སྨན་བཅོས་འགན་བཅོལ་རྩིས་ཐོའི་ནང་གི་དངུལ་ནང་མིར་མཉམ་སྤྱོད་བྱེད་ཆོག
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ1པོའི་ཚེས9ཉིན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ནོར་སྲིད་པུའུ་དང་མཉམ་དུ《ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》ཡོངས་བསྒྲགས་བྱས་ནས། མི་སྒེར་གྱི་རྩིས་ཐོ་མཉམ་སྤྱོད་བྱེད་པའི་སྲིད་ཇུས་སྔར་བས་ལེགས་སུ་བཏང་སྟེ། ས་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོས་པ་དང་། ཁྱིམ་ཚང་ནང་ཁུལ་དུ་ཕན་ཚུན་རོགས་རེས་ཀྱི་ནུས་པ་ཆེ་རུ་བཏང་ནས། ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་མཉམ་སྤྱོད་ཀྱི་ཁྱབ་ཁོངས་དེ་ཞིང་ཆེན་ནང་ཁུལ་ནས་རྒྱལ་ཡོངས་སུ་རྒྱ་སྐྱེད་བཏང་ཡོད།
བརྡ་ཐོའི་ནང་། ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་ཆོག་པའི་ཁྱབ་ཁོངས་ནི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་གཉེན་ཚན་ཉེ་གྲས་ཡིན། མཉམ་སྤྱོད་འབྲེལ་བ་དེ་ཕྱོགས་གཉིས་པོས་རང་མོས་ངང་འཛུགས་པའམ་ཡང་ན་མེད་པར་བཟོ་ཆོག་ཅིང་། འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགན་བཅོལ་འབྲེལ་བར་འགྱུར་ལྡོག་བྱུང་སྐབས་འབྲེལ་བ་དེ་རང་འགུལ་ངང་མེད་པར་འགྱུར་བ་མ་ཟད། མི་གཅིག་གིས་མི་མང་པོ་དང་ཕན་ཚུན་མཉམ་སྤྱོད་ཀྱི་འབྲེལ་བ་འཛུགས་ཆོག་ཅེས་གསལ་པོར་བསྟན་ཡོད།
མཉམ་སྤྱོད་མ་དངུལ་དེ་མཉམ་སྤྱོད་བྱེད་སའི་མི་དེས་སྨན་བཅོས་བྱེད་པ་དང་སྨན་ཉོ་བའི་སྐབས་མི་སྒེར་གྱིས་སྤྲོད་དགོས་པའི་སྨན་རིན་དང་། དེ་བཞིན་ཡུལ་མིའི་སྨན་བཅོས་འགན་བཅོལ་དང་ཡུན་རིང་བདག་སྐྱོང་འགན་བཅོལ་ནང་མི་སྒེར་གྱིས་འཇལ་དགོས་པའི་གྲོན་དངུལ་ཐད་སྤྱོད་ཆོག མཉམ་སྤྱོད་ཀྱི་གྲངས་བཅད་ནང་། མཉམ་སྤྱོད་བྱེད་མཁན་གྱིས་མི་སྒེར་གྱི་རྩིས་ཐོའི་མ་དངུལ་ནང་ནས་གྲངས་བཅད་དེ་བསྐྱར་དུ་བེད་སྤྱོད་བྱེད་མི་ཆོག འབྲེལ་བ་མེད་པར་བཟོས་རྗེས་བེད་སྤྱོད་བྱས་མེད་པའི་གྲངས་བཅད་དེ་མཉམ་སྤྱོད་བྱེད་མཁན་གྱི་རྩིས་ཐོའི་ནང་ཕྱིར་སློག་གི་ཡོད།
འོ་ན། ཅི་ཞིག་ལ་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་པ་ཞེས་ཟེར་རམ་ཞེ་ན།
ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་པ་དེ་སྟབས་བདེའི་ངང་བཤད་ན། ལས་བཟོ་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་མི་སྒེར་གྱི་རྩིས་ཐོའི་ནང་གི་མ་དངུལ་དེ་ཞིང་ཆེན་བརྒལ་ནས་རང་ཉིད་ཀྱི་ནང་མིར་བེད་སྤྱོད་བྱེད་དུ་འཇུག་ཆོག་པར་ཟེར། དཔེར་ན་ཡུལ་གཞན་དུ་ལས་ཀ་བྱེད་བཞིན་པའི་བུ་ཕྲུག་གིས་ཕ་མར་རང་ཉིད་ཀྱི་སྨན་བཅོས་འགན་བཅོལ་རྩིས་ཐོའི་ནང་གི་དངུལ་ལྷག་མ་བེད་སྤྱོད་བྱེད་དབང་སྤྲད་དེ། ཕ་ཡུལ་དུ་སྨན་པ་བསྟེན་པ་དང་སྨན་ཉོ་སྐབས་མི་སྒེར་ནས་སྤྲོད་དགོས་པའི་སྨན་བཅོས་འགྲོ་གྲོན་ཐད་གཏོང་ཆོག་གི་ཡོད། བརྡ་ཐོའི་ནང་། ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་ཆོག་ཡུལ་ནི་ལས་བཟོ་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་དེའི་གཉེན་ཚན་ཉེ་གྲས་ཏེ། བཟའ་ཟླ་དང་། ཕ་མ། བུ་ཕྲུག་སོགས་ཚུད་ཡོད་ཅིང་། གཉེན་ཚན་ཉེ་གྲས་རང་ཉིད་ཀྱང་གཞི་རྩའི་སྨན་བཅོས་འགན་བཅོལ(ལས་བཟོ་པའི་སྨན་བཅོས་འགན་བཅོལ་ལམ་ཡང་ན་གྲོང་མིའི་སྨན་བཅོས་འགན་བཅོལ)གྱི་འགན་བཅོལ་ནང་ཞུགས་མཁན་ཡིན་དགོས།
མཉམ་སྤྱོད་འབྲེལ་བ་དེ་རང་མོས་ངང་འཛུགས་པའམ་མེད་པར་བཟོ་ཆོག
མཉམ་སྤྱོད་འབྲེལ་བ་དེ་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་སོགས་བརྒྱུད་རང་མོས་ངང་འཛུགས་པའམ་ཡང་ན་མེད་པར་བཟོ་ཆོག ལས་བཟོ་པ་གཅིག་གིས་དུས་གཅིག་ཏུ་གཉེན་ཚན་ཉེ་གྲས་མང་པོ་དང་མཉམ་སྤྱོད་འབྲེལ་བ་འཛུགས་ཆོག་ཅིང་། གཉེན་ཚན་ཉེ་གྲས་གཅིག་ལའང་དུས་གཅིག་ཏུ་ཁྱིམ་མི་མང་པོས་མཉམ་སྤྱོད་དབང་ཆ་སྤྲོད་ཆོག ཕྱོགས་གང་རུང་གི་སྨན་བཅོས་འགན་བཅོལ་འབྲེལ་བ་སྤོ་སྒྱུར་རམ་ཡང་ན་མཚམས་འཇོག་སོགས་ཀྱི་གནས་ཚུལ་བྱུང་ཚེ། མཉམ་སྤྱོད་འབྲེལ་བ་རང་འགུལ་ངང་མེད་པ་ཆགས་ཀྱི་ཡོད།