网站无障碍
མཚོ་བྱང་རྐང་ཚ་རྫོང་ཐུན་མོང་སྨན་བཅོས་སྒྲིག་གཞིའི་སྤྱི་ཁྱབ་སྨན་ཁང་གི་མཐོ་གནོན་དབྱང་དབུགས་ཁང་སྒོ་འབྱེད་འཁོར་སྐྱོད་བྱས
发布时间:2026年01月08日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

        ཉེ་སྔོན་མཚོ་བྱང་ཁུལ་རྐང་ཚ་རྫོང་ཐུན་མོང་སྨན་བཅོས་སྒྲིག་གཞིའི་སྤྱི་ཁྱབ་སྨན་ཁང་གི་མཐོ་གནོན་དབྱང་དབུགས་ཁང་དངོས་སུ་ནད་ཐོག་བཀོལ་སྤྱོད་བྱེད་གོ་ཚུགས་ནས་རྫོང་ཁོངས་སྨན་བཅོས་ཀྱི་སྟོང་ཆ་ཁ་བསྐངསཔས། རྐང་ཚ་རྫོང་གིས་ཁྲག་འགྲིབ་ང་རླུང་ཟད་རང་བཞིན་གྱི་ནད་རིགས་སྨན་བཅོས་ཁྱབ་ཁོངས་སུ“ཐོད་བརྒལ”བྱུང་བ་མཚོན་ཞིང་། རྫོང་ཁོངས་དང་ཉེ་འཁོར་མང་ཚོགས་ལ་སྒོ་འགྲམ་དུ་སྤུས་ལེགས་རླུང་གསོ་ཞབས་ཞུ་མཁོ་འདོན་བྱས་ཏེ། ནད་པར་ལག་རྩལ་འདིའི་རིགས་མཁོ་བ་ས་ཆ་གཞན་དུ་སྨན་བཅོས་བྱེད་པའི་དཀའ་གནད་ཐག་གཅོད་བྱས།

        མཐོ་གནོན་དབྱང་དབུགས་ཁང་སྒོ་འབྱེད་འཁོར་སྐྱོད་བྱས་རྗེས་རྫོང་ཐུན་མོང་སྨན་བཅོས་སྒྲིག་གཞིའི་སྤྱི་ཁྱབ་སྨན་ཁང་ཁོག་ནད་ཚན་ཁག་གི་འཇུ་བྱེད་རང་བཞིན་གྱི་བད་ཀན་སྨུག་པོའི་ནད་པཁྱད་ཆོས་ཅན་གྱི་སྨན་བཅོས་བྱས་པ་མ་ཟད། ནད་ཐོག་གི་ཕན་འབྲས་བཟང་པོ་ཐོབ། རྨ་ཁ་དང་སྨན་རྫས་མེད་པའི་དངོས་ལུགས་གསོ་བཅོས་བྱེད་ཐབས་ཤིག་ཡིན་པའི་ཆ་ནས། མཐོ་གནོན་རླུང་གསོ་བཅོས་ཀྱི་བཀོལ་སྤྱོད་ཁྱབ་ཁོངས་རྒྱ་ཆེ་བས། ལུས་ཕུང་གིརླུང་ཟད་པ་ལེགས་བཅོས་དང་ཁྲག་ནང་གི་དབྱང་རླུང་འདུས་ཚད་ཇེ་མཐོར་གཏོང་བ། ལུས་ཕུང་ཉམས་གསོ་དང་སླར་གསོ་བྱེད་པར་ཕན་ནུས་ཐོན་ཡོད་པ་དང་། དེར་འཚམ་པའི་ནད་རིགས་མང་ལ་ཁྱབ་རྒྱ་ཆེ་བ་སྟེ། དབྱང་གཅིག་ཐཱན་འགྱུར་གྱི་དུག་ཕོག་པ་དང་ཁྲག་འགྲིབ་དང་རླུང་འགྲིབ་རང་བཞིན་གྱི་ནད། གློ་བུར་དུ་འོན་པ། སྲེག་རྨས། ཕྱིད་པ། མིག་འགྲིབ། དོས་དྲག་དུག་ཕོག རླུང་ཤས་འདྲུལ་ནད། རླུང་ཤས་ཁྲག་འགག རྨས་སྐྱོན་ཚབས་ཆེན། བརྒྱལ་གཞུག་ཕུང་གྲུབ་རླུང་ཟད། གཅིན་སྙི་ནད་ཀྱིས་ཡན་ལག་ལ་གཉན་ཚད་རྒྱས་པ། སྙིང་ནད(སྙིང་གཟེར་དང་རླུང་གཟེར ཁྲག་འགག་རང་བཞིན་གྱི་རྩའི་གཉན་ཚད། འཕར་རྩ་སྲ་འགྱུར་རང་བཞིན་གྱིས་ཁྲག་འགག སྨུག་པོ་རྡོལ་བ། གཉིད་ཡེར་བ། དྲན་བརྗེད། རྨི་ལམ་འཁྲུག་པ། ཡིད་སྨུག་པ་སོགས་བདེ་ཐང་ཕལ་བའི་མི་ཚོགས་ལ་འབྲེལ་ཡོད་ནད་ཀྱི་བདེ་ཐང་གསོ་བཅོས་བཅས་ཚུད་ཡོད། 

        གཞན་ཡང་ཀླད་་རྨས་སྐྱོན་དང་ཀླད་གཟའ་སོགས་དབང་རྩའི་མ་ལག་ནད་བདེ་ཐང་གསོ་བཅོས་ཁྲོད།མཐོ་གནོན་རླུང་གསོ་བཅོས་ཀྱིས་ཀྱང་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ཐེངས་འདིར་སྤྱོད་གོ་ཚུགས་པའི་མཐོ་གནོན་དབྱང་དབུགས་ཁང་དུ་གནོན་ཤུགས་དང་དབྱང་གར་ཚད་གཉིས་གནད་ལ་འཁེལ་བའི་ལྟ་སྐུལ་ཚོད་འཛིན་དང་། འཕྲལ་སྡོམ་འབོད་བརྡ་དང་དུས་ཐོག་འབྲེལ་གཏུག་གླེང་མོལ་མ་ལག་བཅས་སྒྲིག་སྦྱོར་བྱས་ཡོད་པ་དང་། དབྱང་དབུགས་ཁང་དུ་སྐྱིད་སྣང་དོད་པའི་རྐུབ་སྟེགས་དང་། མཁའ་རླུང་སྙོམས་སྒྲིག རོལ་དབྱངས་གཏོང་བའི་སྒྲིག་ཆས་བཅས་བཀོད་སྒྲིག་བྱས་ཡོད་པས་དུས་མཉམ་དུ་མི4-6ཤོང་ལ་མཉམ་དུ་སྨན་བཅོས་བྱེད་ཐུབ་པས་སྨན་བཅོས་ཀྱི་ལས་ཕྱོད་དང་ནད་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་ཐུབ། སྨན་ཁང་གིས་ཆེད་ལས་སྨན་པ་དང་དབྱང་དབུགས་ཁང་བཀོད་སྒྲིག་བྱེད་པར་དཔང་རྟགསབཟུང་བའི་མི་སྣའི་སྨན་ཞབས་ཚོགས་པ་བཙུགས་ཏེ“དཔྱད་དཔོག་དང་། སྨན་བཅོས། བདེ་ཐང་ཡོང་བ་བཅས་ཀྱི་ཞབས་ཞུའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། 

        མཐོ་གནོན་དབྱང་དབུགས་ཁང་བེད་སྤྱོད་གཏོང་རྒྱུ་ནི་རྫོང་ཐུན་མོང་སྨན་བཅོས་སྒྲིག་གཞིའི་སྤྱི་ཁྱབ་སྨན་ཁང་གིས་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།སྨན་ཁང་གིས་མུ་མཐུད་དུ་ཞབས་ཞུའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་དང་། སྨན་ཞབས་མི་སྣའི་ཆེད་ལས་གསོ་སྦྱོང་ལ་ཤུགས་སྣོན། དལ་འཕར་ནད་བདེ་ཐང་དང་ས་གནས་ནད་པ་སྨན་བཅོས་སོགས་ཁྱབ་ཁོངས་སུ་མཐོ་གནོན་དབྱང་བཀོལ་སྤྱོད་རྒྱ་སྐྱེད་བཏང་སྟེ།སྔོན་ཐོན་སྨན་བཅོས་ལག་རྩལ་གྱིས་མང་ཚོགས་ལ་ཕན་པ་ཐོབ་པ་དང་རྫོང་ཁོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཚད་མཐོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད།