网站无障碍
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་བཞི་བའི་རྐང་ཚ་རྫོང་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།
发布时间:2026年03月05日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

--2026ལོའི་ཟླ2པའི་ཚེས28ཉིན་སྲིད་གྲོས་སྐབས་བཅུ་བཞི་བའི་རྐང་ཚ་རྫོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པའི་སྟེང་།

རྐང་ཚ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།   སྒྲོལ་མ་འཚོ།

ཨུ་ཡོན་རྣམ་པ། 

ངས་སྲིད་གྲོས་སྐབས་བཅུ་བཞི་བའི་རྐང་ཚ་རྫོང་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། གྲོས་ཞིབ་གནང་རྒྱུ་དང་ཟུར་ཞུགས་བློ་མཐུན་རྣམ་པས་དགོངས་འཆར་གནང་རོགས།

2025ལོའི་བྱ་བར་ཕྱི་མིག་ལྟ་བ།

2025ལོར་ཞིང་ཆེན་སྲིད་གྲོས་ཀྱི་བླ་ན་མེད་པའི་མཛུབ་ཁྲིད་དང་རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་རྒྱབ་སྐྱོར་འོག རྫོང་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིང་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་དང་།ཞིང་ཆེན་གྱི་གནས་ཚུལ་གནས་ངེས་ཀྱིཆེ་ཤོས་གསུམདངལྷག་ཏུ་གལ་ཆེ་བ་གསུམགྱི་འཐབ་ཇུས་གནས་བབ་དང་། ཁུལ་ཨུའི“243”འཕེལ་རྒྱས་བཀོད་པ།རྫོང་ཨུའི“1136”བྱ་བའི་རིག་ལམ་བཅས་ལ་དམིགས་ཏེ། གྲོས་འདོན་སྲིད་ཞབས་དང་ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཡོང་བའི་ཐད་ཀྱི་ཕྱོགས་གཉིས་ལ་ནུས་ཤུགས་ཕུལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྐང་ཚའི་ལེའུ་རྩོམ་པར་སྟོབས་ཤུགས་ཕུལ་ཡོད། 

ལོ་འདིར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྲིད་གྲོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཐེངས་མང་པོར་སྙན་སེང་ལ་ཉན་ཏེ། དོན་དག་གལ་ཆེན་ལ་ཞིབ་འཇུག་དང་བཀོད་སྒྲིག་བླང་བྱ་བཏོན། རྫོང་ཨུ་དང་རྫོང་སྲིད་གཞུང་གི་གོ་ཁྲིད་གཙོ་བོས་རང་འགུལ་སྒོས་སྲིད་གྲོས་ལས་དོན་ལ་རྟོག་ཞིབ་དང་མཛུབ་སྟོན་བྱས་པས། སྲིད་གྲོས་ལས་དོན་ལ་སྒུལ་ཤུགས་དྲག་པོ་བསྣན་དེ་འགན་ལེན་བརྟན་པོ་མཁོ་འདོན་བྱས།

ལོ་འདིརང་ཚོས་ལྷག་བསམ་རྣམ་དག་དང་དཀའ་སྡུག་ཆེར་སྐྱེད།འབད་པ་ལྷུར་ལེན་བཅས་བྱས་ཏེ།རྫོང་ཡོངས་ཀྱི་ལས་དོན་གལ་ཆེན་ལ་དམིགས་ནས་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་དང་དོན་འཁྱོལ་ནན་བསྒྲུབས་བྱས་ཡོད

གཅིག ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོར་ཤུགས་བསྣན་ཏེ། རྒྱུན་ཆད་མེད་པར་མཐུན་སྒྲིལ་འབད་འཐབ་ཀྱིས་ཆབ་སྲིད་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་།ང་ཚོས་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་བསྒྲེངས་གིས་ཆབ་སྲིད་དང་དོདརྒྱུན་འཁྱོངས་བྱས་པ་དང་།རྫོང་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། “གཏན་འཁེལ་གཉིས”ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་གསལ་རྟོགས་དང་།“འདུ་ཤེས་བཞི”ཆེར་བསྐྱེད།“ཡིད་རྟོན་བཞི”བརྟན་སྲུང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཡོད

གཅིགཏང་གི་ཁྱོན་ཡོངས་ནས་གོ་ཁྲིད་བྱེད་པར་རྒྱུན་འཁྱོངས་བྱ་པ། སྲིད་གྲོས་ཏང་ཙུའུ་ཡིས་ཁ་ཕྱོགས་ངེས་པ་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་གོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གྲོས་ཀྱི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན།སྤྱོད་ཚུལ་འཛུགས་སྐྲུན།སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་སྐུལ་འདེད་ནན་མོ་བྱས་ཤིང་།ནན་ཏན་གྱིས་ཏང་དོ་དམ་དང་ཏང་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་བསྟར།རྩ་འཛུགས་འཚོ་བའི་ཚོགས་འདུ་གཉིས་དང“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”སེམས་གཏམ་གླེང་མོལ། དམངས་གཙོའི་དཔྱད་བསྡུར་བཅས་ཏང་ཡོན་གྱི་ལམ་ལུགས་གཟབ་ནན་སྒོས་ལག་བསྟར་བྱས་ཏེ། ལོ་ཧྲིལ་བོར་སྡོམ་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས12རྩ་འཛུགས་བྱས་པ་དང་།ཏང་ཡོན་གྱིས་ཁས་ལེན་ཡི་གེ་ཁག37ལ་མིང་རྟགས་བཀོད་ཅིང་།ཆེད་དོན་གྲོས་བསྡུར་ཐེངས2སྤེལ་བས་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་གཞུང་ལུགས་ཀྱི་བྱང་ཚད་དང་འགན་འཁྲི་སྒྲུབ་པའི་ནུས་པ་ཕན་འབྲས་ལྡན་པའི་མཐོར་འདེགས་བྱུང་ཡོད།  

གཉིསཆབ་སྲིད་ཀྱི་གཞུང་ལུགས་སློབ་སྦྱོང་བྱེད་པར་ཤུགས་བསྣན་པ།ནན་ཏན་སྒོས“གྲོས་གཞི་དང་བོ”སློབ་སྦྱོང་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས་པ་དང་། ཀྲུང་གུང་སྐབས་ཉི་ཤུ་བ་དང་།སྐབས་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ།ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའིདེབ་ལྔ་བ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་གྲོས་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་དང་ཁུལ།རྫོང་ཨུའི་ཚང་འཛོམས་གྲོས་ཚོགས།དཔལ་འབྱོར་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལ་ནན་ཏན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱས་ཤིང་།ལོ་ཧྲིལ་བོར་གཞུང་ལུགསསློབ་སྦྱོང་ཐེངས36སྤེལ་བ་དང་།ཨུ་ཡོན་གྱི་དཔེ་ཀློག་ལག་ལེན་བྱེད་སྒོ་ཐེངས5སྤེལ་ཞིང་བྱ་བའི་ལམ་ལུགས་དོན་ཚན6བཟོ་བཅོས་འཐུས་ཚང་བཏང་སྟེ།ལས་དོན་སོ་སོར་སྒྲིག་སྲོལ་ཡོད་པ་དང་།ཚད་དང་ལྡན་པའི་ཕན་འབྲས་ཡོང་བར་འགན་ལེན་བྱས་ཡོད།  

གསུམསྲིད་གཙང་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་པ། རྫོང་ཨུའི་བཀོད་སྒྲིག་ལྟརལས་བཟོ་བ་ཡོངས་རྩ་འཛུགས་བྱས་ཏེ།ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་མ་ལག་ལ་སློབ་སྦྱོང་བྱས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་བཏུས་བསྒྲིགསདང་།ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་ཨུའི་ཏང་འཛུགས་སྐྱོང་ལས་དོན་གོ་ཁྲིད་ཚན་ཆུངརྒྱ་སྐྱེདཚོགས་འདུའི་དགོངས་དོན་དང་།སྒྲིག་འགལ་ཁྲིམས་འགལ་གྱི་དཔེ་མཚོན་གྱོད་དཔེའི་ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས་པ་དང་། ཏང་ཡོན་ལས་བྱེད་པས་སྒྲིག་འགལ་གྱིས་ལེགས་སྐྱེས་འབུལ་སྤྲོད་དང་།རང་རྟོགས་ཀྱིས་སྒྲིག་འགལ་གྱི་བཟའ་བཅའ་ལོངས་སྤྱོད་མི་བྱེད་པའི་ཁས་ལེན་ཡི་གེར་མིང་རྟགས་བཀོད་པ་དང་། སྲོལ་རྒྱུན་དུས་ཆེན་གྱི་སྔ་གཞུག་ཏུ་ཚོགས་འདུ་བརྒྱུད་དེ་བྱ་བར་གསལ་འདེབས་དང་། སྲིད་གཙང་གླེང་མོལ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་སྒྲིག་ཁྲིམས་ཀྱི་བླང་བྱ་བསྐྱར་བསྒྲགས་བྱས་ཏེ། མཐའ་གཅིག་ཏུཡིག་གཅིག་ཟས་ཐུན་གཅིགགི་བླང་བྱ་ལག་བསྟར་བྱས་པ་དང་། གཞུང་དོན་སྣེ་ལེན་ལས་དོན་མུ་མཐུད་ཚད་ལྡན་དུ་བཏང་ཡོད།  

བཞིཏན་ཏིག་གིས་སློབ་གསོའི་སློབ་སྦྱོང་སྤེལ་པ། ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་ཨུའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ།  ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་སྤྱོད་ཚུལ་བསྒྱུར་བཅོས་ཀྱིས་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་ཚགས་འཛིན་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། འགན་འཁྲི་ནན་ཏན་དངོས་སྒྲུབ་དང་།སློབ་སྦྱོང་གི་འཆར་གཞི་བཟོ་བ།གཙོ་གནད་ལས་དོན་སོ་སོར་གཅིག་གྱུར་གྱིས་སྐུལ་སྤེལ་བྱས་ཏེ། སློབ་སྦྱོང་དང་སློབ་གསོ་དངོས་འབེབས་ཕན་འབྲས་ལྡན་པ་འགན་ལེན་བྱ། ལོ་ཧྲིལ་བོར་ཆེད་དོན་སློབ་སྦྱོང་ཐེངས15དང་། བགྲོ་གླེང་སྤེལ་རེས་ཐེངས5  ཏང་གི་སློབ་ཁྲིད་ཐེངས2དང་། བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས2  ཉེན་བརྡའི་སློབ་གསོ་ཐེངས2།  སེམས་གཏམ་གླེང་མོལ་མི་ཐེངས16བཅས་སྤེལ་བ་ཡིན།            

   གཉིས། སྤྱི་ཡོངས་ཀྱི་ལྟེ་གནས་་ཞབས་ཞུའི་ནུས་ཤུགས་མཐོར་འདེགས་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་ཚད་མཐོའི་འཕེལ་རྒྱས་ལ་ཐབས་ཇུས་དང་ནུས་ཤུགས་བཏོན་ཡོད།  ང་ཚོས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཙོ་གནད་ལས་དོན་དང་མང་ཚོགས་ཀྱི་ཁེ་ཕན་ལས་དོན་དང་འབྲེལ་བ་ཡོད་པའི་གནད་དོན་དངོས་ལ་གཞིགས་ཏེ། ནན་ཏན་སྒོས་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་།  གྲོས་མོལ་རྒྱ་ཆེར་སྤེལ་ཡོད  

གཅིགགྲོས་འདོན་སྲིད་ཞབས་ཐད་གནད་དུ་འཁེལ་བའི་ནུས་ཤུགས་བཏོན་པ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལོ་འཁོར་གྱི་ལྟེ་བའི་ལས་འགན་ལ་གཞིགས་ཏེ།  རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2025ལོའི་གཙོ་གནད་ལས་དོན་གྱི་འཆར་གཞི་ཞིབ་འཇུག་གཏན་འབེབས་བྱས་ཤིང་། འབྲེལ་ཡོད་ལས་རིགས་ཁག་གི་ཨུ་ཡོན་རྩ་འཛུགས་བྱས་ཏེནུས་ཁུངས་གཙང་མའི་ཐོན་ལས་འཕེལ་རྒྱས་དང་ལས་གཏོད་ལས་ཞུགས་ཀྱི་བྱ་བཞག རོང་འབྲོག་པའི“ཐོན་ལས་སྦྲེལ་མཐུད་ཡོངས་བའི”འཕེལ་རྒྱས་ལ་ཕན་འབྲས་བཟང་པོ་ཐོན་ཡོད། རྫོང་ཁོངས་ཀྱི་གཞུང་དབང་ཁེ་ལས་ཚོང་གཉེར་དང་རྫོང་མཁར་མཁར་གྲོང་ཅན་འཛུགས་སྐྲུན། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཞབས་ཞུའི་ལྟེ་གནས་འཁོར་སྐྱོད་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་བྱེད་སྒོ་སྤེལ་ཞིང་། སྙན་ཞུ་ཁག8བྲིས་ཏེ།  བསམ་ཚུལ50ལྷག་འབྲེལ་ཡོད་སྡེ་ཁག་གིས་དཔྱད་གཞིར་འདོན་སྤྲོད་བྱས་ཡོད། 

གཉིས)གྲོས་གཞི་བརྒྱུད་སྤྲོད་ལས་སྒྲུབ་བྱེད་པའི་ཐད་འབད་བརྩོན་ཞིབ་ཚགས་བྱས་པ།སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་ལྔ་བར་གྲོས་གཞི42བཏོན་པ་དང་།དེ་ལས27དངོས་སུ་ཐོ་འགོད་བྱས་ཏེ་མིག་སྔར་གྲོས་གཞི27ཡོངས་སུ་ལས་སྒྲུབ་ཕྱིར་ལན་བཏབ་ཡོད། གྲོས་གཞི30ལྷག་ཞིབ་ཕྲའི་ལས་སྒྲུབ་བྱེད་ཐབས་བཏོན་པ་དང་། ཆབས་ཅིག་ཏུ་ཁུལ་སྲིད་གྲོས་ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མིའི་གྲོས་གཞི་ལས་སྒྲུབ་བྱེད་པའི་ཐུན་མོང་ལྟ་ཞིབ་བྱེད་སྒོར་གཞོགས་འདེགས་བྱས་ཏེ། གྲོས་གཞི་ལས་སྒྲུབ་ཀྱི་མྱུར་ཚད་དང་ཕན་འབྲས་ལ་རྒྱུས་ལོན་བྱས་པར་མ་ཟད། གྲོས་གཞི་ཚད་མཐོའི་ལས་སྒྲུབ་དང་ལས་སྒྲུབ་ལས་ཕྱོད་མཐོར་འདེགས་གཏོང་བའི་ཐད་གཏིང་ཟབ་སྤེལ་རེས་བྱས་ཡོད། 

གསུམཆེད་དོན་གྲོས་མོལ་ཐད་ཕན་འབྲས་བརྩོན་ལེན་བྱས་པ།དཔལ་འབྱོར་དང་སྤྱི་ཚོགས་ཕན་བདེ་སོགས་ཀྱི་ལས་རིགས་སོ་སོའི་ཨུ་ཡོན་རྩ་འཛུགས་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ། ཁེ་ལས་དང་མི་དམངས་ཐོན་ཁུངས་སྡེ་ཁག་བཅས་སུ་རྟོག་ཞིབ་བཅར་འདྲིབྱས་པ་དང་།རྫོང་ཡོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་བྱ་བའི་གནས་ཚུལ་དང་ཕན་འབྲས། དེ་བཞིན་དཀའ་ངལ་གྱི་གནད་དོན་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས།  དེའི་རྨང་གཞིའི་སྟེང་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་རྩ་འཛུགས་བྱས་ཏེ་འཚོགས་པ་དང་། རྫོང་སྲིད་གཞུང་གི་ཁག་བགོས་གོ་ཁྲིད་དང་འགན་ནུས་སྡེ་ཁག་གི་འགན་འཁུར་བ། འཇོན་མིའི་རིག་མཛོད་བཅས་ཚོགས་འདུར་ཟུར་ཞུགས་བྱེད་པར་གདན་འདྲེན་ཞུས་པ་དང་། ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་ཧུར་ཐག་སྒོས་བསམ་ཚུལ་བཏོན་ཡོད
         བཞིའཕེལ་རྒྱས་གཞོགས་འདེད་ཐད་ཚགས་འཛིན་དངོས་སྒྲུབ་བྱས་པ། རྫོང་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་རྫོང་ཨུའི་རྒྱུནཨུའི་གྲོས་ཚོགས་དང་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་སུ་ཟུར་ཞུགས་བྱས་ཤིང་། ཁུལ་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་དང་།རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས། ཆེད་དོན་གྲོས་མོལ་ཚོགས་འདུཁུལ་དང་རྫོང་སྲིད་གྲོས་ཀྱི་མཉམ་འབྲེལ་གྲོས་ཚོགས་སུ་ཞུགས་པ་མ་ཟད། མཉམ་འབྲེལ་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་ཧུར་ཐག་གི་བསམ་འཆར་དང་ཐབས་ཇུས་བཏོན། རྫོང་སྲིད་གྲོས་ཀྱི་ཨུ་ཡོན་བརྟག་དཔྱད་ཞིབ་འཇུག་དང་ ལྟ་སྐུལཞིབ་བཤེ། རྫོང་ཨུ་དང་རྫོང་སྲིད་གཞུང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་བཅས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་བྱེད་སྒོར་ཞུགས་པ་དང་། རྫོང་ཨུའི་བཀོད་སྒྲིག་ལྟརསྲིད་གྲོས་གོ་ཁྲིད་ཚ་པའི་ཁོངས་མིས་སྣེ་ཁྲིད་དེ་ཧུར་ཐག་སྒོས་ཁ་བགོས་སྡེ་བ་དང་གཞིས་ཁུལ་དུ་འབྲེལ་ཡོད་ལས་དོན་ཟབ་སྤེལ་བྱས་ཏེ། སྡེ་བ་རིམ་པའི་སྐབས་རྗེའི་ལས་འགན་ཡོངས་སུ་འགྲུབ་ཡོད། 

ལྔབསྒྱུར་བཀོད་འཁོར་སྤྱོད་ཐད་དཀའ་བསྐྱེད་ཁྱད་བསད་ཀྱིས་འགག་སྒྲོལ་བྱས་པ། གྲོས་གཞི27ཁྲོད་ནས་གཟུགས་མེད་ཤུལ་བཞག་རིག་གནས་དང་སྐྱེ་ཁམས་སྲུང་སྐྱོབ།བཟའ་བཅའི་བདེ་འཇགས།གློག་ཤུགས་སྒྲིག་ཆས་སོགས་གྲོས་གཞི4བདམས་ནས2025ལོའི་གཙོ་གནད་གྲོས་གཞིའི་གྲས་སུ་བཅུག་ཏེ་གྲོས་གཞིའི་ལས་སྒྲུབ་ལ་ལྟ་སྐུལ་བྱས། རྫོང་ཨུ་དང་རྫོང་སྲིད་གཞུང་གི་གོ་ཁྲིད་ཀྱིས་དངོས་སུ་རུ་སྣེ་ཁྲིད་དེ་ཡུལ་དངོས་སུ་རྟོག་ཞིབ་དང་གྲོས་གཞི་གྲོས་འདོན་དངོས་འབེབས་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་།གྲོས་གཞིའི་གྲོས་འདོན་བསམ་འཆར་དངོས་འབེབས་བྱེད་པའི་གོ་རིམ་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཤིང་། དགོན་པ3དང་ཁྱིམ་ཚང1གི་ལོ་མང་བོར་བདེ་འཇགས་གློག་སྤྱོད་ཀྱི་གནད་དོན་གཙོ་གནད་དུ་ཐག་བཅད་ས་ཨུ་ཡོན་དང་མང་ཚོགས་ཀྱི་ཁས་ལེན་ཐོབ།རྫོང་དམངས་ཆེན་དང་ལྷན་དུ2025ལོར་སྲིད་གཞུང་གིས་ཁས་བླངས་པའི་དམངས་ཚིས་ལས་དོན་ཁག་དགུ་ཐག་གཅོད་བྱས་ཚུལ་ལ་ལྟ་ཞིབ་བྱས་ཏེ་དམངས་ཚིས་བདེ་སྐྱིད་རྒྱུན་མཐུད་ངང་སྐུལ་འདེད་བཏང་།ཕྱོགས་གཉིས་ཀྱི་དཔྱད་བསྡུར་གྲུབ་འབྲས་གཞིར་བཟུང་སྟེ་རྫོང་སྲིད་གཞུང་གཞུང་ལས་ཁང་སོགས་གྲོས་གཞི10གཙོ་སྒྲུབ་བྱེད་མཁན་གྱི་སྔོན་ཐོན་ལས་ཁུངས་བདམས་ནས་ཐེངས་འདིའི་ཚོགས་ཆེན་སྐབས་གཟེངས་བསྟོད་བྱ་རྒྱུ་ཡིན། 

གསུམ། རྒྱུན་སྲོལ་གྱི་ལས་དོན་དམ་འཛིན་བྱས་ཏེ། འགན་ནུས་ལག་བསྟར་དང་སྤྱི་ཡོངས་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ཡོད ང་ཚོས་གསར་གཏོད་རང་བཞིན་གྱི་བྱ་ཐབས་དང་། ཁྱབ་ཁོངས་རྒྱ་སྐྱེད་ཀྱི་ཐབས་ལམ། བྱ་བའི་བྱང་ཚད་མཐོར་འདེགས་བཅས་རྒྱུན་འཁྱོངས་བྱས་པ་དང་།རྒྱུན་གཏན་རང་བཞིན་གྱི་ལས་དོན་དམ་འཛིན་དང་ཚགས་འཛིན་བྱས་ཏེཕན་འབྲས་ཐོན་ར་འབད་བརྩོན་བྱས་པ་ཡིན། 

གཅིགལས་འགན་གཙོ་བོའི་འགན་སྒྲུབ་དམིགས་ཚད་ལྷུར་ལེན་བྱས་པ།རྫོང་ཨུས་ཞོད་འགོག་འབྲུབ་འགོག་དང་གནོད་འཕྲི། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བཅོས་སྐྱོང་།རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར། མི་རིགས་སྲོལ་རྒྱུན་སྐྱེན་པོའི་མདའ་རྩལ་འགྲན་བསྡུར། མཚོ་མོའི་དར་ཁ་འབྱེད་པ་དང་དགུན་དུས་གནས་སྐོར། ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྐྱོང་ལོ་གསུམ་གྱི་ལས་འགུལ། “དག་གཙང་གི་རྐང་ཚ”སོགས་ལས་དོན་གལ་ཆེན་དང་འགྲན་བསྡུར་གལ་ཆེན།རིག་གནས་གནས་སྐོར་བྱེད་སྒོ་སོགས་ཀྱི་ལས་འགན་སོ་སོ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད། རྫོང་ཨུས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ལས་དོན་ཐད་ཀྱི་བཀོད་སྒྲིག་ལྟར་བཅར་འདྲི་དང་ཁུངས་སྣེ་འཚོལ་ཞིབ་ཀྱི་ལས་དོན་ཐེངས4སྤེལ་བ་དང་། རྫོང་རིམ་པའི་གོ་ཁྲིད་ལས་བྱེད་པའི“1+10”གཞི་རིམ་དང་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་བླང་བྱ་གཞིར་བཟུང་ནས་འབྲེལ་གཏུག་བྱེདགནས་ཡུལ་ཚོ་དང་གྲོང་རྡལསྡེ་བ་དང་གཞིས་ཁུལཁེ་ལས་དང་སློབ་གྲྭ དགོན་པ་བཅས་སུ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། རྣམ་གྲངས་གལ་ཆེན་དང་གྲོང་གསེབ་དར་སྤེལ་ལས་དོན་ལ་གཙོ་གནད་ལྟ་སྐུལ་བྱས་ཤིང་། ཞིང་ཆེན་ཕྱི་ནང་གི་སྲིད་གྲོས་བློ་མཐུན་རྣམས་རྐང་ཚར་རྟོག་ཞིབ་ཞིབ་འཇུགདང་སློབ་སྦྱོང་སྤེལ་རེས་སོགས་ཐེངས8ལ་འབྲེལ་གཏུག་བྱས་ཏེ མི90ལྷག་སྣེ་ལེན་བྱས་ཏེ། རྐང་ཚའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་སྣང་བརྙན་ལེགས་པོ་དྲིལ་སྒྲོག་བྱས་ཡོད། 

གཉིསཕན་འབྲས་མཐོ་བའི་ཞབས་ཞུའི་འགན་སྒྲུབ་དམིགས་ཚད་ལྷུར་ལེན་བྱ་པ། རྫོང་ཨུའི་བཀོད་སྒྲིག་ལྟར། “དུས་ཆེན་གཉིས”ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་སྲིད་གྲོས་གྱི་རྒྱུན་ལས་ཨུ་ཡོན། རོང་འབྲོག་པའི་ཨུ་ཡོན་བཅས་ལ་འཚམས་འདྲི་བྱས་པ་དང་།རྫོང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་རྫོང་སྲིད་གཞུང་གི་བྱ་བའི་ཕན་འབྲས་དྲིལ་སྒྲོག་བྱས་ཏེཁོ་ཚོའི་འབྲེལ་མཐུད་ཀྱི་ནུས་པ་གང་ལེགས་མངོན་པར་སྣེ་ཁྲིད་བྱས་པ་ཡིན། ཧུར་ཐག་སྒོས་མི་རིགས་འཆམ་མཐུན་དང་ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྐུལ་འདེད་བཏང་ཞིང་། རིག་གནས་ལོ་རྒྱུས་ཀྱི་དཔྱད་གཞིའི་རྩོམ་སྒྲིག་ལས་དོན་མུ་མཐུད་དུ་ལེགས་པར་བསྒྲུབས་ནསཀྲུང་གུང་རྐང་ཚ་རྫོང་ཨུས་རྫོང་ཡོངས་ཀྱིས་མི་དམངས་ལ་སྣེ་ཁྲིད་དེ་འབྲོག་པ་གཏན་སྡོད་བཟོ་སྐྲུན་ལག་བསྟར་བྱས་པའི་དངོས་བྲིསརྩོམ་སྒྲིག་པར་སྐྲུན་བྱས།ནན་ཏན་གྱིས་རྫོང་ཨུའི་སྐབས་བཅོ་ལྔ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་།ཧུར་ཐག་སྒོས“ལྔ་ཚན་བཅོ་ལྔ་བའི”འཆར་འགོད་ཀྱི་གྲོས་གཞིསྒྲིག་བཟོའི་ལས་དོན་ནང་ཞུགས་ནས་བསམ་ཚུལ་དང་གྲོས་གཞི5བཏོན་ཡོད། 

གསུམ ཁུལ་ཡོངས་ཀྱི་ལས་དོན་འགན་སྒྲུབ་དམིགས་ཚད་ལྷུར་ལེན་བྱས་པ། མཚོ་བྱང་ཁུལ་སྲིད་གྲོས་ཀྱིས་འགན་སྒྲུབ་བྱས་པའི་ཁུལ་དང་རྫོང་སྲིད་གྲོས་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཐེངས་བཅུ་གསུམ་པ་གཞོགས་འདེགས་དང་། ཁུལ་སྲིད་གྲོས་དང་རྫོང་ཁག་སོ་སོའི་སྲིད་གྲོས་ཀྱི་མི80ལྷག་ཡུལ་དངོས་ལྟ་སྦྱོང་དུ་ཕྱིན་ནས་གྲོས་གཞིའི་ལས་སྒྲུབ་ཀྱི་ཕན་འབྲས་ལ་རྒྱུས་ལོན་བྱས་པ་དང་། རྐང་ཚའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚམས་སྦྱོར་བྱས་ཏེ། རྐང་ཚའི་འབུར་དུ་ཐོན་པའི་དཔལ་ཡོན་དང་སྤུས་ལེགས་ཀྱི་ཞབས་ཞུའི་ཆུ་ཚད་མངོན་པར་བྱས་པ་དང་། ཆབས་ཅིག་ཏུ་ཁུལ་སྲིད་གྲོས་ཀྱིས་ཨུ་ཡོན་ལ་མཚམས་འདྲི་དང་ཁུལ་རིམ་པའི་གོ་ཁྲིད་ལས་བྱེད་པའི“1+10”གཞི་རིམ་འབྲེལ་གཏུག་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་སྲིད་གྲོས་མངའ་ཁོངས་བརྒལ་བའི་རྟོག་ཞིབ་བྱེད་སྒོར་གཞོགས་འདེགས་བྱས། མཚོ་བྱང་ཁུལ་སྲིད་གྲོས་ཀྱིས་བྱམས་བརྩེའི་ཕན་སྒྲུབ་ཞལ་འདེབས་ཕུལ་བའི་མཛད་སྒོར་རམ་འདེགས་བྱས་ཏེ། དཀའ་ངལ་ཡོད་པའི་ཨུ་ཡོན་དང་མང་ཚོགས་ལ་ཕན་སྒྲུབ་མ་དངུལ་སྒོར་ཁྲི0.8སྤྲད་པ་དང་། ཁོ་ཚོའི་འཚོ་བའི་ཁྲོད་ཀྱི་དཀའ་ངལ་སེལ་ཏེ་སྲིད་གྲོས་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོད་ཁོལ་བརྒྱུད་སྤྲོད་བྱས་ཡོད།  

བཞི།འཐབ་ཕྱོགས་གཅིག་གྱུར་གྱི་ནུས་པ་འདོན་སྤེལ་ལ་ཤུགས་བསྣནཏེ།རྫོང་ཡོངས་ཀྱི་སྤྱི་པར་ཞབས་ཞུ་བྱེད་པའི་སྟོབས་ཤུགས་རྒྱ་ཆེར་གཅིག་སྒྲིལ་བྱས་པ།ང་ཚོས་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ།ཧུར་ཐག་སྒོས་དུས་རབས་གསར་བའི་ཆེས་མཐོའིགཅིག་མཐུནགྱི་ལས་དོན་ལེགས་པར་བསྒྲུབས་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱིས་བློ་སེམས་གཅིག་སྡུད་བྱེད་པའི་ནུས་པ་བཏོན་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཆབ་སྲིད་ཀྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཡོད། 

གཅིགསྲིད་གྲོས་ཨུ་ཡོན་གྱི་འབྲེལ་གཏུག་ཞབས་ཞུར་ཤུགས་བསྣན་པ། ཏང་ཙུའུ་ཁོངས་མིས་ཏང་ཡོན་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པ་དང་།ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་དང་།ཨུ་ཡོན་གྱིས་ལས་རིགས་སོ་སོའི་མང་ཚོགས་་འབྲེལ་གཏུག་བྱེད་པའི་བྱ་བའི་ལམ་ལུགས་དང་ལས་རྐང་དང་བོའི་གྲོས་མོལ་ལས་དོན་ཇུས་གཞི་བཅས་བཟོ་བཅོས་འཐུས་ཚང་བཏང་སྟེ།ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མིས་སྣེ་ཁྲིད་དེ་ཏང་ཕྱིའི་ཨུ་ཡོན་ལ་སེམས་གཏམ་གླེང་མོལ་བྱེད་པ་དང་།ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་དང་འབྲེལ་འདྲིས་བྱས་ཏེ། འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་པར་རོགས་རམ་བྱས་པས། འབྲེལ་གཏུག་ཞབས་ཞུའི་ཕན་འབྲས་སྔར་ལས་མངོན་གསལ་བྱུང་ཡོད། 

གཉིསམི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་བ། གྲངས་ཉུང་མི་རིགས་ཀྱི་ཨུ་ཡོན་དང་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་རྩ་འཛུགས་བྱས་ཏེ། སློབ་སྦྱོང་སྤེལ་རེས་ཐེངས3སྤེལ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་ལས་དོན་ལ་གཞིགས་ནས་རྟོག་ཞིབ་ལས་དོན་ཐེངས1སྤེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྡེ་ཁུལ་དུ་གཞི་ཚུགས་པ་དང་མང་ཚོགས་ཀྱི་འཚོ་བར་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་། ཁུལ་སྲིད་གྲོས་ལ་གཞོགས་འདེགས་བྱས་ཏེ་ཆོས་ལུགས་ཀྲུང་གོའི་ལུགས་སུ་ཕྱོགས་པའི་འཕེལ་རྒྱས་ལ་རྒྱུན་འཁྱོངས་དང་། དཔེ་སྟོན་དགོན་པའི་ལས་གཞི་འཛུགས་སྐྲུན་ལ་གཏིང་ཟབ་གྲོས་མོལ་སྲིད་གླེང་བྱེད་པར་སྐུལ་འདེད་བཏང་ཞིང་། བསམ་འཆར་གྲོས་གཞི5བཏོན་ཡོད། ཁུལ་སྲིད་གྲོས་ཀྱི་གེ་སར་ལོ་རྒྱུས་རིག་གནས་ཀྱི་རྒྱུ་ཆ་སྔོག་འདོན་བྱེད་པར་གཞོགས་འདེགས་བྱས་པ་དང་། མཚོ་བྱང་གེ་སར་རིག་གནས་ཀྱི་རྣམ་བཤད་རབ་གསལ་ཤེལ་གྱི་མེ་ལོངདཔེ་དེབ་རྩོམ་སྒྲིག་གི་བྱ་བཞག་ཡོངས་སུ་ལེགས་འགྲུབ་བྱུང་ཡོད།

གསུམ འགན་སྒྲུབ་ལས་སྟེགས་ཀྱི་འགན་སྒྲུབ་སྤུས་ཕྱོད་མཐོར་འདེགས་བཏང་བ། “ཁང་གཉིས་སྟེགས་གཅིག”འཛུགས་སྐྲུན་བེད་སྤྱོད་ལས་དོན་ལ་མུ་མཐུད་ཤུགས་བསྣན་ནས་རིམ་པ་མང་བོའི་བརྒྱུད་འདྲེན་བྱེད་སྟངས་ལ་འགྱུར་ལྡོག་བཏང་བ་དང་།སྔར་ལས་མགྱོགས་པའི་སྒོ་ནས་རེ་ཞུ་དང་བསམ་འཆར་གྲོས་གཞི་ལས་སྒྲུབ་བྱས།གོ་ཁྲིད་ཚན་ཁག་གི་ཁོངས་མིས་སྡེ་བ་དང་དགོན་པ་སྲིད་ཇུས་དྲིལ་སྒྲོག་གི་བྱེད་སྒོ་ཐེངས10ལ་གཏིང་ཟབ་སྤེལ་བ་དང་། དྲིལ་སྒྲོག་རྒྱུ་ཆ300ལྷག་འགྲེམས་སྤེལ་བྱས། ཡུལ་ཚོ་དང་གྲོང་རྡལ་གྱི་སྲིད་གྲོས་ལས་དོན་འབྲེལ་གཏུག་གཞུང་ལས་ཁང་དང་། སྡེ་བ་རིམ་པའི་ཨུ་ཡོན་བྱ་འགུལ་ཁང་། ལས་རིགས་སོ་སོའི་ཨུ་ཡོན་ལས་དོན་ཁང་བཅས་ལ་དུས་དེབ་དང་ཚགས་པར70ལྷག་ཙམ་ཉོ་སྡུད་བྱས་ཏེ། ལས་རིགས་སོ་སོའི་ཨུ་ཡོན་དང་མང་ཚོགས་ལ་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རྒྱུན་ཆད་མེད་པར་དྲིལ་སྒྲོག་བྱས་པ་ཡིན།    

ལྔ། དཔུང་སྡེ་གཉིས་དམ་འཛིན་ལ་ཤུགས་བསྣན་ཏེ། སྲིད་གྲོས་རྩ་འཛུགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ། ང་ཚོའི་བྱེད་སྒོས་སྒུལ་ཤུགས་སྩོལ་བ་དང་ནུས་པ་མཐོར་འདེགས། ངར་ཤུགས་ཆེར་བསྐྱེད། ཕན་འབྱུང་སྐུལ་སྤེལ་བཅས་རྒྱུན་འཁྱོངས་བྱས་ཏེ་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། 

གཅིགཚན་ཁག་གིས་མགོ་ཁྲིད་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་བ། གཟབ་ནན་གྱིས་དོན་དག་གལ་ཆེན་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་བྱས་ཏེ། སྲིད་གྲོས་ལས་དོན་ཐོག་མཐའ་བར་གསུམ་དུ་རྫོང་ཨུ་དང་བློ་ཁ་གཅིག་མཐུན་དང་ཟློས་མཐུན་འདར་མཉམ་ཡོང་བར་འགན་ལེན་བྱས་པ་དང་། མུ་མཐུད་དུ་ཀྲུའུ་ཞིའི་གྲོས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གྲོས་དོན་འཆར་གཞི་དང་ཇུས་གཞིའི་སྒྲིག་སྲོལ།  ཐབས་ཇུས་ལམ་སྲོལ་བཅས་མུ་མཐུད་འཐུས་ཚང་བཏང་སྟེ། ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་གཞུང་ལུགས་ཀྱི་བསམ་བློའི་དྲག་ཆས་ལ་ཤུགས་སྣོན་དང་།  རྫོང་ཨུའི་ལྟེ་གནས་ལས་དོན་དང་བྱེད་སྒོ་གལ་ཆེའི་ནང་ཞུགས་ར་སྣེ་ཁྲིད་།  གཞི་རིམ་དུ་གཏིང་ཟབ་སྒོས་བརྟག་དཔྱད་ཞིབ་འཇུག་བྱེད་པར་སྣེ་ཁྲིད་པ། དུས་བཅད་ལྟར་ཏང་ཙུའུ་ཚོགས་འདུ་དང་ཀྲུའུ་ཞིའི་ཚོགས་འདུ་བསྡུས་ནས་སྲིད་གྲོས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེ་ལ་ཞིབ་འཇུག་ཐག་གཅོད་བྱས་པ་དང་། ལྷན་ཅིག་ཏུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོ་འབྲེལ་གཏུག་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། མཉམ་སྒྲུབ་ཐུན་མོང་དོ་དམ་དང་མཐུན་སྦྱོ་ངང་སྐུལ་འདེད་གཏོང་བའི་ལས་དོན་ཀྱི་རྣམ་པ་བཟང་བོ་བཙུགས་ཡོད།  

གཉིསཨུ་ཡོན་གྱི་འགན་སྒྲུབ་ནུས་པ་མུ་མཐུད་མཐོར་འདེགས་བཏང་བ། རྫོང་ཨུ་མོས་མཐུན་བྱུང་བ་བརྒྱུད་དེ་ཨུ་ཡོན3གསར་སྣོན་དང་ཨུ་ཡོན12ལེགས་སྒྲིག་བྱས་པ་དང་ཨུ་ཡོན་གྱི་འགན་སྒྲུབ་དཔྱད་འཇོག་སྒྲིག་སྲོལ་བཟོས་ཏེ། རྫོང་ཨུའི་ཏང་གི་སློབ་གྲྭར་མངག་བཅོལ་བྱས་ཏེ་ནུབ་མཚོ་གྲོང་རྡལ་དུ་སྲིད་གྲོས་སྐབས་བཅུ་བཞི་བའི་རྐང་ཚ་རྫོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བའི་རྟོག་ཞིབ་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། མི44གསོ་སྦྱོང་ལ་ཞུགས་ཏེ། ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་ཆབ་སྲིད་ཀྱི་སྦྱངས་འབྲས་དང་འགན་སྒྲུབ་ནུས་པ་མཐོར་འདེགས་བཏང་ཡོད།

གསུམལས་བྱེད་པའི་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོར་འདེགས་བཏང་བ། ནན་ཏན་གྱིས་ཏང་འཛུགས་སྐྱོང་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། འདུ་ཤེས་འཛིན་སྟངས་ལས་དོན་འགན་འཁྲིའི་ལམ་ལུགས་དང་གཞི་རིམ་ཏང་འཛུགས་སྐྱོང“གཅིག་ཅན་དྲུག”གི་བླང་བྱ་དངོས་འབེབས་བྱས་ཏེ། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་རྩ་འཛུགས། སྤྱོད་ཚུལ་དང་སྲིད་གཙང་འཛུགས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། མུ་མཐུད་དུ་ལས་བྱེད་པའི་སློབ་གསོའི་དོ་དམ་ལྟ་སྐུལ་ཀྱི་ལས་དོན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ལས་ཁུངས་ཀྱི་དོ་དམ་ལ་བརྟེན་ནས་ལམ་ལུགས་ཀྱི་མི་སྣར་དོ་དམ་དང་ནོར་སྲིད་དོ་དམ། བྱ་བ་དོ་དམ་བཅས་དངོས་བསྒྲུབས་བྱས་ཤིང་།ལས་ཁུངས་ཀྱི་ཡིག་ཆ་དང་ཚོགས་འདུ་སྒྲུབ་པའི་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད། ཞབས་ཞུའི་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ མཐུན་སྒྲིལ་ཡར་བརྩོན་ལས་ཁུངས་ཀྱི་ཁོར་ཡུག་སྔར་ལས་ལེགས་པོ་བསྐྲུན་ཡོད། 

ཨུ་ཡོན་རྣམ་པ། གྲུབ་འབྲས་འདི་དག་ཐོབ་པ་ནི་རྫོང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་པའི་མཇུག་འབྲས་དང་། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་བླ་མེད་བྱས་པའི་མཇུག་འབྲས་ཡིན་ལ། རྫོང་མི་དམངས་ཁྲིམས་ཁང་དང་རྫོང་མི་དམངས་ཞིབ་དཔྱོད་ཁང་། ད་དུང་འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོར་རོགས་རམདང་། སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་ཡིན་པས།  འདིར་ངས་རྫོང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།

གྲུབ་འབྲས་སྤྱི་སྡོམ་བྱེད་པ་དང་ལྷན་ཅིག་ཏུ། ང་ཚོས་ཀྱང་གསལ་བོར་ངེས་ཐུབ་པ་ནི། ང་ཚོའི་ལས་དོན་རྫོང་ཨུ་དང་རྫོང་ཡོངས་ཀྱི་མི་དམངས་ཀྱི་རེ་འདུན་དང་བསྡུར་ན་ད་དུང་བར་ཁྱད་ཡོད་དེ།གཅིག་ནས་དམངས་གཙོའི་ལྟ་སྐུལ་གྱི་བྱེད་ཐབས་སྔར་ལས་ཕུན་སུམ་ཚོགས་པར་གཏོང་དགོས་པ་དང་། གཉིས་ནས་ཨུ་ཡོན་གྱིས་ས་ཆ་གཞན་དུ་རྟོག་ཞིབ་སློབ་སྦྱོང་བྱེད་སྐབས་སློབ་ཐུན་གྱི་སློབ་གསོའི་གྲུབ་འབྲས་ལེགས་པོ་མིན་པ། གསུམ་ནས་གྲོས་གཞི་ལེགས་པོ་འདོན་པའི་ཕྱོགས་ནས་ཅུང་ཙམ་ཤུགས་སྣོན་བྱེད་དགོས་པ་དང་།དཀའ་ངལ་དང་གནད་དོན་འདི་དག་ལ་གཞིགས་ཏེ། ང་ཚོའི་སླད་ཕྱིན་གྱི་ལས་དོན་ཁྲོད་ཞིབ་འཇུག་ཐག་གཅོད་བྱེད་པར་ཤུགས་སྣོན་དགོས་སོ།།