བྱས་ཏེ་རྫོང་ཡོངས་ཀྱི་རྒན་གསོའི་ཉལ་ཁྲི་བསྡོམས་འབོར136ཟིན་པས། སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་སོགས་ཞབས་ཞུའི་རིགས་སྣ་ཚོགས་ཁྱབ་ཚད100%མངོན་འགྱུར་བྱུང་ཡོད། མིག་སྔའི་བར། དམིགས་བསལ་དབུལ་སྐྱོར་མི་སྣ176ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི121.77བཏང་བ་དང་། རྒན་པ2023ལ་ལོ་ན་མཐོ་བའི་ཁ་གསབ་སྒོར་ཁྲི115.2བཏང་། དཀའ་ངལ་ཡོད་པའི་རྒན་པ980ལ་བསམ་ཡུལ་ལས་འདས་པའི་འགན་སྲུང་སྒོར་ཁྲི2.94ཡིས་ཉོས། སྤྱི་ཚོགས་ཀྱི་བརྩེ་སེམས་ཁེ་ལས་ཀྱི་འཚོ་བའི་དངོས་ཟོག་སྒོར་ཁྲི4.86བརྩོན་ལེན་བྱས་ཏེ་ཕྱོགས་ཡོངས་ནས་རྒན་པའི་འཚོ་བ་ལ་སྲུང་སྐྱོབ་བྱས་ཡོད།