网站无障碍
རྐང་ཚ་རྫོང་ལྷ་ཆབ་ཁུག་སྒར་གཞི་ས་ཚིགས་ལ་བདེ་བླག་ངང་ཞིང་ཆེན་རིམ་པའི་སྐར་རིམ་བཞི་བའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས་ཀྱི་མཚན་སྙན་ཐོ
发布时间:2026年01月06日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།



    ཉེ་ཆར་མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་གིས《ཞིང་ཆེན་ཡོངས་ཀྱི་སྐར་རིམ་ལྔ་བ་དང་སྐར་རིམ་བཞི་བའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས་ངོས་འཛིན་བྱེད་པའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་རིག་གནས་གནས་སྐོར་གཞུང་དོན་ཁང་(2025)ཨང295)ཁྱབ་བསྒྲགས་བྱས། ཁེ་ལས་ཀྱིས་རང་མོས་རེ་ཞུ་དང་།  རང་རེའི་ཅུས་ཀྱི་ཐོག་མའི་དཔྱད་འཇོག་འོས་སྦྱོར། ཁུལ་རིག་གནས་གནས་ཡུལ་སྐོར་ཅུས་ཀྱི་བསྐྱར་ཞིབ་དང་དེ་བཞིན་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་བསྡུར་གཏན་འབེབས་བཅས་བྱས་པ་བརྒྱུད། རྐང་ཚ་རྫོང་ལྷ་ཆབ་ཁུག་སྒར་གཞི་ས་ཚིགས《གྲོང་གསེབ་ཡུལ་སྐོར་ས་ཚིགས(སྣེ་ལེན་པ)སོགས་རིམ་པ་དབྱེ་བ་དང་དཔྱད་འཇོག》(DB63/T1677-2018)ཚད་གཞི་དང་མཐུན་པས་ཞིང་ཆེན་རིམ་པའི་སྐར་རིམ་བཞི་བའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས་ཀྱི་མཚན་སྙན་རྒྱལ་ཁའི་ངང་ཐོབ་པ་དང་། ཐེངས་འདིའི་མཚོ་བྱང་ཁུལ་སྔོན་ཐོན་གྱི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས་གཅིག་པུར་གྱུར་ཅིང་། རྐང་ཚའི་རིག་གནས་གནས་སྐོར་བྱ་གཞག་ཚད་མཐོའི་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཡང་བསྐྱར་བསྣན་ཡོད།


    ལྷ་ཆབ་ཁུག་སྒར་གཞི་ས་ཚིགས་ནི་རྐང་ཚ་རྫོང་གི་མཛེས་སྡུག་ལྡན་པའི་མཚོ་འགྲམ་དུ་གནས་ཤིང་། མཚོ་སྔོན་པོའི་བྱང་ངོགས་ཀྱི་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ལ་བརྟེན་ནས་སྐྱེ་ཁམས་གཟིགས་སྐོར་དང་། སྒར་སྡོད་མྱོང་རོལ། དམངས་སྲོལ་མཉམ་འགུལ། སྤྲོ་སྐྱིད་གུང་གསེང་བཅས་གཞི་གཅིག་ཅན་གྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་ཡུགནས་སྐོར་དམིགས་གནས་བསྐྲུན་ཡོད།
སྒར་གཞིས“སྐྱེ་ཁམས་དམིགས་བསལ་དང་རིག་གནས་གནས་སྐོར་མཉམ་འབྲེལ”གྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས། རིག་གནས་ཡང་སྙིང་སྔོག་འདོན་སོགས་ཀྱི་ཐད་མུ་མཐུད་ནུས་ཤུགས་བཏོན་ཏེ། གནས་སྐོར་བར་རང་བྱུང་ཁམས་ཀྱི་སྤྲོ་སྣང་དང་བདེ་སྐྱིད་ལྡན་པའི་མྱོང་ཚོར་གཉིས་ལྡན་གྱི་གནས་སྐོར་ཞབས་ཞུ་མཁོ་སྤྲོད་བྱས་ཏེ་ཁྲོམ་ར་དང་ལས་རིགས་གཉིས་ཀྱི་ཁས་ལེན་ཟུང་ཐོབ་པ་རེད།


    ཐེངས་འདིར་ཞིང་ཆེན་རིམ་པའི་སྐར་རིམ་བཞི་པའི་གྲོང་གསེབ་གནས་སྐོར་སྣེ་ལེན་བྱ་ཡུལ་ལ་གདེང་འཇོག་ཐོབ་པ་དེ་ལྷ་ཆབ་ཁུག་སྒར་རྟེན་གཞི་ས་ཚིགས་ཀྱི་ལས་གཉེར་གྲུབ་འབྲས་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་ལ། རྐང་ཚ་རྫོང་གི་གྲོང་གསེབ་གནས་སྐོར་འཕེལ་རྒྱས་ལ་གནང་བའི་སྐུལ་ལྕག་བླ་་ན་མེད་པ་ཞིག་ཀྱང་ཡིན།


     མ་འོངས་པར་རྐང་ཚ་རྫོང་གིས་གོ་སྐབས་འདིར་བསྟུན་ནས་གྲོང་གསེབ་གནས་སྐོར་ཚད་ལྡན་ཅན་དང་སྤུས་ཚད་ཅན།ཁྱད་ཆོས་ཅན་བཅས་ཀྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་།རིག་གནས་གནས་སྐོར་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་དང་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་པ།ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བཅས་བྱས་ཏེ་གྲོང་གསེབ་གནས་སྐོར་ཀྱི་སྤུས་རྟགས་དེ་བས་མང་བོ་བསྐྲུན་ནས“མཐོ་སྒང་མཚོ་ངོགས་བོད་མཁར”གྱི་གྲོང་གསེབ་གནས་སྐོར་མཚན་སྙན་སྔར་ལས་རྒྱས་པར་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་རྒྱས་དང་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་རྐང་ཚས་སྟོབས་ཤུགས་འབུལ་རྒྱུ་ཡིན།