ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གནད་འགག་ནི་ཚན་རྩལ་རང་ཚུགས་རང་སྟོབས་ཡིན་པར་བསྟན་པ།
发布时间:2026年02月14日
消息来源:
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར། ཞི་ཅིན་ཕིང་གིས་པེ་ཅིན་དབྱི་ཀྲོང་དུ་གནས་པའི་རྒྱལ་ཁབ་ཆ་འཕྲིན་གསར་གཏོད་གླིང་དུ་ཚན་རྩལ་གསར་གཏོད་ལས་དོན་ལ་གཟིགས་ཞིབ་མཛད་པ་དང་། ཆ་འཕྲིན་ལག་རྩལ་བེད་སྤྱོད་གསར་སྐྲུན་དང་པེ་ཅིན་གྱིས་མགྱོགས་མྱུར་ངང་རྒྱལ་སྤྱིའི་ཚན་རྩལ་གགསར་སྐྲུན་ལྟེ་གནས་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། འཐུས་ཚབ་རང་བཞིན་གྱི་ཚན་རྩལ་གསར་སྐྲུན་གྲུབ་འབྲས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བར་མ་ཟད། ཚན་རིག་ཞིབ་འཇུག་མི་སྣ་དང་ཚན་རྩལ་ཁེ་ལས་ཀྱི་འགན་འཁུར་བའི་འཐུས་མི་དང་བྱམས་བརྩེའི་ཞལ་མོལ་གནང་། །




