网站无障碍
མཚོ་བྱང་རྐང་ཚས་གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་དུང་ཕྱུར6.45མངོན་འགྱུར་བྱུང་ཡོད། 
发布时间:2025年12月30日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

     མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཞིང་ཆེན་ཡོངས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ས་ཚིགས་མཚོ་སྔོན་པོ་དཔེ་སྟོན་ཁུལ་སྐྲུན་པའི་འཐབ་ཇུས་བཀོད་སྒྲིག་གཏན་འཁེལ་བྱས་ཏེ།ཞིང་ཆེན་ཡོངས་ཀྱིལྟེ་གཅིགགདུབ་གཅིག་རྒྱུད་མང་གི་གནས་སྐོར་རྣམ་པ་ཧུར་ཐག་སྒོས་མཉམ་འདྲེས་བྱས་པ་དང་རང་བྱུང་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེལོ་ཧྲིལ་བོར་གནས་སྐོར་བ་མི་ཐེངས་ཁྲི187.25སྣེ་ལེན་བྱས་ཤིང།གནས་སྐོར་ཀྱི་ཕྱོགས་བསྡུས་ཡོང་འབབ་དུང་ཕྱུར6.45མངོན་འགྱུར་བྱུང་ཡོད། དེ་མཚུངས་སུ25.82%དང་24.18%སོ་སོར་འཕར་ཡོད། 

        རྐང་ཚ་རྫོང་གིས་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཁོར་ཡུག་བཅོས་སྐྱོང་དང་ཞབས་ཞུ་མཐོར་འདེགས་གཏོང་བའིཆེད་དོན་བྱ་སྤྱོད་སོགས་སྲ་གནད་བྱེད་ཐབས་ཁག་བརྒྱད་གསར་སྐྲུན་བྱས་པ་རེད།ཞིང་ལས་ལུས་རྩལ་རིག་གནས་གནས་སྐོར་ཚོང་དོན”མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་གཏིང་ཟབ་ཏུ་བཏང་སྟེ།ཞིང་ལས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་།ལུས་རྩལ་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ། རིག་གནས་འགྲེམས་སྟོན་གྱི་སྣང་བརྙན།གནས་སྐོར་གྱི་མི་ཚོགས།ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྟར།མཚོ་སྐོར་འགྲན་བསྡུརདང་དའ་འཕེན་འགྲན་བསྡུར”“སྙན་ངག་དུས་སྟོནསོགས་རྒྱལ་སྤྱིའི་འགྲན་བསྡུར་དང་སྐྱེ་ཁམས་མྱོང་རོལ་ཀྱི་བརྗོད་དོན་བྱེད་སྒོ་སྤེལ།མཚན་ཁྲོམ་དང་།གངས་རོམ།རྒྱལ་གཅེས།ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་དཔལ་འབྱོར་གྱི་ཁེ་ལས་རྣམ་པ་གསར་བ་འཚོལ་ཞིབ་དང་གསོ་སྐྱོང་བྱས། 

        ས་ཞིང་འཁོར་སྐྱོད་དང་མཉམ་ལས་ཚོང་གཉེར།ལས་ཞུགས་བསྡུ་ལེན་སོགས་སྣ་མང་ཅན་གྱི་བྱེད་ཐབས་གསར་གཏོད་དང་ཁྱབ་གདལ་དུ་བཏང་སྟེ།ས་གནས་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་རྐང་འཛུགས་པར་བྱེད་པ།རྐྱ་བཞོན་ཉམས་རོལ།བོད་ཟས་རོལ་བ།རང་འདེམས་ཤ་བསྲེག་སོགསཞིང་ལས་མཉམ་འབྲེལ་དང་ཞིང་བར་ཁྲིད་སྟོན་བྱེད་པའི་ལས་རྣམ་གསར་་གསོ་སྐྱོང་བྱས་ཏེམང་ཚོགས་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་ནང་གཏིང་ཟབ་ཞུགས་རྒྱུར་སྐུལ་ཁྲིད་བྱས།ད་ལོ་ཚུན་ནས་སྐྱེ་ཁམས་མཛེས་ལྗོངས་ཁུལ4ཡིས་ཐད་ཀར་ལས་ཞུགས་140ལྷག་ཙམ་བསྡུ་ལེན་བྱས་པ་དང་།མཐའ་འཁོར་གྱི་མི83ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་ཏེ། མང་ཚོགས1200ལྷག་ཙམ་ལ་ཕན་འབྲས་ཐོབརྫོང་ཡོངས་སུ་ལས་ཞུགས་དང་ལས་གཏོད་བྱེད་མཁན་མི1000ལྷག་ཙམ་གསར་སྣོན་བྱུང་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1ལྷག་ཙམ་འཕར་ནས་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ཁྲོད་མང་ཚོགས་ལ་ཕན་པ་ཐོན་ཡོད། 

རབ་མཛེས་རྐང་ཚ། (མཚོ་བྱང་ཁུལ་རྐང་ཚ་རྫོང་སྲིད་གཞུང་གཞུང་ལས་ཁང་གིས་མཁོ་སྤྲོད་བྱས་པའི་པར་རིས། )

ཁྱད་མཚར་བའི་རིག་གནས་གནས་སྐོར་བྱེད་སྒོ། (མཚོ་བྱང་ཁུལ་རྐང་ཚ་རྫོང་སྲིད་གཞུང་གཞུང་ལས་ཁང་གིས་མཁོ་སྤྲོད་བྱས་པའི་པར་རིས། )