སྐལ་བཟང་གཞི་རིམ་མངག་གཏོང་ཁང་དུ་བསྐྱོད་དེ་དམངས་རོགས་ཉེན་རྟོག་ལ་འཚམས་འདྲི་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་སྐལ་བཟང་དང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། རྫོང་སྤྱི་བདེ་ཅུའི་ཏང་ཨུའི་ཧྲུའུ་ཅི། ཅུ་ཀྲང་ཉི་ཚེ་རིང་། རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་རྫོང་སྤྱི་བདེ་ཅུའི་འབྲེལ་ཡོད་འགན་འཁུར་བ་བཅས་ཀྱིས་འོམ་ཆུ་གྲོང་རྡལ་མངགས་གཏོང་ཁང་དང་གཡི་དཀར་འོམ་ལུང་ཡུལ་ཚོའི་མངགས་གཏོང་ཁང་སོགས་གཞི་རིམ་མངགས་གཏོང་ཁང་དུ་བསྐྱོད་ནས་དམངས་རོགས་ཉེན་རྟོག་པར་འཚམས་འདྲི་བྱས་པ་དང་། དུས་ཆེན་སྐབས་བརྟན་སྲུང་བྱེད་པའི་དམངས་རོགས་ཉེན་རྟོག་པར་རྩ་འཛུགས་ཀྱི་ཐུགས་ཁུར་དང་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་ཡིན།

འཚམས་འདྲི་ཚན་ཆུང་འཁོར་དང་བཅས་པས་ས་གནས་དེ་གའི་མངགས་གཏོང་ཁང་གི་གཞུང་ལས་ཁང་དང་འཚོ་བའི་ཁོར་ཡུག་ལ་ལྟ་ཞིབ་བྱས་ཏེ།དམངས་རོགས་ཉེན་རྟོག་པར་བཞུགས་མོལ་གྲོས་བསྡུར་བྱས་པ་དང་། ལས་རེས་གྲ་སྒྲིག་དང་།ཉེན་རྟོག་སྟོབས་ཤུགས་བཀོད་སྒྲིག་དང་འཚོ་བའི་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་ཞིབ་ཕྲ་བྱས་པར་མ་ཟད།ཁོངས་གཏོགས་ས་ཁུལ་གྱི་ཁྱིམ་ཐོའི་མི་གྲངས་དང་།གྱོད་གཞི་ཐག་གཅོད།འགལ་བ་དང་རྩོད་གཞི་ཐག་གཅོད། གཙོ་གནད་མངའ་ཁོངས་ཀྱི་སྐོར་ཞིབ་སྔོན་འགོག་ཚོད་འཛིན་སོགས་ལས་དོན་ཁག་གི་གནས་ཚུལ་ལ་རྒྱུས་ལོན་བྱས།
སྐལ་བཟང་གིས་རྫོང་སྤྱི་བདེ་ཅུ་ཡིས་འདས་ཟིན་པའི་ལོ་ངོ་གཅིག་གི་དུས་རབས་གསར་བའི“ཧྥེང་ཆའོ་ཉམས་མྱོང”གཏིང་ཟབ་སྤེལ་ཏེ། “ཉེན་ཁར་སྔོན་འགོག་དང་།མངོན་མེད་བྱུར་རྐྱེན། གྱོད་གཞི་ཉུང་གཏོང་། བདེ་འཇགས་སྲུང་སྐྱོབ”བཅས་ཀྱི་ཆེད་དོན་བྱ་སྤྱོད་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པར་ཁས་ལེན་གང་ལེགས་གནང་བ་དང་། དམངས་རོགས་ཉེན་རྟོག་པ་ཡོངས་ཀྱིས་དུས་ཡུན་རིང་བོར་རང་ཁྱིམ་བློས་བཏང་སྟེ་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། འགྲིམ་འགྲུལ་བདེ་འཇགས་བཅོས་སྒྲིག འགལ་བ་དང་རྩོད་གཞི་དག་སེལ། ཁོངས་གཏོགས་ཀྱི་མང་ཚོགས་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་ཐད་ལ་དཀའ་སྤྱད་འབད་བརྩོན་བྱས་པར་སྙིང་ཁོང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། རྫོང་སྤྱི་བདེ་ཅུའི་གཙོ་གནད་ལས་དོན་ཁག་མུ་མཐུད་དུ་དམ་འཛིན་དང་ཞིབ་ཚགས་བྱས་ཏེ། མང་ཚོགས་ཀྱི་བདེ་འཇགས་དང་ཡིད་ཚིམ་ཚད་སྔར་ལས་ཆེ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ“ཏང་ལ་བློ་དཀར་དང་། མི་དམངས་ལ་ཞབས་ཞུ། ཁྲིམས་བསྟར་དྲང་གཞག སྒྲིག་ལས་དམ་མོ་བཅས་ཀྱི་སྤྱིའི་བླང་བྱ་བརྟན་སྲུང་བྱ་རྒྱུ་དང་། གཞི་རིམ་སྤྱི་བདེ་དཔུང་ཁག་གིས་ཉམས་སད་ཐེག་པ་ཞིག་སྐྲུན་བཟོ་བྱས་ཏེ། རྐང་ཚ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱ་དགོས།
འཚམས་འདྲི་བྱས་པའི་དམངས་རོགས་ཉེན་རྟོག་པས་གཅིག་རྗེས་གཉིས་མཐུད་ཀྱིས་རྩ་འཛུགས་ཀྱི་ཐུགས་ཁུར་དང་བྱམས་བརྩེའི་དྲོད་ཁོལ་དེ་འགན་འཁྲི་ལྷུར་བླངས་ནས་ལས་དོན་སྒུལ་ཤུགས་སུ་བསྒྱུར་ཏེ། སྔར་ལས་མཐོན་པོའི་འཐབ་འཛིང་གི་སྙིང་སྟོབས་དང་། སྔར་ལས་དངོས་དོན་གཉེར་བའི་རྣམ་དག་གི་འགན་འཁྲི་དང་འབད་འཐབ་ཀྱི་སྔོན་འགྲོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཁོངས་གཏོགས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་རྒྱུན་མཐུད་ངང་བརྟན་འཇགས་དང་སྲུང་སྐྱོབ་བྱས་ཤིང་། མི་དམངས་ཉེན་རྟོག་པའི་འགན་འཁྲི་འཁུར་ལེན་བྱས་ནས་ཏང་དང་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་བྱ་དགོས།