网站无障碍
རྐང་ཚ་རྫོང་དགོ་དམར་ཚན་རྩལ་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞི་ལ་ཞིང་ཆེན་རིམ་པའི་སློབ་གྲྭ་ཆུང་འབྲིང་གི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིའི་མཚན་སྙན་ཐོབ།
发布时间:2026年01月07日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཉེ་ཆར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གཞུང་ལས་ཁང་གིསམཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི་ཁག་བཞི་བའི་མིང་ཐོ་ཁྱབ་བསྒྲགས་བྱས་པའི་སྐོར་གྱི་བརྡ་ཐོདངོས་སུ་འགྲེམས་དཔར་བྱས་པ་དང་།རྐང་ཚ་རྫོང་དགོ་དམར་ཚན་རྩལ་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞི་བདེ་བླག་ངང་བདམས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི་ཁག་བཞི་བར་གཏན་འཁེལ་བྱས་ཤིང་།ཐེངས་འདིར་ཞིང་ཆེན་ཡོངས་ཀྱི་ལས་ཁུངས5ལ་གཟི་བརྗིད་དཔང་ཡིག་ཐོབ།   

图片

       ཐེངས་འདིར་ཞིང་ཆེན་རིམ་པའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞི་ལ་མཚན་སྙན་ཐོབ་ནི།རྐང་ཚ་རྫོང་དགོ་དམར་ཚན་རྩལ་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱས་པའི་གྲུབ་འབྲས་དང་།ཚན་རིག་ཁྱབ་གདལ་སློབ་གསོའི་རིན་ཐང་དང་ཞིབ་འཇུག་སློབ་སྦྱོང་ཞབས་ཞུའི་ནུས་པ་བཅས་ཁས་ལེན་གང་ལེགས་བྱས་པ་ཡིན། རྟེན་གཞིའི་འདི་ཉིད་གོ་སྐབས་སུ་བརྩིས་ནས་ཞིབ་འཇུག་བསླབ་ཚན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོར་འདེགས།དགོ་དམར་སྲུང་སྐྱོབ་ཚན་རྩལ་ཁྱབ་གདལ་གྱི་ཁྱད་ལྡན་དགེ་མཚན་གང་ལེགས་འདོན་སྤེལ་བྱས་རྒྱུ་ཡིན།ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྤུས་ལེགས་ཀྱི་ཞིབ་འཇུག་སློབ་སྦྱོང་ལག་ལེན་གྱི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཏེ།ལོ་ཆུང་དར་མའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ཚན་རིག་འཚོལ་སྙེག་གི་ནུས་པ་མཐོ་རུ་གཏོང་པར་གཞོགས་འདེགས་བྱེད་པ་དང་།རྫོང་ཁོངས་ཀྱི་ཞིབ་འཇུག་སློབ་གསོ་ཚད་མཐོའི་འཕེལ་རྒྱས་དང་དང་སྐྱེ་ཁམས་སྲུང་སྐྱོབ་ཚན་རིག་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྔར་ལས་གང་ལེགས་འབུལ་རྒྱུ་ཡིན།