网站无障碍
མཚོ་བྱང་ཁུལ་གྱིས2026ལོའི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་གསར་ཇ་སྟོན་ཚོགས་འདུ་འཚོགས།
发布时间:2026年02月12日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

       གངས་ལྗོངས་སྤྲོ་དགས་ལོ་རྙིང་ཕར་ལ་བསྐྱལ། ཅང་ཤེས་རྟ་ཕོས་གནམ་ལོ་གསར་བ་བསུ། ཟླ2པའི་ཚེས10ཉིན། མཚོ་བྱང་ཁུལ་གྱི2026ལོའི་བོད་རབ་རྒྱན་མེ་ཕོ་རྟ་ལོའི་ལོ་སར་ཇ་སྟོན་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་དང་དེ་བཞིན་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་འཐུས་མི་རྣམས་མཉམ་གཅིག་ཏུ་འཛོམས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་གླེང་བ་དང་སྤུན་ཟླའི་མཛའ་བརྩེ་བརྗོད་པ། མཛེས་སྡུག་ལྡན་པའི་འཆར་གཞི་འགོད་པ་བཅས་བྱས་ཏེ་ཐུན་མོང་ཐོག་བོད་ལོའི་ལོ་གསར་བསུས། 

     ཇ་སྟོན་ཚོགས་འདུའི་ཡུལ་དངོས་ཀྱི་རྣམ་པ་དྲོ་སྐྱིད་ལྡན་ལ་འཁྲུག་ཆ་དོད། སྙན་ཞིང་འཇེབས་པའི་བོད་རིགས་ཀྱི་རྒྱུད་དྲུག་ཕྲ་མོའི་དབྱངས་རྟ་དང་སྤྲོ་སྣང་ལྡན་པའི་གླུ་གར་འཁྲབ་སྟོན་ཐོག་ནས་མཚོ་བྱང་གི་རིགས་སོ་སོའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྲོལ་གོམས་གཤིས་མངོན་པར་མ་ཟད། རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་པའི་ལག་རྡང་གཅིག་ཏུ་སྦྲེལ་ཞིང་ཕན་ཚུན་ལྟ་སྐྱོང་གི་བརྩེ་བ་ཟབ་མོའང་མངོན་ཡོད། ཡུལ་དངོས་སུ། ཚོགས་ཞུགས་མགོ་ཁྲིད་ཀྱིས་བོད་རིགས་སྤུན་ཟླ་རྣམས་བརྒྱུད་དེ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་བཀྲ་ཤིས་སྨོན་འདུན་ཞུས།   

    འདས་ཟིན་པའི་ལོ་གཅིག་ནང་། མཚོ་བྱང་ཁུལ་གྱིས“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དམ་འཛིན་བརྟན་པོ་བྱས་ཏེ། “མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་འགན་འཁྲིའི་ལས་འགན་ལ་དམིགས་ཏེ། འགག་སྒྲོལ་དཀའ་སེལ་དང་དོན་འཁྱོལ་ནན་ཏན། སྐྱེ་ཁམས་སྲུང་སྐྱོབ་ཐད་རྒྱུན་མཐུད་སྒོས་ནུས་ཤུགས་བཏོན་པས། “ནུབ་རྒྱུད་ཀྱི་ཆུ་ལྕོག”སྲུང་སྐྱོབ་ཐད་ཕན་འབྲས་མངོན་གསལ་དོད་པོ་བྱུང་ཞིང་། ལྗང་མདོག་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ལ། སྨོན་ལམ་མཐོན་པོ་དང་མེ་ལྷ་གངས་དཀར་སོགས་ལྗོངས་ཁུལ་ཕྱི་ཕྱོགས་སུ་སྐད་གྲགས་ཆོད་ཡོད། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་དམངས་འཚོའི་བྱ་གཞག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་ཕྱིན་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཏན་ཏིག་བཏང་བས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དེ་མི་སེམས་སུ་ཟུག་པར་བྱས་ནས་རིགས་སོ་སོའི་མང་ཚོགས་སེ་འབྲུ་ལྟར་གོང་བུ་གཅིག་ཏུ་སྒྲིལ་ཏེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་བ་བྲིས་ཡོད། 

     ལོ་གསར་བའི་ནང་། མཚོ་བྱང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ།  མཚོ་བྱང་གི་ཐོན་ཁུངས་ཀྱི་ལྷན་ནུས་ལ་གཞི་ཚུགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས་རྟ་མཆོག་གི་ངར་ཤུགས་ཐོག་ནས། “ལྔ་བཅོ་ལྔ”མགོ་ཡག་པོར་རྩོམ་པ་དང་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་བཏང་སྟེ།  དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

   ཇ་སྟོན་ཚོགས་འདུ་དེ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་མཇུག་བསྒྲིལ་ལ། ཚོགས་ཞུགས་མི་སྣས་ཐེངས་འདིའི་ཇ་སྟོན་ཚོགས་འདུ་གོ་སྐབས་སུ་བརྩིས་ནས་དུས་ཆེན་གྱི་དགའ་སྤྲོ་དེ་བྱ་བའི་སྒུལ་ཤུགས་སུ་བསྒྱུར་བ་དང་། རིགས་སོ་སོ་དང་ལས་རིགས་སོ་སོའི་རེ་སྒུག་དེ་དངོས་སྒྲུབ་ཀྱི་བྱ་སྤྱོད་དུ་བསྒྱུར་རྒྱུ་ཡིན་ཞིང་། ངར་སེམས་ཆེར་སྐྱེད་དང་དཔའ་སྐྱེད་མདུན་སྐྱོད་ཀྱིས་ཐུན་མོང་ཐོག་སྐྱེ་ཁམས་ཀྱི་ཁྱིམ་གཞིས་འདིར་སྲུང་སྐྱོབ་ཡག་པོ་བྱས་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་འཛུགས་སྐྲུན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་གྱི་ལེའུ་གསར་བ་རྩོམ་རྒྱུ་ཡིན་ཟེར།