རྐང་ཚས་སྐྱེ་ཁམས་སྐྱེ་ལྡན་ཞིང་ཕྱུགས་གཏིང་ཟབ་ཏུ་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་རོགས་འདེགས་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཞིང་ཕྱུགས་ལས་ཕན་འབྲས་ཆེ་རུ་གཏོང་བ་དང་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་བྱེད་པར་དམིགས་འབེན་དུ་བཟུང་ནས“སྤུས་ཚད་མཐོ་རུ་གཏོང་བ་དང་། སྦྲེལ་ཐག་ཁ་གསབ་བྱེད་པ། སྐྱེལ་འདྲེན་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ཐབས་ལམ་སྤྱད་དེ། ཞིང་ཕྱུགས་ལས“འགྱུར་ལྔ”སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། སྲིད་ཇུས་རོགས་སྐྱོར་དང་།ཚན་རིག་དང་མཐུན་པའི་གསོ་སྤེལ།ཐོན་རྫས་ཞིབ་སྤེལ། ཁྲོམ་རའི་ཕྱིར་འཚོང་སོགས་ཀྱི་ཐད་ལ་འབད་བརྩོན་ཧུར་ཐག་སྒོས་ཐོལ་བརྒལ་ཡོང་ཐབས་བྱས་ཏེ། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ལ་“མགྱོགས་མྱུར”གཏོང་བ་དང་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་བཏང་།

དམངས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་པ།《རྐང་ཚ་རྫོང་ནོར་སྲིད་ཁེ་ལས་རོགས་སྒྲུབ་གནད་སེལ་དང་ཁྲོམ་ར་འཕེལ་རྒྱས་རོགས་འདེགས་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས》《རྐང་ཚ་རྫོང་རྫོང་ཁོངས་ཕྱི་འགྲིམ་སྐམས་ལུག་ཤ་ཐད་འཚོང་ཁང་(ཐད་གཉེར་ཁང་)བཙུགས་པའི་ཁ་གསབ་དང་བྱ་དགའ་སྤྲོད་ཐབས(ཚོད་སྤེལ)》དང་《རྐང་ཚ་རྫོང་གིས་སྐམས་ལུག་ཤ་བཤས་གཏོང་སྐུལ་འདེད་གཏོང་བའི་བྱ་དགའ་སྤྲོད་ཐབས(ཚོད་སྤེལ)》སོགས་སྲིད་ཇུས་ཡིག་ཆ་གཏན་འབེབས་བྱས་ཏེ།རྫོང་རིམ་པའི་མ་དངུལ་སྒོར་ཁྲི2000ལྷག་ཙམ་གཅིག་གྱུར་གྱིས་ཁེ་ལས་རྒྱ་ཆེར་གཏོང་བ་དང་། ནོར་ལུག་ཕྱིར་འཚོང་།གཟན་ཆས་ཁ་གསབ་དང་། ཚོང་ལས་གསར་གཉེར་སྐྱོང་གསོ་སྐྱོང་སོགས་ཀྱི་ཐད་ལ་སྤྱད་དེ་ལམ་ལུགས་དང་མ་དངུལ་ལ་བརྟེན་ནས་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱས།

ཕྱུགས་རིགས་ཉོ་ཚོང་གི་ཁྲོམ་ར་ཆེན་པོ་བཏོད། སྒོར་ཁྲི2000བཏང་ནས་ཕྱུགས་རིགས་ཉོ་ཚོང་དང་། རིམས་ནད་ལྟ་ཞིབ་ཚད་ལེན། ནོར་ལུག་སྐྱེལ་འདྲེན། གཟན་ཆས་ཕྱིར་འཚོང་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཉོ་ཚོང་ཁྲོམ་ར་བསྐྲུན་ནས་རྫོང་ཡོངས་ཀྱི་ཕྱུགས་ལས་ལ“ཕྱུགས་ཟོག་ཡོད་ཀྱང་ཁྲོམ་ར་མེད། ཁྲོམ་ར་ཡོད་ཀྱང་ཕྱུགས་ར་མེད”པའི་ཞན་ཆ་ཁ་གསབ་བྱས་ཏེ། རྫོང་ཡོངས་ཀྱི་གསོ་སྤེལ་ཁྱིམ་ཚང་དང་ཕྱོགས་འགྲུལ་ཚོང་བ་གཅིག་བསྡུས་དང་ཚད་ལྡན་གྱི་ཉོ་ཚོང་བྱ་ཡུལ་མཁོ་འདོན་བྱས་ཏེ། འཁོར་རྒྱུག་ཉུང་བ་དང་། འཁོར་རྒྱུག་གི་མ་གནས་དམའ་བ། ཁྲོམ་རའི་གནས་ཚུལ་གསར་ཤོས་མཁོ་འདོན་བྱེད་པ། ཐོན་རྫས་འཁོར་རྒྱུག་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་གསོ་སྤེལ་དང་ཉོ་ཚོང་གི་ཡོང་འབབ་ཆེ་རུ་གཏོང་བར་རོགས་འདེགས་བྱ་རྒྱུ་དང་། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བཏང་།
ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རབ་དང་རིམ་པ་ཞིབ་འཇུག་གསར་སྤེལ་བྱེད་པ། ཚན་རྩལ་ལྡན་པའི་གྲོང་གསེབ་དར་སྤེལ་གཏོང་བའི་ནུས་པ་དེ་ཐོན་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་དམིགས་ཏེ། ལོ་རེ་རྫོང་རིམ་པའི་ཞིང་ཕྱུགས་ཐོན་རྫས་ཞིབ་འཇུག་གསར་སྤེལ་གྲོན་དངུལ་སྒོར་ཁྲི500བཏང་ནས། ཚན་རིག་ཞིབ་འཇུག་ཁང་དང་། ཚན་རྩལ་རྣམ་པའི་ཁེ་ལས་དང་མཉམ་ལས་སྤེལ་རེས་ལ་རང་འགུལ་ངང་ཤུགས་བསྣན་ནས་ལྕ་རྒོད་ལུག་ཤའི་ཁུ་ཐང་དང་།མོའུ་སྤྱིན་སྤྲི་གོར། གློ་སྙིང་མཆིན་པའི་འགུལ་སྐྱོད་འཚོ་བཅུད་ཐིད་གཤེར་སོགས་ཀྱི་ཐོན་རྫས་གསར་བའི་རིགས10ལྷག་ཙམ་དང་། དེ་བཞིན་ནོར་ལུག་གི་སྤུས་རྫས་ཁ་གསབ་རྒྱུ་ཆ་སོགས་རབ་དང་རིམ་པ3དང་རིགས19ཞིབ་འཇུག་གསར་སྤེལ་བྱས་ཏེ། ནོར་ལུག་གི་ཀོ་ལྤགས་ནས་ནང་ཁྲོལ་བར་གྱི་རིན་འཕར་བེད་སྤྱོད་མངོན་འགྱུར་བྱུང་བར་མ་ཟད། ཞིང་ཆེན་ནང་ཁུལ་དང་རྒྱལ་ཡོངས་སུ་བཀྲམ་པའི་ཚོང་ལམ་ཞིག་བཏོད་ཡོད།

དྲིལ་བསྒྲགས་དང་འོས་སྦྱོར་བྱེད་སྒོ་རབ་དང་རིམ་པ་སྤེལ།“སྒོ་ཕྱེ་ནས་དུས་ཆེན་དང་ཚོགས་འདུ་གཉེར་བ”དང“ཕྱི་རོལ་དུ་འགྲེམས་སྤེལ”བྱེད་པ་སོགས་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཆེད་གཉེར་འཛིན་གྲྭ5བཙུགས་ནས་པེ་ཅིང་དང་ཧྲང་ཧེ་སོགས་ཞིང་ཆེན་དང་གྲོང་ཁྱེར་དྲུག་ཏུ་དྲིལ་བསྒྲགས་དང་བྲིན་ཚོང་བྱེད་པར་བསྐྱོད་པ་དང་། ཞིང་ཕྱུགས་ཐོན་རྫས་དང་དགུན་དུས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ། དགུན་ཤའི་དུས་སྟོན་སོགས་ཀྱི་བྱེད་སྒོ་དུས་མཉམ་དུ་སྤེལ་ཞིང་། ཕྱིར་ཚོང་གན་རྒྱ་དང་གྲོས་མཐུན29བཞག་པ་དང་། མ་དངུལ་སྒོར་དུང་ཕྱུར8.9ཟིན་ཡོད། ལྷག་པར་དུ་ཆིན་ཧོའུ་ཞིང་ཕྱུགས་ཀུང་སི་དང་པེ་ཅིང་ཐེན་ཡོ་ཁྲིན་ཞིན་ཚོང་དོན་ཀུང་སི་དབར་ལ་སྒོར་དུང་ཕྱུར1.6གི་འབྲོག་ལུག་ཁྲི18ཉོ་སྒྲུབ་བྱེད་པའི་མངགས་ཐོ་བཞག་ཡོད་པས། དེའི་རྐང་ཚའི་འབྲོག་ལུག་པེ་ཅིང་ལ་དངོས་སུ་ཕྱིར་ཚོང་བྱེད་པ་མཚོན་ཡོད།
ས་ཁོངས་གཅིག་གི་རྩྭ་ཐང་གི་སྐྱེ་ལྡན་ཡོངས་སུ་དཔང་དངོས་ར་སྤྲོད་ཐོབ་པ་མངོན་འགྱུར་བྱུང་། སྐྱེ་ཁམས་སྔོན་སྲུང་བྱེད་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་མཐའ་འཁྱོངས་བྱས་ནས། དབྱར་དགུན་སའི་རྩྭ་ས་རེས་འཁོར་དང་རྩྭ་ཕྱུགས་དོ་མཉམ་གྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ་རྩྭ་ས་རེས་འཁོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཕྱུགས་ར་འཛུགས་སྐྲུན་བྱས་ནས་ཞིབ་ཚགས་དང་ཕན་ནུས་ཆེ་ཞིང་། ཚད་གཞི་དང་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྤེལ་ལ་སྐུལ་འདེད་བཏང་ཞིང་། སྐྱེ་ཁམས་ཕྱུགས་ར24ལ་རིགས་བགར་ནས་ངོས་འཛིན་བྱས་པ་དང་། “ཐོན་རྫས་གསུམ་དང་ཚད་གཞི་གཅིག”གི་ཐོན་རྫས36དཔང་དངོས་ར་སྤྲོད་ཐོབ་པ་དང་ཕན་འབྲས་ཐོན་ཡོད་པར་མ་ཟད།རྒྱལ་ཁབ་དཔང་དངོས་ར་སྤྲོད་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལས་ཁུངསCOFCCཡིས་སྤྲད་པའི《སྐྱེ་ལྡན་ཐོན་རྫས་དཔང་ཡིག》བསྟུན་མར་ལོ་བརྒྱད་ལ་ཐོབ་པས། སྐྱེ་ལྡན་ཕྱུགས་རའི་ཁྱབ་ཁོངས་ཀྱི་དཔང་དངོས་ར་སྤྲོད་ཐོབ་པ་མངོན་འགྱུར་བྱུང་སྟེ། སྐྱེ་ཁམས་མཛའ་མཐུན་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་མ་ལག་སྔར་ལས་འཐུས་ཚང་དུ་ཕྱིན་ཡོད།