网站无障碍
  རི་མོ་བ་ཤེས་རབ་ཀྱི་ངོ་སྤྲོད་མདོར་བསྡུས།
发布时间:2025年12月18日 消息来源:

                                  རྩོམ་སྒྲིག ཚེ་གཟུངས། ཡོང་ཁུངས། མཚོ་སྔོན་པོ་རྩོམ་རིག་སྒྱུར་རྩལ། 
                   རི་མོ་བ་ཤེས་རབ་ཀྱི་ངོ་སྤྲོད་མདོར་བསྡུས།


   སྤྱི་ལོ་༡༩༨༩ལོར་མཚོ་སྔོན་པོའི་འགྲམ་གྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱི་མི་ཡིན། ད་ལྟ་ཆེད་ལས་རང་བཞིན་གྱི་རི་མོ་བ་ཡིན། མཚོ་སྔོན་ཞིང་ཆེན་རི་མོ་བའི་མཐུན་ཚོགས་ཀྱི་ཚོགས་མི་དང་བོད་ལྗོངས་རི་མོ་བའི་མཐུན་ཚོགས་ཀྱི་ཚོགས་མི། ནུབ་རྒྱུད་ལན་ཐིང་ཡིག་གཟུགས་དང་རི་མོའི་སློབ་གླིང་གི་ཡོན་ཧྲི། ཀྲུང་གོའི་ཡིག་འབྲི་བ་གྲགས་ཅན་གྱི་མཐུན་ཚོགས་མཚོ་སྔོན་ཡན་ལག་ཚོགས་པའི་ལས་འཛིན་པ་བཅས་ཀྱི་འགན་ཁུར་ཡོད། ཁོ་རང་སྣུམ་ཚོན་རི་མོ་དང་ཐང་ག རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་འབྲི་བ་ལ་འཇོན། ལྷག་པར་དུ་ཁོའི་སྣུམ་ཚོན་རི་མོའི་བརྩམས་ཆོས་འབྲོག་ཁྱི་ཞེས་པ་ཞིང་ཆེན་ཕྱི་ནང་གི་རི་མོའི་འགྲེམ་སྟོན་གང་མང་སྟེང་དུ་བྱ་དགའ་གང་མང་ཐོབ།  ད་དུང་སྣུམ་ཚོན་རི་མོ་འབྲོང་དང་འབྲོག་ཁྱི་གཉིས་ལ་རྒྱལ་ཡོངས་ཞིང་ཆེན་སོ་སོ་ནས་ཀྱང་བྱ་དགའ་བཞི་བཅུ་ལྷག་ཐོབ། 




  ཆུང་དུས་ནས་འབྲོག་ཁུལ་དུ་འཚོ་བ་རོལ་བས་འབྲོག་གི་འཚོ་བས་ཁོའི་རི་མོ་གསར་རྩོམ་ལ་ས་བོན་མང་དུ་བཏབ། དཔེར་ན་ཁོའི་སྣུམ་ཚོན་རི་མོའི་བརྩམས་ཆོས་འབྲོག་ཁྱི་དང་འབྲོང་ལྟ་བུར་མཚོན་ན་འབྲོག་པའི་འཚོ་བར་ཆ་རྒྱུས་གང་ཡང་མེད་པའི་མི་ཞིག་གིས་བལྟས་པ་ཙམ་གྱིས་ཀྱང་བདག་པོར་བློ་དཀར་ཞིང་ཕྱི་ཐག་རིང་བའི་འབྲོག་ཁྱིའི་ངང་རྒྱུད་དང་རང་དབང་གིས་རྒྱུ་བའི་འབྲོང་གི་རང་རྩིས་བཅས་ཀྱི་མཁའ་དབུགས་དེ་རི་མོ་ལས་མི་སེམས་ལ་འཕྲོ་བར་བྱེད་པ་ནི་རི་མོའི་སྒྱུ་རྩལ་གྱི་ཁྱད་ཆོས་སོ།།  ཁོའི་རི་མོའི་བརྩམས་ཆོས་དག་ལ་ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་ཡིག་གཟུགས་དང་རི་མོ་ལ་དགའ་བོ་བྱེད་མཁན་ཚོས་དགའ་བསུ་ཆེན་པོ་དང་ཉར་ཚགས་བྱེད་ཀྱིན་ཡོད་དོ།།