རྐང་ཚ་རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་སོ་བཞི་བསྡུས།
རྩོམསྒྲིག ཚེ་གཟུངས། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། གཙོ་སྒྲིག་པ། མགོན་པོ་རབ་བརྟན།བཤེར་འབེབས།ཚེ་བརྟན་བཀྲ་ཤིས། ཟླ12པའི་ཚེས16ཉིན། རྐང་ཚ་རྫོང་གི་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་སོ་བཞི་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝུན་ཞོན་དང་ཁོ་ཚེ་བློ་བཟང་བཟོད་པ་རྒྱ་མཚོ་དེ་བཞིན་ཨུ་ཡོན་བཅས་ཁྱོན་མི10ཚོགས་འདུར་ཞུགས་པ་དེ་ཁྲིམས་བཅད་མི་གྲངས་དང་མཐུན་པ་དང་།ཝུན་ཞོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཚོགས་འདུར་རྫོང་མི་དམངས་སྲིད་གཞུང་གི་རྐང་ཚ་རྫོང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་རྩ་གནད་སྒྲིག་བཅད་འཕེལ་རིམ་གནས་ཚུལ་སྐོར་གྱི་སྙན་ཞུ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། རྫོང་མི་དམངས་སྲིད་གཞུང་གི་མཛེས་སྡུག་ལྡན་པའི་གྲོང་ གསེབ་འཛུགས་སྐྲུན་བྱས་ཚུལ་གྲོས་ཞིབ་བསམ་འཆར་ལས་སྒྲུབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་གི་དམངས་ཆེན་སྐབས་བཅུ་བདུན་པའི་ཚོགས་འདུ་ཐེངས་ལྔ་པའི་འཐུས་མིའི་བསམ་འཆར་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས་པ་དང་། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་དང་རྫོང་རྩིས་བཤེར་ཅུའི་ཅུ་ཀྲང་གི་ལས་འགན་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་།《རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་ལས་དོན་སྤྱི་བསྡོམས་དང2026ལོའི་ལས་དོན་གཙོ་གནད》(བསམ་འཆར་བསྡུ་ལེན)ཉན་པ་དང་གྲོས་བསྡུར་བྱས། ཚོགས་འདུར་འབྲེལ་ཡོད་མི་དོན་འགན་འཐེན་དོན་ཚན་བརྡས་གཅོད་གྲོས་འཆམ་ བྱུང་། ཚོགས་འདུར《ཞིང་སྡེ་གཞུང་ལམ་གྱི་སྲོལ་ཡིག》གཅིག་བསྡུས་སློབ་སྦྱོང་བྱས། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་དང་པོའི་དཔྱད་ཞིབ་པ་ཀྲིག་ཡུག་ཆོན་དང་རྫོང་ཨུའི་རྒྱུན་ཨུ།རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲིན་ཝུན་ཅྰ།རྫོང་མི་དམངས་ཁྲིམས་ཁང་གི་མགོ་གཙོ་ཝང་ཡན་ཧུང་།རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྫོང་མི་དམངས་ཞིབ་དཔྱོད་ཁང་།རྫོང་དམངས་ཆེན་ལྟ་ཞིབ་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་།འོམ་ཆུ་གྲོང་རྡལ་དམངས་ཆེན།མཚོ་འཁྱིལ་ཡུལ་ཚོ་དམངས་ཆེན་བཅས་ཀྱི་འགན་འཁུར་བ་དང་།དེ་བཞིན་རྫོང་འཕེལ་རྒྱས་བཅོས་བསྒྱུར་བཟོ་ལས་ཆ་འཕྲིན་ཅན་དང་ཚོང་དོན་ཅུ་དང་།རྫོང་སྡོད་ཁང་གྲོང་ཡུལ་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་།རྫོང་རིམ་པའི་ཞིང་འབྲོག་མང་ཚོགས་ཀྱི་དམངས་ཆེན་འཐུས་མི་ཁག་ཅིག་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད། 