网站无障碍
རྐང་ཚས་རྒྱུད་བཟང་ནང་འདྲེན་བྱས་པས་དམངས་ལ་ཕན། ནོར་གནག་ཐོན་ལས་འཕེལ་བར་གཞོགས་འདེགས་བྱས།
发布时间:2025年12月22日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནསབཤེར་འབེབས། ཚེ་བརྟན་བཀྲ་ཤིས།

       ད་ལོ་ནས་བཟུང་རྐང་ཚ་རྫོང་གིསདམངས་ལ་ཞབས་འདེགས་དང་། ཞིང་ལས་ཡོང་འབབ་འཕར་སྣོནགཞི་རྩའི་དམིགས་འབེན་དུ་བཟུང་སྟེ།མཚོ་སྔོན་ཞིང་ཆེན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་འཛུགས་སྐྲུནབཀོད་སྒྲིག་དམ་པོར་ཟུང་འབྲེལ་བྱ་རྒྱུ་དང་། ནོར་གནག་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་དང་རོང་འབྲོག་པའི་ཁེ་ཕན་འགན་སྲུང་བྱ་རྒྱུའི་གནད་འགག་ཏུ་བཟུངནསརྒྱུད་བཟངནོར་གནགགིཕྱུགས་རིགས་སྐྱེལ་འདྲེན་བྱེད་པའི་ལས་བགོ་སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་པ་དང་།རྒྱུད་བཟང་ཕྱུགས་རིགས་ལ་བརྟེན་ནས་རོང་འབྲོག་པའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ནས་རོང་འབྲོག་པའི་ཕྱུགས་ལས་ཐོན་ལས་རིམ་སྤོར་ཁྲོད་དངོས་ཡོད་ཀྱི་ཁེ་ཕན་ཐོབ་ཏུ་བཅུག

     སྤུས་ལེགས་དྲངས་བས་དམངས་ཚིས་ཕན་པ་བསྒྲུབས། གསོ་སྤེལ་དཀའ་གནད་རྙིང་བ་ཐག་གཅོད་བྱས། མང་ཚོགས་ཀྱི་གསོ་སྤེལ་དགོས་མཁོ་དངོས་ལ་གཞི་རྩའི་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ5ཡི་གསོ་སྤེལ་འཕེལ་རྒྱས་ཀྱི་དཀའ་གནད་གནད་འཁེལ་སྦྲེལ་མཐུད་བྱས་ཏེ།ཡུལ་ཤུལ་ཆུ་དམར་ལེབ་རྫོང་གི་ཚད་ལྡན་ཅན་གྱི་རྒྱུད་བཟང་ཕྱུགས་ཁྱུ་ནསརྒྱུད་བཟང་ནོར་གནག་ཆགས་གཡག75ནང་འདྲེན་བྱས།ཆགས་གཡག་དེ་དག་གི་གཟུགས་སྟོབས་ཆེ་ཞིང་ནོར་རྒྱུད་ལེགས་པས་ཆེད་ལས་ལས་ཁུངས་ཀྱི་རིམས་ནད་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུདརིམས་ནད་ཀྱི་ཉེན་ཁ་གཞི་ནས་གཏན་འགོག་བྱས་ཏེ།རང་རྫོང་གི་སྲོལ་རྒྱུན་གྱི་རྒྱུད་བཟང་གསོ་སྤེལ་རིགས་རྒྱུད་ཞན་འགྱུར་དང་། སྐྱེ་འཕེལ་ཚད་དམའ་བ།ཤ་དང་འོ་མའི་སྤུས་ཚད་ཞན་པ་བཅས་ཀྱི་དཀའ་གནད་ནུས་ལྡན་སྒོས་ཐག་གཅོད་བྱས་པ་མ་ཟད།རོང་འབྲོག་པས་རྒྱུད་བཟང་ཕྱུགས་རིགསཇེ་ལེགས་སུ་བཏང་བ་དང་གསོ་སྤེལ་ཕན་འབྲས་ཆེ་རུ་གཏོང་བར་གཞོགས་འདེགས་མཁོ་འདོན་བྱསཡུལ་ཚོ་དང་གྲོང་རྡལ5ཡི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ཁྱིམ་ཚང67ལ་རྒྱུད་བཟང་ཕྱུགས་རིགས་ཀྱི་དགོས་མཁོ་དང་གནད་ལ་འཁེལ་བའི་སྒོ་ནས་མཐུན་རྐྱེན་བསྐྲུན་པ་ཡིན། 

    བགོ་བཤའ་དྲང་གཞག་བྱས་ནས་ཁེ་དབང་སྲུང་། དམངས་ལ་ཕན་པའི་རྩིས་སྤྲོད་ཞིབ་ཕྲ་བྱས། གཟབ་ནན་སྒོས་དྲང་བདེན་དྲང་གཞག་གིས་ཡོངས་བསྒྲགས་བྱེད་པའི་རྩ་དོན་བརྩི་སྲུང་བྱས་པ་དང་།  བགོ་བཤའ་བྱེད་སྐབས་བརྒྱུད་རིམ་ཧྲིལ་པོར་རྒྱན་འཕེན་པའི་བྱ་ཐབས་སྤྱད་དེ་ཆགས་གཡག་བགོས་་མངོན་གསལ་ཡིན་ལ། གསོ་སྤེལ་ཁྱིམ་ཚང་གི་འཐུས་མི་གདན་འདྲེན་ཞུས་ནས་ཡུལ་དངོས་སུ་ལྟ་སྐུལ་བྱས་ཏེ་ཐེ་གཏོགས་བྱས་པ་དང་།གཞི་ཁྱོན་ལྡན་པའི་གསོ་སྤེལ་ཁྱིམ་ཚང67གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱས། རྩིས་སྤྲོད་བྱེད་པའི་ཡུལ་དངོས་ལ་གོ་རིམ་ལྡན་པ་དང་།ས་དོན་མི་སྣས་ལས་བགོས་མཉམ་ལས་བྱས་ཏེལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་ཚོད་འཛིན་གྱི་བླང་བྱ་ནན་མོ་བཏོན་པ་དང་།རྣལུང་རེ་རེ་ཞིབ་བསྡུར་བྱས་ཏེ་གསོ་སྤེལ་ཁྱིམ་ཚང་གི་གནས་ཚུལ་ཐོ་འགོད་བྱས་པ་དང་། “ནོར་རེ་ལ་ཡིག་ཚགས་གཅིག”བཟོས་པ་མ་ཟད། ཕྱུགས་དང་བདག་པོ་གཉིས་ཀ་ལྷན་དུ་འདྲ་པར་བླངས་ནས་ཡིག་ཚགས་སུ་བཟོས་པས་གོ་རིམ་ཧྲིལ་བོར་ཁས་ལེན་ཐོབ་པར་བྱས།

    མ་དཔེ་གཏིང་ཟབ་བཏང་ནས་སྦྲེལ་མཐུད་བྱས། རྒྱུད་བཟང་ཕྱུགས་ཀྱིསདམངས་ཀྱི་ཡོང་འབབ་བསྣན། ཐེངས་འདིའི་རྒྱུད་བཟང་ཕྱུགས་རིགས་སྤེལ་བའི་ལམ་བུར་བསྐྱོད་པ་འདིས་རྒྱུད་བཟང་གསོ་སྤེལ་གྱི་ཐོན་སྐྱེད་ནུས་པ་དང་ཐོན་རྫས་ཀྱི་རིན་ཐང་མཐོ་རུ་བཏང་ཡོད་པར་མ་ཟད།རོང་འབྲོག་པའི་གསོ་སྤེལ་ཧུར་བརྩོན་རང་བཞིན་ལ་སྔར་ལས་སྐུལ་སློང་དང་།གསོ་སྤེལ་ལས་རིགས་ཚད་ལྡན་ཅན་དང་།སྤུས་ལེགས་ཅན། གཞི་ཁྱོན་ཅན་བཅས་སུ་བསྒྱུར་ར་སྐུལ་འདེད་བཏང་སྟེརོང་འབྲོག་པའི་ཡོང་འབབ་བརྟན་བརླིང་འཕར་སྣོན་འབྱུང་བའི་སྐབས་གླེགས་དང་བསྟུན་ནས མཚན་སྙན་འབར་བའི་ཁེ་ལས+ཉམ་ལས་ཁང་+གསོ་སྤེལ་ཁྱིམ་ཚངཕེལ་རྒྱས་ཀྱི་རྣམ་པ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་།ཕྱུགས་རིགས་ཉོ་ཚོང་ལྟེ་གནས་དང་མཛོད་ཉར་རྟེན་གཞི་འཛུགས་སྐྲུན་སྦྲེལ་མཐུད་བྱས་ཏེ།ཞིང་ཕྱུགས་ཐོན་རྫས་ལས་སྣོན་འབྲེལ་ཐག་སྣུར་སྲིང་བྱས་ཏེ། རྐང་ཚ་མཚོ་སྔོན་པོ་ནོག་ལུགགི་སྤུས་ལེགས་ཐོན་རྫས་མུ་མཐུད་དུ་མཐོ་རུ་གཏོང་བར་རོགས་རམ་བྱས་ཏེ། ཞིང་ཆེན་གཞན་ལ་བསྐྱོད་པའིཐབས་ལམ་རྒྱ་སྐྱེད་གཏོང་དགོས།