རྐང་ཚས་གངས་ཁྲོད་དམངས་སྲོལ་རིག་གནས་གནས་སྐོར་གསོལ་སྟོན་གཟབ་རྒྱས་ཀྱི་ལོ་སར་བའི་བྱེད་སྒོ་སྤེལ་ཏེ་མཚོ་སྔོན་པོ་ཆབ་རོམ་གྱིས་བཀླུབས་པའི་ངོ་མཚར་ལྟད་མོ་ངོམ།
发布时间:2026年01月04日
消息来源:
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2025ལོའི་ཟླ12པའི་ཚེས31ཉིན་ནས་2026ལོའི་ཟླ1པོའི་ཚེས1ཉིན་བར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ལོ་སར་དུས་ཆེན་གྱི་སྐབས་གླེགས་དང་མཚོ་སྔོན་པོ་ཆབ་རོམ་གྱིས་བཀླུབས་པའི་ངོ་མཚར་ལྟད་མོར་བརྟེན་ནས་ཁྱད་ཆོས་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ། ཉིན་མོར་མཚོ་སྔོན་པོའི་འགྲམ་ངོགས་སུ་གསར་བརྗེའི་གླུ་དབྱངས་སྙན་པར་སྒྲོག་ཤིང་རྔ་སྒྲའི་ས་ཆེན་བཀང་བར་བྱས་པ་དང་།ཤུལ་བཞག་རིག་གནས་སྒ་སྲབ་ཀྱིས་སྤྲོས་པའི་རྟ་མཆོག་འགྲེམས་སྟོན་བྱས་ཏེ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ་དང་།གནས་སྐོར་བས་འཆར་ཀའི་ཉི་གཞོན་བསུས་ནས་ལོ་གསར་ལ་སྨོན་འདུན་ཞུས། མཚན་མོར་ལྷ་ཆབ་ཁུག་གི་འཁྱགས་རོམ་གྱིས་བཞེངས་པའི་དགུ་ཚིགས་ལ་གཟིགས་ཤིང་། མེ་ཕུང་གིས་སྦྱིན་པའི་དྲོད་ཁོལ་དང་ལྷན་དུ་ཀུན་གྱིས་སྙན་མོ་གཞས་ཀྱི་དབྱངས་རྟ་དང་བདེ་མོ་གར་གྱི་སྟངས་སྟབས་དང་བསྡོངས་ནས་གནམ་ལོ་གསར་བསུས། བྱེད་སྒོས་གངས་འཁྱགས་དང་། དམངས་སྲོལ། གསར་བརྗེའི་རིག་གནས། ལུས་རྩལ་བཅས་ལ་གསོན་ཤུགས་བསྐྲུན་རྒྱུ་མཉམ་འདྲེས་བྱས་ཏེ། མང་ཚོགས་ཀྱི་དུས་ཆེན་འཚོ་བ་ཕུན་སུམ་ཚོགས་པར་བཏང་བ་དང་། སྐྱེ་ཁམས་གནས་སྐོར་དང་དམངས་སྲོལ་རིག་གནས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རང་ས་གནས་ཀྱི་དགུན་དུས་རིག་གནས་གནས་སྐོར་གྱི་མཚན་སྙན་བསྐྲུན།






