网站无障碍
རྐང་ཚ་རྫོང་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ། (1)
发布时间:2026年03月11日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

རྐང་ཚ་རྫོང་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ། 

2026ལོའི་ཟླ3ཚེས1ཉིན།རྐང་ཚ་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་།

རྫོང་དཔོན། ཀྲང་ཆི་ཧྥེང་།


འཐུས་མི་རྣམ་པ། 

   ད་ལྟ་ངས་རྫོང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་ཚོགས་མི་རྣམ་པས་གྲོས་ཞིབ་དང་བསམ་འཆར་ལྷུག་བརྗོད་གནང་རོགས།

2025ལོ་དང“ལྔ་ཚན་བཅུ་བཞི”དུས་སྐབས་ཀྱི་བྱ་བར་ཕྱི་མིག་ལྟ་བ།

2025ལོར། མཚོ་སྔོན་ཞིང་ཆེན་དང་མཚོ་བྱང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་། རྫོང་ཨུ་བཅས་ཀྱི་དབུ་ཁྲིད་འོག ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་བསམ་བློའི་དར་ཆ་མཐོན་པོར་བསྒྲེངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བ་དང་སྐབས་ཉི་ཤུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བསྐངས་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན། མཚོ་སྔོན་ཞིང་ཆེན་དང་མཚོ་བྱང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་སོགས་ལག་བསྟར་གནད་དུ་ཐིངས་པ་བགྱིས་ཏེ། རྫོང་ཨུའི་འགྱུར་མེད་གཏན་འཇགས་ཀྱི་དབུ་ཁྲིད་དང་རྫོང་མི་དམངས་འཐུས་ཚོགས། རྫོང་སྲིད་གྲོས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་འོག བརྟན་བརླིང་ཁྲོད་འཕེལ་རྒྱས་འབྱུང་བའི་བྱ་བའི་རྩ་དོན་རྒྱུན་འཁྱོངས་སྒོས། ཁུལ་ཨུའི“243”〔1〕ཡི་འཕེལ་རྒྱས་ཀྱི་བཀོད་སྒྲིག་དང་རྫོང་ཨུའི“1136”〔2〕ཡི་བྱ་བའི་བྱེད་ཕྱོགས་མཐའ་འཁྱོལ་བ་བྱས་པར་མ་ཟད། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་རྣམས་ཀྱིས་ཡིད་ཆེས་ཀྱི་དང་བ་གཅིག་ཏུ་དྲངས་ནས། དཀའ་ངལ་གྱི་དུས་སྐབས་སུ་འཕེལ་རྒྱས་ཀྱི་ལམ་དུ་བཙལ་ཞིང་། ལས་ཀའི་རྣམ་གྲངས་ཐམས་ཅད་དོན་ཐོག་ཏུ་སྨིན་སྟབས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ཡོངས་སུ་ལེགས་འགྲུབ་བྱུང་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རང་རེའི་རྐང་ཚ་རྫོང་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལམ་ཀར་འགྱུར་མེད་བརྟན་བརླིང་གི་གོམ་པ་དང་པོ་སྤོ་ཐུབ་པ་བྱུང་། དེ་ཡང་། ས་གནས་ཐོན་སྐྱེད་ཀྱི་སྤྱི་འབོར་སྒོར་དུང་ཕྱུར25.48ཡིན་ལ། འདྲ་མཚུངས་བསྡུར་ཚད་བརྒྱ་ཆའི8འཕར་ཞིང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་འདྲ་མཚུངས་བསྡུར་ཚད་བརྒྱ་ཆའི49.4ལ་སླེབས། ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར1.22ཡིན་ལ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སྒོར་དུང་ཕྱུར13.85ཡིན། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སྒོར32897ཡིན། དེ་ཡང་འདྲ་མཚུངས་བསྡུར་ཚད་ལས་བརྒྱ་ཆའི5.2འཕར་ཡོད(གྲོང་རྡལ་གྱི་གཏན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སྒོར44322ཡིན་ལ། སྔ་མ་དང་བསྡུར་ན་བརྒྱ་ཆའི4.4འཕར་ཞིང་། གྲོང་གསེབ་གཏན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སྒོར26221ཡིན་པ་དེ་ཡང་སྔར་དང་བསྡུར་ན་བརྒྱ་ཆའི6འཕར་ཡོད)སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར6.43ཟིན་ཞིང་། འདྲ་མཚུངས་བསྡུར་ཚད་བརྒྱ་ཆའི1.2འཕར་ཡོད། 

ལོ་འདིར་ང་ཚོས་འབད་པ་ཆེན་པོ་བསྐྱེད་ནས་སྔར་མེད་ཀྱི་གྲུབ་འབྲས་རེ་འགའ་བླངས། དེ་ཡང་ཁུལ་ཡོངས་ཀྱི་ཆེས་ཐོག་མའི་གློག་གསོག་ནུས་འདོན་ས་ཚིགས་གཅིག་བཟོས་ཏེ་བེད་སྤྱོད་གཏོང་མགོ་ཚུགས་ཤིང་། མུའུ་ཁྲི900ལ་ཉེ་བའི་རྩྭ་སར་སྐྱེ་ལྡན་དཔང་དངོས་བདེན་པ་ཡིན་པ་ར་སྤྲད་ཅིང་། ཞིང་ཕྱུགས་ཐོན་རྫས8ལ་ཁུལ་རིམ་པས་སྤུས་ལེགས་ཐོན་རྫས་ཀྱི་ཆོ་ལོ་བསྩལ་བར་མ་ཟད། དེའི་ཁྲོད་ཀྱི་ཐོན་རྫས4“རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་བའི་དམིགས་བསལ་སྤུས་དག་ཐོན་རྫས་གསར་པའི”དཀར་ཆག་ནང་ཚུད། ཤའི་རིགས་ཀྱི་ཐོན་རྫས2ལ་ཤང་ཀང་གི“ཀ་དག”བདེན་དཔང་ཐོབ〔3ལ། ཆིན་ཧུའུ་ཞིང་ལས་མ་འཇོག་སོགས་ཁེ་ལས3ལ“རྐང”ཡིག་ཞིང་ཕྱུགས་ཚོང་རྟགས་ཏེ། རྒྱལ་སྤྱིའི་སྤུས་ལེགས་ཐོན་རྫས་ཀྱི་གྲལ་རིམ་དུ་སླེབས་ཤིང་ཐེངས་དང་པོར་ཨ་རིར་ཕྱིར་འཚོང་བྱས་སྟབས། སྔར་ཐོན་རྫས་ཕྱིར་འཚོང་བྱེད་མ་མྱོང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་དུ་བསྐྲུན། 

ལོ་འདིར་ང་ཚོས་དཀའ་ངལ་ཁྱད་དུ་བསད་ནས་མིག་རྒྱང་རིང་བའི་དོན་ཆེན་ཁག་ཅིག་བསྒྲུབས། དེ་ཡང་ཁུལ་ཡོངས་ཀྱི་ཆེས་ཐོག་མའི་རིག་སྟོབས་ཕྱུགས་ལས་ཀྱི་གཞི་གྲངས་དྲྭ་བ་བཙུགས་ཤིང་། སྤྲིན་རྩིས་དང་ཁུལ་ཕྲེང་སོགས〔4〕ཀྱི་ལག་རྩལ་གཙོའི་རིག་སྟོབས་ཅན་གྱི་ཕྱུགས་རིགས་གསོ་སྤེལ་མ་ལག་བསྐྲུན་པ་དེས། ཞིབ་ཚགས་ཁུངས་འཕེར་ཡོང་བའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་མ་ལག་མགྱོགས་མྱུར་ངང་འགྲུབ་ཅིང་། ཚེ་ཐར་ས་ཁུལ་གྱི་མི་མེད་འཕུར་གྲུའི་ཞིབ་དཔྱད་ལྟེ་གནས་དེ། ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་ཁྲོད་དུ། དམིགས་བསལ་གྱི་ཁོར་ཡུག་ཏུ་མི་མེད་འཕུར་གྲུའི་ལྟེ་བའི་ལག་རྩལ་ཚད་གཞི་གསུམ་བཟོ་བའི་ཁོངས་མིའི་གྲས་སུ་ཚུད་པ་སོགས་ཀྱིས། རང་རེའི་རྐང་ཚ་རྫོང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་ལས་གསར་གཏོད་ཀྱི་གྲས་སུ་སླེབས།  

ལོ་འདིར་ང་ཚོས་སྙིང་སྟོབས་ཆེ་རུ་བསྐྱེད་ནས་ལོ་རྒྱུས་ཐོག་འཐུས་ཤོར་བྱུང་བའི་གནད་དོན་རེ་འགའ་ཐག་བཅད། བྱ་བའི་འབྲེལ་ཡོད་ཀྱི་འགྲོ་ལུགས་བསྒྲུབ་དཀའ་བའི་གནད་དོན་ཐད། རྒྱལ་ཁབ་ལ་དབང་བའི་ནགས་ས་མུའུ་ཁྲི57.12དང་ཞིང་སྡེའི་འགན་གཙང་ལེན་བྱས་པའི་ས་ཞིང་མུའུ་ཁྲི6.6ལ་བདག་དབང་གཏན་ཁེལ་གྱིས་ཐོ་འགོད་ལག་རྟགས་བྱིན་ལ། གཞིས་ཁུལ་ཆུང་ངུ14ཡི་དུད་ཚང1382ལ་བརྟན་ནོར་ཐོ་འགོད་ལག་ཁྱེར་བསྒྲུབས་པ་དང་། “སྡེ་བའི་རྒྱུ་ནོར་ལ་ཡུལ་ཚོས་དོ་དམ་བྱེད”〔5པར་སྐུལ་འདེད་བཏང་ནས། སྡེ་བའི་ཐུན་མོང་གྱི“མ་དངུལ། མ་རྩ། ཐོན་ཁུངས་གསུམ”〔6གྱི་དབང་ཆ་གཏན་འཁེལ་བྱས་པའི་རྩིས་ཁྲར་སྒོར་དུང་ཕྱུར1.96ཐོ་འགོད་བྱས། མ་རྩ་སྒོར་ཁྲི10ལ་རི་བའི་བེད་མེད་རྒྱུ་ནོར་གྱི་རིན་ཐང་སླར་གསོ་བྱས་ཏེ། རོང་འབྲོག་ཁུལ་གྱི“མ་དངུལ། མ་རྩ། ཐོན་ཁུངས་གསུམལ་ལྟ་སྐུལ་དོ་དམ་བྱེད་པའི་ཐད་གནས་པའི་གནད་དོན་ཐག་གཅོད་བྱས་ཤིང། ཕྱུག་ནོར་དགོན་སོགས་དགོན་པ་གསུམ་གྱི་གློག་ཤེད་སྒྱུར་ཆས་ཀྱི་ཤོང་ཚད་ཆེ་རུ་བཏང་བར་མ་ཟད། གློག་གི་བེད་སྤྱོད་ཐད་གནས་པའི་ཉེན་ཁ་དག་ལ་ཐག་གཅོད་ལེགས་པོ་བྱས། 

ལོ་འདིར་ང་ཚོས་འགན་འཁྲི་ཁུར་དུ་ཁྱེར་ནས་སྔར་གྱི་ལས་འཕྲོའི་བྱ་བ་ཁག་གཅིག་ལ་སྐུལ་འདེད་བཏང། ཐོན་ལས་གཙོ་བོ་དང་ལས་སྒོ་གཙོ་བོ་འདྲ་ཞིང་དང་འགན་འཁྲི་གཙོ་བོ་ལ་ཁྱིམ་མཚེས་ལྟ་བུའི་འབྲེལ་བ་ཡོད་པའི་རྩ་དོན་ལྟར། ང་ཚོས1+5+8〔7གྱི་རྣམ་པའི་ཁེ་ལས་ཀྱི་སྒྲོམ་གཞི་ལྟར་རྒྱལ་ཁབ་ཀྱི་མ་འཇོག་ཚོགས་པ་བཙུགས་ནས། ཁེ་ལས་ཀྱི་གྲངས་འབོར44%ཚགས་སྡོམ་བྱས་ཏེ། རྐང་ཚའི་དེང་རབས་ཅན་གྱི་ཐོན་ལས་མ་ལགལ་སྒུལ་ཤུགས་དང་རོགས་འདེགས་མཉམ་དུ་བསྐྲུན་ལ། དེ་དང་ཆབས་ཅིག་རྐང་ཚ་རྫོང་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་དང་ཁུལ་གྱི་ལས་ཁུངས་དག་ལ་ལོ་མཇུག་གི་བྱ་བའི་དཔྱད་བསྡུར་ཐོག་མ་སྤེལ་བར་མ་ཟད། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་བསྡོམས་འབོར་ཚོད་འཛིན་འཛད་སྤྱོད་ས་ཚིགས14དང་ཐོག་མར་རྐང་ཚར་བཙུགས། 

ལོ་འདིར་ང་ཚོས་དཀའ་ངལ་གདོང་ལེན་བགྱིས་ཏེ་མི་སེམས་ཡར་སྐུལ་གྱི་གྲུབ་འབྲས་ཁག་གཅིག་བླངས།   རང་རྫོང་གི་སྐྱེ་ཁམས་གསོ་སྤེལ་མཐུན་ཚོགས་གཅིག་རྒྱལ་ཁབ་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་སྤུས་རྟགས་དཔེ་མཚོན་དུ་བདམས་ཤིང་། གནོད་ལྡན་སྐྱེ་དངོས་འགག་སྲུང་དང་མང་ཚོགས་ཀྱི་ལུས་རྩལ། བདེ་འཇགས་སྨན་ཁང་འཛུགས་སྐྲུན་སོགས་ལས་དོན་གསུམ་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་ལ། གྲོང་རྡལ་གྱི་གཞིས་ཁུལ་བྱང་མར་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་ཐུན་མོང་ཞེས་པའི་གཟེངས་རྟགས་ཐོབ། གཞན་ཡང་དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞི་དེ་ཞིང་ཆེན་རིམ་པའི་སློབ་གྲྭ་ཆུང་འབྲིང་གི་ཞིབ་འཇུག་ལག་ལེན་སློབ་གསོའི་རྟེན་གཞི་ཞེས་པར་བདམས་ཐོན་བྱུང་ཞིང་། ཁྲེན་ཧྥུ་ལིན་ལགས་ལ་རྒྱལ་ཡོངས་དམིགས་བསལ་ཨོ་ལིན་ཕིག་ཁུ་ལུས་རྩལ་འགྲན་ཚོགས་ཁྲོད་བྱ་དགའ་ཐོབ་པར་མ་ཟད།  ཉེན་རྟོག་ལས་རོགས་པ་སྐལ་བཟང་ཉི་མ་ལགས་ལ“ཀྲུང་གོའི་མི་བཟང”ཞེས་པའི་མཚན་སྙན་ཐོབ། ཁོ་རང་ཚོས་ཕལ་བའི་རང་བཞིན་བཟང་པོའི་སྤྱོད་ལམ་ལ་བརྟེན་ནས་རང་རེའི་རྐང་ཚའི་མཚན་སྙན་ཕྱོགས་སུ་རྒྱས་པར་བྱས་ཡོད། 

2025ལོར་ང་ཚོ་བྱང་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཀར་ཤ་ཐང་གིས་ཞུགས་ཤིང་། གཤམ་གྱི་བྱ་བ་རིགས་བདུན་གནད་ཀྱི་དོན་པོར་བཟུང་བ་ཡིན། 

སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པའི་ཐད་ལ་གྲུབ་འབྲས་གསར་པ་བླངས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་བྱེད་པ་གནད་ཀྱི་དོན་པོར་བཟུང་ཞིང་།  “རྒྱལ་ཁབ་ཀྱི་དོན་ཆེན”དང་ཆབ་སྲིད་ཀྱི་འགན་འཁྲི་རང་འགུལ་གྱིས་ཁུར་དུ་བླངས་ཏེ། ལྗང་སྐྱེད་ལྗང་སྲུང་དང་སྦགས་འགོག་ཐཱན་ཉུང་གཏོང་བ་ལ་མཐུན་རྐྱེན་གང་ལེགས་སྦྱར་ནས།  མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ་བཅས་ལ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བས།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་བརྟན་ཞིང་བརླིང་པོར་བྱས། སྔོ་ལྗང་གི་ཁྱབ་རྒྱ་ཆེ་རུ་བསྐྱེད་དེ་གསོག་ཚད་ཉུང་དུ་བཏང་བའི་ཐད་ལ། “བྱང་རྒྱུད་ས་ཁུལ་གསུམ”〔8སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭ5གསར་དུ་བཙུགས་ཤིང་། བྱེ་འགྱུར་རྩྭ་ཐང་མུའུ་ཁྲི5ལེགས་བཅོས་བྱས་པ་དང་བྲ་དང་འབུ་ཡི་གནོད་འཚེ་ཐེབས་ཉེན་ཡོད་པའི་རྩྭ་ས་མུའུ་ཁྲི388འགོག་སྲུང་བྱས། གཞན་ཡང་རྫོང་རིམ་པའི་མ་དངུལ་སྒོར་བྱེ་བ་གཅིག་ལྷག་བཏང་ནས་ལྗོན་ཤིང་རིགས་སྣ་ཚོགས་ཀྱི་སྡོང་ཕྲུག་ཁྲི36འདེབས་འཛུགས་བྱས་ཏེ། ས་མུའུ་ཉིས་སྟོང་ལྷག་ལྗང་འགྱུར་བཟོས་པ་དང་། དགུན་དཔྱིད་གཉིས་ལ་སྐྱེ་ཤིང་ཡོད་སའི་ས་མུའུ་ཁྲི3.4ལ་ཆུ་བཏང་བར་མ་ཟད།  ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་པ་སོགས་ཀྱིས་བཏོན་པའི་གནད་དོན42ལེགས་བཅོས་བྱས། གཞན་ཡང་ཚེ་ཐར་གཏེར་ཁུལ་གྱི་སྐྱེ་ཁམས་ཉམས་གསོ་བྱ་ཡུལ11ལ་རིམ་པར་ལེགས་བཅོས་གཏོང་བར་སྐུལ་འདེད་བཏང་བས། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཡི་ཁེབས་ཚད70.68%དང་སྐྱེ་ཤིང་གི་ཁེབས་ཚད4.51%སླེབས། ཁོར་ཡུག་སྦགས་བཙོག་ལེགས་བཅོས་བྱས་ཏེ་འགྱུར་ཚད་སྔོན་འགོག་བྱས་པའི་ཐད་ལ། དོན་བྱ་གལ་ཆེན་དག་གཙོར་བཟུང་སྟེ། གནད་དོན་གྱི་མགོ་ཁུངས་འཚོལ་སྙེག་དང་ཕྱོགས་བསྡུས་གཅིག་གྱུར་གྱིས་ལེགས་བཅོས་བྱེད་པའི་ཐབས་ལམ་རྒྱུན་འཁྱོངས་བྱས་ཤིང་། ནན་ཏན་སྒོས“བརྒྱ་ཆའི་བརྒྱ་ཅན་དྲུག”〔9གི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་པས། ལོ་གཅིག་གི་མཁའ་རླུང་གི་སྤུས་ཀ་ཇེ་ལེགས་སུ་བཏང་ཚད99.7%ལ་སླེབས། གཞན་ཡང་ཆུ་བོ་དང་མཚེའུར་འབབ་པའི་བཙོག་ཆུའི་འབབ་སྒོ44གནོད་མེད་ཚད་ལྡན་ཅན་དུ་བཅོས་པར་མ་ཟད། བཙོག་ཆུ་དང་གད་སྙིགས་ལེགས་བཅོས་ཐད་སྔར་མེད་ཟིན་ཐོ་གསར་པ་བསྐྲུན་ཞིང་། ལོ་ངོ་བཞིའི་རིང་གི་ཆུ་སྤུས་དག་ཚད100%་སླེབ་ཡོད།  དེ་མིན་ད་དུང་ཞིང་ས་མུའུ་ཁྲི6ལ་རྫས་འགྱུར་ཞིང་སྨན་ཇེ་ཉུང་དུ་བཏང་བས། རྨོ་ཞིང་དང་འཛུགས་སྐྲུན་ས་ཆའི་བདེ་འཇགས་བེད་སྤྱོད་ཀྱི་ཚད་གཞི་བརྒྱ་ཆའི100ལ་སླེབས་ཡོད།  དོ་དམ་ཚོད་འཛིན་བྱས་ཏེ་འཕར་ཚད་སྔོན་འགོག་བྱས་པའི་ཐད་ལ།  “ཚད་གཞི་གསུམ་དང་རྩིས་ཐོ་གཅིག”〔10གི་རིམ་སྤར་བྱ་བ་ལེགས་འགྲུབ་བྱས་ཏེ། ཁོར་ཡུག་དོ་དམ་ཚོད་འཛིན〔11བྱས་པའི་སྡེ་ཚན11སྙོམས་སྒྲིག་བྱས་པ་དང་། ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་པའི་སྙན་ཞུ10ལ་ཞིབ་མཆན་བཀོད་ཅིང་། དེ་འབྲེལ་གྱི་གནད་དོན60ལྷག་ཙམ་ལ་སྙན་སེང་ཐོ་འགོད་བྱས། དེ་མིན་ནགས་དང་རྩྭ་ས། ཆུ་བོ་དང་མཚེའུའི་འགན་འཛིན་པའི་འགན་འཁྲི་ནན་འཇོག་བྱས་པ་དང་། རྫོང་ཁུངས་ནས་ཕྱི་རོལ་ཏུ་འབབ་པའི་ཆུ་བོའི་བཞུར་རྒྱུན་ལ་མཉམ་འགོག་མཉམ་སྡོམ་མཉམ་འབྲེལ་སྒོས་བཅོས་སྐྱོང་བྱེད་པའི་ཐབས་ལམ་བརྒྱུད། ཆུ་བོ་དང་མཚེའུ་ཡི“འཆོལ་ཉོག་བཞི་གཙང་སེལ”〔12དང་ཞིང་ཕྱུགས་ས་ཁུལ་གྱི“གཙང་སེལ་གསུམ་དང་བསྒྱུར་བཅོས་གསུམ”〔13གྱི་བྱ་བ་སྣ་ཚོགས་འཆར་ཅན་དུ་སྤེལ། གཞན་ད་དུང་རང་བྱུང་ཐོན་ཁུངས་དང་འབྲེལ་བའི་ཁྲིམས་འགལ་གྱོད་གཞི50དང་། སྐྱེ་ཁམས་སྲིད་འཛིན་ཆད་འགེལ་གྱོད་གཞི་གསུམ། ཁོར་ཡུག་ཞུ་གཏུག་གི་གྱོད་དོན22བཅས་ཐག་གཅོད་བྱས། རིག་གནས་དཔལ་འབྱོར་ལྟ་ཚུལ་གྱི་འགྱུར་བག་དང་སྤུས་ཚད་མཐོ་རུ་འདེགས་པའི་ཐད་ལ།  རྩྭ་ས་འགོག་པ་དང་རྩྭ་ཕྱུགས་དོ་མཉམ་གྱི་ལམ་ལུགས་ནན་ཏན་སྒོས་ལག་ལེན་དུ་བསྟར་བ་དང་ཆབས་ཅིག སྟོབས་ཤུགས་ཆེན་པོས་ནགས་ལས་དཔལ་འབྱོར〔14འཕེལ་རྒྱས་སུ་བཏང་། དེ་ཡང་རྒྱ་སྨན་དང་བོད་སྨན་གྱི་ཉེར་མཁོའི་སྨན་སྣ་མུའུ200ཙམ་དང་། རྩྭ་འབྲུ་མུའུ5000བཏབ་པར་ཐོན་ཚད་སྒོར་ཁྲི100ལས་བརྒལ་བ་བྱུང་སྟེ། སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཆར་ཕན་འབྲས་མངོན་གསལ་བླངས། གཞན་ད་དུང་སྐྱེ་ཁམས་ཁོར་ཡུག་ལ་གནོད་མེད་སྒོས་གཏེར་ཁུངས་སྔོག་འདོན་བྱས་ཤིང་། སྤྱི་པའི་འཛུགས་སྐྲུན5ལ་སྐར་གཉིས་རིམ་པའི་གནོད་མེད་ཚད་གཞིར་སླེབས་པར་མ་ཟད། ཕྱོགས་ཡོངས་ནས་སྐྱེ་ཁམས“སྐར་བསོག་སྒོར་རྩིས་ཚོང་ཁང”〔15ཁྱབ་སྤེལ་བཏང་སྟེ། ལས་བྱེད་པ་དང་མང་ཚོགས་རྣམས་ལ“དངོས་ཕན་དོན་མཐུན”གྱི་སྐྱེ་ཁམས་ཁོར་ཡུག་གསར་བའི་ལྗོངས་རིས་བྲིས། 

ཐོན་ལས་ཀྱི་རྣམ་པ་བསྒྱུར་བཅོས་དང་རིམ་སྤར་བྱས་ཏེ་འཕེལ་རྒྱུས་ཀྱི་གྲུབ་འབྲས་གསར་པ་བླངས། ཐོན་ལས་ཀྱི“གནས་བཞི”〔16འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་ཚད་དུ་བཟུང་སྟེ། གཙོ་ཁྲིད་ཀྱི་ནུས་པ་ལྡན་པའི་ཐོན་ལས་ཆེན་པོ་གསུམ་སྤུས་དག་ནུས་འཕེར་ཡོང་བར་སྐུལ་འདེད་བཏང་།  དེ་དང་ཆབས་ཅིག་ཧུར་ཐག་གིས“ཞིང་ལས། ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན”མཉམ་འདྲེས་ངང་འཕེལ་རྒྱས་འབྱུང་བའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱས་ཏེ། དངོས་གཉེར་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དུ་བཏང་། ཞིང་ཕྱུགས་ཐོན་ལས་ཀྱི་ཕྲེང་ལོང་མུ་སྦྲེལ་དང་ཆེར་བསྐྱེད་གཏོང་བའི་ཐད་ལ། རྨོ་ཞིང་སྲུང་སྐྱོབ་ཀྱི་བྱེད་ཐབས་གལ་གནད་ཆེ་བ་ལག་ལེན་དུ་བསྟར་ནས། ལོ་ཏོག་མུའུ་ཁྲི13.74རྨོ་འདེབས་བྱས་པ་དེའི་འབྲུ་རིགས་ཀྱི་ཐོན་ཚད་ཏུན་ཁྲི2.69ལ་སླེབས་ཤིང་བསྟུད་མར་ལོ་ལྔའི་རིང་ལ་ཐོན་ཚད་འཕར་སྣོན་བྱས་ཡོད། དེ་ལས་གཞན་ལོ་ཏོག་གི་སོན་བཟང་མུའུ་ཁྲི1.38རྨོ་འདེབས་བྱས་པ་དང་། རྒྱུད་ལེགས་ཕྱུགས་ཟོག625ནང་འདྲེན་བྱས་པར་མ་ཟད། ནོར་ནག་དང་བོད་ལུག་གི་གསོ་སྤེལ་རྟེན་གཞི35དང་སྐྱེ་ཁམས་ཕྱུགས་ར〔1743གཏན་ཁེལ་ཁས་ལེན་བྱས།  གཞན་ཡང་རྐང་ཚ་རྫོང་གི་རྒྱལ་ཁབ་ཞིང་ལས་གནོད་མེད་འཕེལ་རྒྱས་ཀྱི་སྔོན་སོང་རྟོག་ཞིབ་ལས་ཀའི་རྣམ་གྲངས་གསར་དུ་བཙུགས་ཤིང་།  འཁྱགས་ཉར་གསོག་འཇོག་དང་བསླད་མེད་ལས་སྣོན་བྱེད་མགོ་བརྩམས་ཏེ། ཞིང་ཕྱུགས་ལས་ཀྱི་ཐོན་རྫས་རིགས10ལྷག་ཙམ་གསར་བཟོ་བྱས་པར། ཞིང་ཕྱུགས་ལས་ཐོན་རྫས་དེ་དག་ས་གནས་རང་ནས་ལས་སྣོན་བྱས་ཚད་སྔ་མ་ལས65%ཙམ་ཇེ་མཐོར་ཕྱིན་ཡོད།  དེ་མིན་ད་དུང་རིག་གནས་ལུས་རྩལ་འགྲན་བསྡུར་དང་ས་གནས་གཞན་གྱི་རོགས་སྐྱོར་སོགས་ལ་བརྟེན་ནས། “ས་ཆའི་ཐོན་རྫས”འགྲེམ་སྟོན་ཚོང་འདུས་སམ་མཚོ་སྔོན་ས་ཆའི་ཁྱིམ་ཚང་གི་གསོལ་སྟོན་སོགས་ཟས་མཆོག་གི་བྲོ་བ་མྱོང་བའི་བྱེད་སྒོ་ཐེངས23ཙམ་སྤེལ་ཞིང་། ཐད་གཉེར་ཚོང་ཁང21གིས་སྒོར་ཁྲི3533ལ་རི་བའི་ཚོང་ཟོང་ཕྱིར་འཚོང་བྱས་པར་མ་ཟད། ཕྱུགས་ཟོག་ཁྲི39.86ཕྱིར་འཚོང་བྱས་པ་བ་སོགས། མདོར་ན་རིག་གནས་ཡུལ་སྐོར་དང་ཞིང་ཕྱུགས་ལས་རིགས་མཉམ་འབྲེལ་སྒོས་དཔལ་འབྱོར་གྱི་ཡོང་སྒོ་འཚོལ་བར་སྣེ་ཁྲིད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད། ནུས་ཁུངས་གསར་པའི་ཤོང་ཚད་དང་གཞི་རྒྱ་ཇེ་ཆེར་བཏང་བའི་ཐད་ལ། ཚེ་ཐར་རྡོ་སོལ་ཐོན་ལས་ས་ཁུལ་གྱི་ཆེད་དོན་འཆར་བཀོད་དང་ཐོན་ལས་འཆར་བཀོད་སྒྲིག་བཟོ་བྱས་ཏེ།  ཚེ་ཐར་རྡོ་སོལ་ཐོན་ལས་ས་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་སྒོ་འབྱེད་ཀྱི་ཆོག་འཐུས་ཐོ་འགོད་བྱས་པར་མ་ཟད། བྱ་བའི་འགྲོ་རིམ་བརྒྱུད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ཞིབ་བཤེར་གཏན་འབེབས་བྱས་ཡོད། དེ་ལས་གཞན་ཚེ་ཐར་ས་ཁུལ་གྱི་སྟོང་ཝོལ750ཅན་གྱི་གློག་ཤུགས་འདྲེན་སྒྱུར་ལས་གྲྭར་ཇུས་འགོད་བྱེད་སྒང་ཡིན་ལ། “ཕྱུགས་གློག་མཉམ་གནས”〔18ལས་ཀའི་རྣམ་གྲངས་འཛུགས་སྐྲུན་གྱི་དུས་རིམ་དང་པོ་དངོས་སུ་མགོ་བརྩམས་པར་མ་ཟད། སོལ་གཏེར་རྡིབ་ཀོང་ས་ཆའི་ཉི་འོད་གློག་སྒྱུར་ལའ་ཀའི་རྣམ་གྲངས་དང“གནོད་ཆོད་མེད་པའི་གློག”〔19གི་མཐོ་སྒང་རླུང་ཤུགས་གློག་འདོན་ལས་ཀའི་རྣམ་གྲགས་ཀྱི་སྔོན་འགྲོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ནུས་ཁུངས་གསར་པའི་གློག་འདོན་འཕྲུལ་ཆས་ཀྱི་གློག་འདོན་ཚད་སྟོང་ཝད་ཁྲི138.05ཙམ་འཕར་ཞིང་། ནུས་ཁུངས་གསར་བའི་ཁེ་ལས8གྱི་རིམ་བསགས་གློག་འདོན་ཚད་སྟོང་ཝད་ཆུ་ཚོད་དུང་ཕྱུར15.1ལ་སླེབས་པ་དེས།  བཟོ་ལས་སྤྱིའི་ཐོན་ཐང་སྒོར་དུང་ཕྱུར2.88ཡིན་ལ། འདྲ་མཚུངས་བསྡུར་ཚར27.9%འཕར་ཡོད། བཟོ་ཚོང་ལས་རིགས་ཀྱི་ཁང་པ་དང་སྤྱི་བའི་བཟོ་བཀོད། སྡོད་དམངས་ཀྱི་ཁང་པ་སོགས་སྟོང་ཝད2000ཅན་གྱི་ཉི་ནུས་གློག་སྒྱུར་ལས་ཀའི་རྣམ་གྲགས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས4ལ་ཡོང་འབབ་སྒོར་ཁྲི38.8འཕར་སྣོན་བྱས་ཡོད་ལ། གཞན་ཡང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར6.22ལ་སླེབས་པ་དེ་སྔ་མ་དང་བསྡུར་ན25.4%འཕར་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་མགྱོགས་མྱུར་ངང་དཔལ་འབྱོར་རིན་ཐང་དུ་བསྒྱུར་བར་ནུས་པ་བླ་ལྷག་ཐོན། ཡུལ་སྐོར་ལས་རིགས་ལེགས་ཕྱོགས་དང་ཁ་ཕྱོགས་གསར་བར་འཕེལ་བར་སྐུལ་འདེད་བཏང་བའི་ཐད་ལ།  གཉན་ཆེན་ཞལ་དཀར་རི་བོའི་ལྷོ་འདབས་ཀྱི་མཛེས་ལྗོངས་ས་ཁུལ་རྣམ་གྲངས་དང་དེའུ་དམར་གྲོང་ཚོའི་དམངས་སྲོལ་རིག་གནས་ཡུལ་སྐོར་ཐོན་ལས་ལས་ཀའི་རྣམ་གྲངས་ལེགས་འགྲུབ་བྱུང་ཞིང་། བྱ་གླིང་གི་ལས་ཀའི་རྣམ་གྲངས་ལ་ཆེད་མཁས་པས་དཔྱད་ཞིབ་བྱས་ཤིང་། རྟ་ཕྱུག་གཏེར་སྒོའི་ཐང་བྲང་ཚིགས་མལ་དེ་ཞིང་ཆེན་གྱི་སྐར་བཞི་རིམ་པའི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་ས་ཚིགས་སུ་བདམས་ཐོན་བྱུང་། གཞན་ཡང་མཚོ་སྔོན་པོའི་མཚོ་གཟིགས་དུས་ཚིགས་དང་བྱ་གཟིགས་དུས་ཚིགས། ཉ་གཟིགས་དུས་ཚིགས་སོགས་ཐོན་རྫས་གསར་པ་དང་ཡུལ་ལྗོངས་གསར་པ་མང་དུ་བཏོན་པར་མ་ཟད།  མདའ་རྩལ་འགྲན་བསྡུར་དང་རྐང་ཐང་འགྲན་བསྡུར། མཐོ་སྒང་རྟ་རྒྱུག་འགྲན་ཚོགས། རྐང་ཚའི་རྫ་སྔོ་ལྡང་བརྒལ་བ། རྐང་ཚའི་ཡུལ་གྱི་ཉི་གཞོན་ལ་ལྟ་བ་སོགས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ30ལྷག་ཙམ་སྤེལ་བ་དང་། ས་གནས་ཀྱི་མཛེས་ལྗོངས་ས་ཁུལ་དང་ཚོ་སྡེ་སོ་སོར་གཟུགས་མེད་རིག་གནས་འགྲེམ་སྟོན་ཐེངས45ཙམ་སྤེལ་ནས། ཅི་ནུས་གང་ལྕོགས་ཀྱིས་མགོ་སྒང་གི་དུས་ཚིགས་བཞི་བོར་ཡུལ་སྐོར་ལས་རིགས་མི་འདྲ་བ་དུ་མ་སྤེལ། མ་ཟད། “རི་དང་མཚོ་གཉིས་གྲོས་ཁ་གཅིག་ཏུ་མཐུན། ཧྲན་ཏུང་མཚོ་སྔོན་ལྷན་ཅིག་མདུན་དུ་བསྐྱོད”སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་འོས་སྦྱོར་ཐེངས7ལ་སྤེལ་ཞིང་། ཡུལ་སྐོར་བ་ཁྲི187.25སྣེ་ལེན་བྱས་ཏེ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར6.45ཙམ་བྱུང་བ་དེ་ལོ་སྔ་མ་དང་བསྡུར་ན25.82%དང24.18%འཕར་ཡོད། 

དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཐད་བྱ་ཐབས་ལེགས་པོ་བེད་སྤྱོད་བཏང་། “མ་རྩ་ལས་ཀའི་གཙོ་བོ། རྣམ་གྲངས་ལས་ཀའིི་རྩ་བ། ལག་བསྟར་ལས་ཀའི་ཡང་རྩ”ཞེས་པའི་རྩ་དོན་གཞིར་བཟུང་སྟེ། འཕེལ་རྒྱས་ཀྱི་གོ་སྐབས་བརྩོན་ལེན་བྱས་ནས་ཞབས་ཞུའི་ནུས་པ་ཆེར་བསྐྱེད་ཅིང་། བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀའི་རྣམ་གྲངས་འཛུགས་སྐྲུན་ཀྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་།  ཚོང་འགུགས་དངུལ་འདྲེན་གྱི་ཆུ་ཚད་མཐོ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་བྱས་ཏེ། ལས་ཀའི་རྣམ་གྲངས་ལ་སྟོབས་ཤུགས་གསར་བ་བསྐྲུན་ནས་འཕེལ་རྒྱས་ལ་དགོས་ངེས་ཀྱི་བྱ་ཐབས་ལེགས་པོ་བེད་སྤྱོད་བཏང་། ལས་ཀའི་རྣམ་གྲངས་འཛུགས་སྐྲུན་གྱི་འགྲོས་མྱུར་བ། ལས་ཀའི་རྣམ་གྲངས་འཛུགས་སྐྲུན་གྱི་བྱ་ཐབས་ལྔ〔20དང་མགོ་ཁྲིད་ཀྱི་འགན་གཙང་འཁུར་ལམ་ལུགས་གཏན་ཁེལ་བྱས་ཏེ།  ལས་ཀའི་རྣམ་གྲངས་མགོ་མཇུག་བར་གསུམ་གྱི་ཞབས་ཞུ་དང་དོ་དམ་ལེགས་པོར་བསྒྲུབས་ཏེ། ཀྲུང་དབྱང་སྔོན་རྩིས་ནང་གི་རྩ་བའི་འཛུགས་སྐྲུན་མ་དངུལ་དང་ངེས་གཏན་རོགས་སྐྱོར་བྱ་ཡུལ་སོགས་ཀྱི་སྲིད་ཇུས་འགངས་ཆེའི་མ་དངུལ་སྒོར་དུང་ཕྱུར96.13བརྩོན་ལེན་བྱས་ཏེ། ལས་ཀའི་རྣམ་གྲངས་མི་འདྲ་བ80ཀྱི་འཛུགས་སྐྲུན་ལས་མགོ་བཙུགས་པ་དེས་རྐང་ཚའི་དཔལ་འབྱོར་སྤུས་དག་འཕེལ་རྒྱས་འབྱུང་བར་རྨང་གཞི་བརྟན་པོ་བསྐྲུན། “ལྔ་ཚན་བཅོ་ལྔ”〔21དུས་སྐབས་ཀྱི་ལས་གྲྭ་འགངས་ཆེའི་ལས་ཀའི་རྣམ་གྲངས612ལ་ལས་འཆར་བཟོས་ཡོད་པ་དེར་ཚོད་དཔག་བྱས་ན་སྤྱིའི་མ་རྩ་སྒོར་དུང་ཕྱུར952.94ཙམ་ཡིན། ཚོང་འགུགས་མ་འདྲེན་ལ་སྔར་མེད་ཀྱི་གསོན་ཤུགས་རྒྱས། ལས་མི་ཡོངས་ལ་ཚོང་འགུགས་བྱེད་པ་དང་དུས་དང་རྣམ་པ་ཀུན་ལ་ཚོང་འགུགས་བྱེད་པའི་འདུ་ཤེས་ཀྱི་རྒྱུན་བསྐྱངས་ཏེ། “མཚོ་སྔོན་ཉོ་ཚོང་གྲོས་མོལ་ཚོགས་འདུ”གཙོར་བཟུང་ཐོག  ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། དམངས་ཀྱི་འཚོ་ཚིས་ལེགས་བཅོས་སོགས་ལ་དམིགས་པ་རྩེ་གཅིག་ཏུ་གཏད་ནས།  ཏང་སྲིད་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་པེ་ཅིང་དང་ཧྲན་ཏུན། སི་ཁྲོན་སོགས་ཞིང་ཆེན་དང་གྲོང་ཁྱེར།  རྒྱལ་ཁབ་ནུས་ཁུངས་ཚོགས་པ་སོགས་ཁེ་ལས་ཀྱི་ཚོང་ཚོགས་དུ་མར་ཞུགས་ནས་ཚོང་འགུགས་གྲོས་མོལ་ཐེངས་བཅུ་ལྷག་ཙམ་སྤེལ་ཞིང་། ལས་ཀའི་རྣམ་གྲངས་གསར་བ4ལ་གན་རྒྱ་བཞག་པས་བསྡོམས་འབོར་སྒོར་དུང་ཕྱུར62.5ཙམ་ཡིན་ལ། དེ་ལས་སྒོར་དུང་ཕྱུར7.19ཡི་རྣམ་གྲངས་དངོས་སུ་ལག་བསྟར་བྱས་ཤིང་། ལོ་གཅིག་གི་ལས་འགན་ལས102.7%ཙམ་ལེགས་འགྲུབ་བྱུང་ཡོད།  འཛད་སྤྱོད་སྐུལ་ཁྲིད་ལ་ནུས་པ་བླ་ལྷག་ཐོན་པ། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་མཉམ་ལས་ལ་དང་དོད་ཆེར་བྱས་ཤིང་། སྲོལ་རྒྱུན་དུས་ཆེན་དང་ཚོང་རྟགས་འགྲན་བསྡུར། རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་སྣ་ཚོགས་ཀྱི་གོ་སྐབས་བེད་སྤྱད་དེ། ཡུལ་དངོས་སམ་དྲ་སྟེང་གང་རུང་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཐེངས81ལ་སྤེལ་ཞིང་། འཛད་སྤྱོད་ཡོང་སྒོ་སྒོར་ཁྲི310.91བྱུང་། དེ་དང་ཆབས་ཅིག་རྣམ་པ་གསར་བའི་ཞིང་ཕྱུགས་ལས་བདག་གཉེར་པ1623ལ་སྐྱེད་ཀ་གསབ་དངུལ་སྒོར་ཁྲི1835.66སྤྲད་པ་དང་། ཁེ་ལས་ཆུང་ངུ་དང་ཐ་ཆུང་ལ་གཟིགས་སྐྱོང་དངུལ་བུན་ཐེངས813དང་སྒོར་དུང་ཕྱུར2.59གཏོང་འཇོག་བྱས། གསར་གཏོད་སྒྱུར་བཅོས་ལ་ནན་ཏན་ཞིབ་ཚད་བགྱིས་པ། གྲོང་རྡལ་དང་ཡུལ་ཚོའི་ལས་འགན་སྒྲུབ་པའི་བྱ་རི〔22དང་དགོན་པའི་དོ་དམ་ལམ་སྲོལ་ལ་རྩིས་འགོད་གསལ་དག་བྱས་ཤིང་།  ཞིང་ཆེན་མན་གྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚད་ལེན་སྒྲིག་གཞི་བཅོས་བསྒྱུར་སོགས་གཙོ་གནད་མངའ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཇེ་ཟབ་ཏུ་བཏང་བར་མ་ཟད། “ཐེངས་གཅིག་ལ་མྱུར་སྒྲུབ”དང“དྲྭ་གཅིག་གིས་ཡོངས་སྒྲུབ”〔23ཅེས་པའི་བྱ་ཐབས་ལག་ལེན་དུ་བསྟར་བ་དང་ཆབས་ཅིག “ངས་མང་ཚོགས་ལ་ལས་རིམ་ཆ་ཚང་སྒྲུབ་རོགས་བྱ”ཞེས་པའི་ཞབས་ཞུ་མཁོ་སྤྲོད་བྱས་ཏེ། ལས་ཀའི་འགྲོ་ལུགས་སྒྲུབ་པའི་དུས་ཡུན30%ཇེ་ཐུང་དུ་བཏང་། གཞན་ཡང་ཁེ་ལས་ཀྱི་འགྲོ་ལུགས་ཐམས་ཅད་དུས་ཡུན་ཉིན་གཅིག་ལ་སྒྲུབ་ཚར་བར་བྱས་པར་མ་ཟད། ལས་གཉེར་ལག་ཁྱེར་དུས་ཐོག་གཅིག་ལ་ཐོར་བཀོད་ཅིང་ལེན་ཐུབ་བྱས་པས། གསར་དུ་ཐོ་འགོད་བྱས་པའི་ཚོང་རའི་བྱེད་པོ429བྱུང་བ་དེ་སྔར་ལས3%འཕར་ཡོད།

གྲོང་རྡལ་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་འབྱུང་བའི་ཐད་སྔར་མེད་ཀྱི་ཐོད་རྒལ་བྱུང་། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་བསླབ་བྱ་གཞིར་བཟུང་སྟེ། རྫོང་ཁོངས་གྱི་གྲོང་རྡལ་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཤིང་། གྲོང་ཚོ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས། གྲོང་གསེབ་བཅོས་སྐྱོང་སོགས་རིགས་བགར་བ་དང་། གྲོང་རྡལ་དང་གྲོང་ཚོ་ལ་འཆར་གཞི་གཅིག་གྱུར་དང་འཛུགས་སྐྲུན་མཉམ་རོགས། བདག་སྐྱོང་གཅིག་མཚུངས་ཀྱིས་སྐུལ་འདེད་བཏང་། གཅིག་གྱུར་གྱི་འཆར་གཞི་བཟོས་ནས་བྱ་བར་སྣེ་ཁྲིད་བྱས་པ།  རྐང་ཚ་རྫོང་གི་གྲོང་རྡལ་གསར་འབྱེད་ས་མཚམས་ནང་རོལ་གྱི་ཞིབ་ཕྲའི་འཆར་བཀོད་ལ་ཆེད་མཁས་མི་སྣས་ཞིབ་བཤེར་བྱས་པ་བརྒྱུད་དེ། དཔལ་དགེ་གྲོང་རྡལ་ཀྱི་རྒྱལ་ཁོངས་བར་སྟོང་སྤྱིའི་འཆར་བཀོད་ལ་ཁུལ་སྲིད་གཞུང་གི་ཆོག་མཆན་བཀའ་ལན་ཐོབ་པ་དང་། འོམ་ཆུ་གྲོང་རྡལ་དེའུ་དམར་སྡེ་བའི་གྲོང་ཚོའི་འཆར་འགོད་སྒྲིག་བཟོའི་བྱ་བ་ལེགས་འགྲུབ་བྱུང་སྟེ། རྒྱལ་ཁོངས་བར་སྟོང་འཆར་བཀོད་ཀྱི“འཆར་གཞི་སྣ་མང་གཅིག་སྡུད”ལ་སྐུལ་འདེད་བཏང། “མ་དངུལ། མ་རྩ། ཐོན་ཁུངས་གསུམ”ལ་ལྟ་སྐུལ་དོ་དམ་ནན་ཏུར་བྱས་པ། ཧུར་ཐག་འབད་ཐག་གིས“2411”བསྐྱར་དབུལ་སྔོན་འགོག་བྱ་བའི〔24ལྟ་ཞིབ་དང་རོགས་སྐྱོབ་ཀྱི་བྱ་ཐབས་སྣ་ཚོགས་ལག་ལེན་དུ་བསྟར་ནས། ཡང་བསྐྱར་དབུལ་པོ་ཆགས་པའི་དུད་ཁྱིམ186དང་མི607ལྟ་ཞིབ་བརྒྱུད་རྩིས་ལེན་བྱས་ཤིང་དེ་ལས་དུད་ཁྱིམ120དང་མི410ལ་དབུལ་སེལ་བྱས་ཤིང་དབུལ་ཐར་བྱུང་བའི་ཚད་གཞི67.5.%ཟིན་ཡོད་ལ། དེ་ལས་གཞན་གྲོང་གསེབ་དར་རྒྱས་ཐད་མ་དངུལ་སྒོར་ཁྲི9571.45བཏང་སྟེ། ལས་ཀའི་རྣམ་གྲངས34དོན་ཐོག་ཏུ་འཁྱོལ་བར་བྱས་ཤིང་། ཞིང་འབྲོག་ལས་བདག་གཉེར་བྱེད་པོ་གསར་པ163སྙན་སེང་ཐོ་འགོད་བྱས། དེ་མིན་ད་དུང་སྡེ་བའི་ཐུན་མོང་གྱི“མ་དངུལ། མ་རྩ། ཐོན་ཁུངས་གསུམ”གྱི་དོ་དམ་བྱ་ཐབས་དོན་ཚན12བཏོན་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ལྟ་སྐུལ་དོ་དམ་ལ་བརྩི་སྲུང་བྱ་དགོས་ངེས་ཀྱི་སྒྲིག་སྲོལ་ཡོད་པ་བྱས།  གྲོང་གསེབ་འཛུགས་སྐྲུན་གྱི་བྱ་བར་ཧུར་ཐག་འབད་ཐག་བྱས་པ། མཛེས་སྡུག་འཆམ་མཐུན་གྱི་གྲོང་ཚོ་གཅིག་འཛུགས་སྐྲུན་བྱས་པ་དང་། ཆ་རྐྱེན་ཞན་པའི་ཞིང་ཕྱུགས་ལས་ས་ཁུལ་གྱི་སྡོད་ཁང877ལེགས་བཅོས་བྱས་ཤིང་། གྲོང་གསེབ་ཀྱི་འགྲོ་ལམ་དང་ཟམ་པའི་ལས་གྲྭ11གསར་དུ་བསྐྲུན་པར་མ་ཟད། གྲོང་གསེབ་འགྲོ་ལམ་སྤྱི་ལེ2022.31བསྐྱར་ལས་བྱས་ཤིང་། རིན་མེད་འཁོར་འཇོག154གསར་དུ་བསྣན་ལ། སྤྱི་པའི་སྒྲིག་བཀོད173ལ་ཉམས་གསོ་བྱས། དེ་མིན་ད་དུང་བཏུང་ཆུའི་སྦུག་ལམ་སྤྱི་ལེ3.9དང་ཁྲོན་པ18གསར་བསྐྲུན་བྱས་ཡོད། གཞན་ཡང་ལོ་གསུམ་རིང་གི་ཁོར་ཡུག་གི་གཙང་སྦྲ་གཅིག་བསྡུས་སྒོས་བཅོས་སྒྲིག་དང་མི་སྡོད་སའི་ཁོར་ཡུག་ལ“གཙང་སེལ་གསུམ་དང་བསྒྱུར་བཅོས་གསུམ”གྱི་བྱ་ཐབས་ལེགས་པོར་སྤེལ་བར་མ་ཟད། བཏུང་ཆུའི་སྦུག་ལམ31ལ་གནོད་མེད་དུག་སེལ་བྱས་ཤིང་། གནོད་མེད་འཛུགས་སྐྲུན་བྱས་ཚད་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་བསལ་བྱས་ཚད། སྔོ་རྩྭའི་ཁེབས་ཚད་སོགས་རིམ་བཞིན93.71%དང42%བཅས་མཐོ་འདེགས་བྱུང་ཡོད་ལ། གད་སྙིགས་རིགས་འབྱེད་བྱས་ཚད་དང་ཚད་ལྡན་སྒོས་སྣོད་དུ་བླུགས་ཚད90%དང76%ལ་སླེབས་ཡོད།

དམངས་ཀྱི་འཚོ་ཚིས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་བླངས། དངོས་ཐོག་བདེན་འཚོལ་དང་ཁ་བཤད་དོན་ཐོག་ཏུ་འབེབས་པའི་རྩ་དོན་རྒྱུན་འཁྱོངས་སྒོས། དམངས་ཀྱི་འཚོ་ཚིས་ཐད་སྤྱོད་པའི་ནོར་སྲིད་གཏོང་སྒོའི་བསྡུར་ཚད་བརྒྱ་ཆ82ལ་སླེབས་པ་དང་། སྤྱི་པའི་རྨང་གཞིའི་ཞབས་ཞུའི་སྤུས་ཀ་དང་ཤོང་རྒྱ་ཆེ་རུ་བསྐྱེད་ཕྱིར།  རྫོང་སྲིད་གཞུང་གི་ཁས་འཆེས་པའི་དམངས་འཚོའི་ཐད་ཀྱི་བྱ་བ་རིགས9ལེགས་གྲུབ་བྱུང་། ལས་ཞུགས་གཙོ་བོར་འཛིན་པའི་བྱ་ཐབས་རྒྱུན་འཁྱོངས་བྱས་པ། བསྟུད་མར་ལོ་གསུམ་གྱི་རིང་ལ་ལས་ཞུགས་ཀྱི་བྱ་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ལག་ལེན་དུ་བསྟར་ནས། ལས་གཏོད་གསོ་སྐྱོང་གི་བྱ་བའི་དབུ་བརྩམས་ཤིང་། “རྫོང་དང་ཡུལ་ཚོ་དང་སྡེ་བ”བཅས་རིམ་པ་གསུམ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་བསྐྱེད། དེ་དང་ཆབས་ཅིག“12+N〔25སྤྱི་པའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཐེངས23ལ་སྤེལ་ནས། སྤྱི་ཕན་ལས་གནས་ལ་ཆ་སྙོམས་ཟླ་རེར་ཁ་གསབ་ཀྱི་སྒོ140ཇེ་མང་དུ་བཏང་བས། གྲོང་རྡལ་དང་ཡུལ་ཚོ་རུ་ལས་ཞུགས་པ472ཙམ་ཇེ་མང་དུ་ཕྱིན་པ་དང་། ཞིང་ཕྱུགས་ལས་ས་ཁུལ་གྱི་ངལ་རྩོལ་པ་ལས་སྒྱུར་སྒོས་ལས་ཞུགས་བྱས་མིཐེངས4717ཙམ་གསར་དུ་བསྣན་པ་དེས། གྲོང་རྡལ་དང་ཡུལ་ཚོ་རུ་ཐོར་བཀོད་པའི་ལས་ཤོར་བྱུང་ཚད2015%ཙམ་ཉུང་འཕྲི་བྱས་ཏེ། ལས་གཏོད་ལས་ཞུགས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བླངས། ཀུན་ཕན་འདྲ་མཉམ་གྱི་སློབ་གསོའི་མ་ལག་བཙུགས་པ། སློབ་གསོའི་འགྲོ་སོང་ཐད“སྣོན་པ་ལས་འཕྲི་བར་མི་བྱ་བ་གཉིས”〔26ཀྱི་དམ་ཚིག་ནན་དུ་བསྲུངས་ཏེ། སློབ་གྲྭ་འབྲིང་ཆུང་གི་སློབ་མ5000ལྷག་ལ་རིན་མེད་གུང་ཇ་མཁོ་སྤྲོད་བྱས་ཤིང་། སློབ་རའི་མེ་གསོད་བྱ་བའི་ཐད“མ་སྒྲུབ་པ་གཉིས”〔27ལ་ཁུལ་ཡོངས་ཀྱི་ཞིབ་བཤེར་རྩིས་ལེན་སྔོན་དུ་སོང་བར་མ་ཟད། སློབ་ཞུགས་ཡར་སྔོན་གྱི་རིན་མེད་སློབ་གསོ་ཡོངས་སུ་མངོན་འགྱུར་བྱས་པ་ཡིན། གཞན་ཡང་རྫོང་མི་རིགས་སློབ་འབྲིང་གི་འཛུགས་སྐྲུན་རྒྱ་བསྐྱེད་ཀྱི་རྣམ་གྲངས་གང་མགྱོགས་ངང་ལེགས་འགྲུབ་འབྱུང་བར་ནན་དུ་སྐུལ་ནས། སློབ་གསོའི་གཞི་གྲངས་ཅན་གྱི་སྤུས་ཚད་མཐོ་རུ་ཕྱིན་ཡོད་ལ། མཐོ་རྒྱུགས་དངོས་གཞིའི་སྐར་གྲངས་བརྒྱ་ཆའི13.81ཙམ་འཕར་ཐུབ་པ་བྱུང་། སྨན་བཅོས་ཞབས་ཞུའི་གཞི་རྒྱ་ཆེ་རུ་བསྐྱེད་པ། གཡུ་དཀར་འོམ་ལུང་ཡུལ་ཚོའི་འཕྲོད་བསྟེན་ཁང་གི་སྡོད་བཅོས་ཐོག་ཁང་ལེགས་འགྲུབ་བྱུང་ཞིང་། འོམ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གནས་སྤར་བ་སོགས་གྲོང་རྡལ་དང་ཡུལ་ཚོའི་འཕྲོད་བསྟེན་ཁང5ལ“གཞི་རིམ་གྱི་སྤུས་ལེགས་ཞབས་ཞུ”ཞེས་པའི2025ལོའི་ཁུལ་རིམ་པའི་དཔྱད་བཤེར་ཁས་ལེན་ཐོབ་ལ། རྫོང་ཁུངས་སྨན་བཅོས་འཕྲོད་བསྟེན་ཐུན་ཚོགས་གྱི“ཚན་ཁག་འགན་ལེན་སྡེ་ཁག”ལམ་ལུགས་འཐུས་ཚངགཏན་འབེབས་བྱས་ཏེ། “ཉིན་སྡོད་མཚན་འགྲོའི་ཀྲུང་བོད་སྨན་བཅོས”ཀྱི་ཞབས་ཞུའི་རྣམ་པ་སྤེལ་བ་དང་ཆབས་ཅིག ཀྲུང་བོད་སྨན་བཅོས་ཁང1ང་ཀྲུང་བོད་སྨན་བཅོས་ཚན་ཁག2བསྐྲུན་པས། རང་རེའི་རྫོང་མཁར་འདི་ཞིང་ཆེན་རིམ་པའི་གཞི་རིམ་འཕྲོད་བསྟེན་བདེ་ཐང་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཐོག་མའི་གྲས་སུ་བདམས། རྒན་གསོའི་ཞབས་ཞུ་སོགས་ཕྱོགས་ཀུན་ནས་ཇེ་ལེགས་སུ་བཏང་བ། 1+8+N〔28ཞེས་པའི་ཁྱིམ་དུ་བསྡད་དེ་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་པའི་རྣམ་པ་ལ་ཚོད་ལྟ་བྱས་ཏེ། དུད་ཁྱིམ40ཡི་ཁང་པའི་ནང་གི་བཀོད་པ་རྒན་པའི་འཚོ་གནས་དང་མཐུན་པར་བསྒྱུར་ལས་བྱས་ཤིང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད20གསར་དུ་བསྐྲུན་ལ། གཡུ་དཀར་འོམ་ལུང་ཡུལ་ཚོའི་ཕྱོགས་བསྡུས་རྒན་གསོ་ཞབས་ཞུའི་ལྟེ་གནས་དངོས་སུ་བེད་སྤྱོད་གཏོང་མགོ་ཚུགས། གཞན་ཡང་མ་དངུལ་སྒོར་ཁྲི4495.81ཙམ་རོགས་སྐྱོབ་ཁ་གསབ་ལ་སྤྱད་པ་དང་། སྨན་བཅོས་འགན་སྲུང་གི་འགན་ལེན་སྒོར་ཁྲི7306.16དངོས་སུ་བེད་སྤྱོད་བཏང་སྟེ། སྤྱི་ཚོགས་རོགས་སྐྱོར་གྱི་བྱ་བར་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་མཚན་སྙན་བླངས་པར་མ་ཟད། རྒན་གསོ་དང་སྨན་བཅོས། ལས་ཤོར་བྱུང་བ་དང་ལས་ཀའི་ཁྲོད་རྨས་སྐྱོན་བྱུང་བ་སོགས་འགན་སྲུང་ནང་ཞུགས་དགོས་ཀྱི་འགན་འཁྲི་དག་ལྷག་འགྲུབ་བྱས། དེ་མིན་ད་དུང་ཚེ་ལས་འདས་པ185ཡི་ཁྱིམ་མི་རྣམས་ལ་གནོད་མེད་དུར་འཇུག་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་ཁྲི55.35སྤྲད་པ་དང་། བྱས་རྗེས་བཞག་པའི་དམག་མི་ཟུར་པ་ལ་ཡིག་ཐོག་ཤིས་བརྗོད་ཐེངས12ལ་བྱས་པ་སོགས་མདོར་ན་དམངས་ཀྱི་འཚོ་ཚིས་ཕྱོགས་ཀུན་ནས་ཇེ་བཟང་ཇེ་ལེགས་སུ་འཕེལ་ཡོད།

སྤྱི་ཚོགས་གཏན་བདེ་ཡོང་བ་ལ་འགོག་སྲུང་བརྟན་པོ་བསྐྲུན་པ། “དམངས་དང་ཚེ་སྲོག་བླ་རུ་བཀུར”བའི་རྩ་དོན་རྒྱུན་འཁྱོངས་དང་། ཐོན་སྐྱེད་བདེ་འཇགས་ཀྱི“ཕྱོགས་བཞིའི་འགན་འཁྲི”〔29དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། བདེ་འཇགས་འགོག་ཟོན་གྱི་བྱ་བ་ནན་ཏུར་བསྒྲུབས་པས། ཐོན་སྐྱེད་བདེ་འཇགས་ཀྱི་ལས་ཀུན་ལེགས་ལམ་དུ་དཀྱུས་ཡོད་ལ། གནད་དོན་གྱི་རྩ་བ་སྔོག་ནས་དཀའ་གནད་ཀྱི་འགག་རྩ་སྒྲོལ་བའི་བྱ་བྱེད་ལག་ལེན་དུ་བསྟར་ནས། ལས་རིགས་འགངས་ཆེན་གྱི་བདེ་འཇགས་བསྲུང་སླད“ཉིན་བརྒྱའི་བྱེད་སྒོ”སྤེལ་བས། བདེ་འཇགས་ལ་གནོད་པའི་དོན་རྐྱེན362ལ་ཞིབ་བཤེར་དང་ལེགས་བཅོས་བྱས་ཤིང་། ས་ཁུལ་ཆིག་རྐྱང་གི་རང་འགུལ་གནམ་གཤིས་བརྟག་དཔྱད་ས་ཚིགས4དང་མཚོ་འཁོར་གྱི་རྐང་ཚའིXགློག་རླབས་གནམ་གཤིས་རེག་བརྡ་ཐོག་མ་བཙུགས། ཆུ་ལོག་གཙོའི་དུས་ཚིགས་རང་བཞིན་གྱི་རང་བྱུང་གནོད་འཚེ་སྔོན་འགོག་གི་བྱ་བ་གཙིགས་སུ་བཟུང་སྟེ། འཕྲལ་བྱུང་གནོད་འཚེ་ཡི་ཉེར་མཁོའི་རོགས་སྐྱོབ་དངོས་རྫས་ཁྲི3.65སྐྱེལ་འདྲེན་དང་གསོག་འཇོག་བྱས་ལ། ཚོ་གསར་སྡེ་བ་དང་གསེར་བཟང་སྡེ་བའི་རང་བྱུང་གནོད་འཚེ་འབྱུང་ཉེན་ཡོད་པའི་ས་ཁུལ་ལ་སྔོན་འགོག་ཉམས་གསོ་བྱས་པར་མ་ཟད། འགུལ་སྐྱོད་ཉེན་རྟོག་ཁང་དང“འགྲིམ་འགྲུལ་སྐོར་ཞིབ་མངག་གཏོང་གཅིག་གྱུར”〔30གྱི་རྣམ་པ་བེད་སྤྱད་དེ། རྒྱུན་གཏན་སྒོས་ནག་འཇོམས་ངན་སེལ་དང་ཉེས་དོན། གློག་འཕྲིན་མགོ་སྐོར་སོགས་ཀྱི་གྱོད་གཞི་སྔོན་འགོག་བྱས་པས་གྱོན་དོན་དེ་རིགས་སྔར་དང་བསྡུར་ན35.6%དང45.5%ཙམ་ཇེ་ཉུང་དུ་ཕྱིན་ཡོད་པར་མ་ཟད། རྩོད་གཞི401འདུམ་འགྲིག་ཐག་གཅོད་བྱས། གཞན་ཡང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོར་བཟུང་སྟེ། ཆོས་ལུགས་ཀྲུང་གོ་ཅན་དུ་སྒྱུར་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས་བོད་རྒྱུད་ནང་བསྟན་དགོན་པའི་དོ་དམ་སྐོར་གྱི་བྱེད་ཐབས་བཅུ་ལག་བསྟར་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་ལ“གཅིག་རྐྱང་བ་བཅུ་གསུམ”〔31དང“གནས་བཅུ་གཉིས་སུ་སྤེལ་བ”〔32ཞེས་པའི་དྲིལ་བསྒྲགས་སློབ་གསོ་ཤ་ཐང་དུ་སྤེལ་བར་མ་ཟད། དགོན་སྡེ13ལ་སྐར་རིམ་དཔྱད་བསྡུར་གཏན་འབེབས་བྱས། ལས་རིམ་ཆ་ཚང་དང་ཕྱོགས་མཚམས་ཡོངས་ནས་ནོར་སྲིད་ཀྱི་སྔོན་རྩིས་ལས་ཕྱོད་གྲུབ་འབྲས་དོ་དམ་བྱེད་ཤུགས་ཆེར་བསྐྱེད་དེ། སྒོར་ཁྲི3193གྱི་སྲིད་གཞུང་གི་སྤྱིར་བཏང་བུ་ལོན་ལས་འགན་བདེ་བླག་ངང་འགྲུབ་པ་དང་།ལོ་རྒྱུས་ཀྱི་ཤུལ་བཞག་རིགས་མི་འདྲ་བའི་རྩིས་དངུལ་སྒོར་ཁྲི8400ཐག་གཅོད་བྱས་ཤིང་། བུ་ལོན་གྱི་འཕར་ཚད་ལ་སྟངས་འཛིན་ནན་མོ་བགྱིས་ཏེ། སྲིད་གཞུང་རང་བཞིན་གྱི་བུ་ལོན་གྱི་ཉེན་ཁའི་ཞིབ་དཔྱད་དམིགས་ཚད་དེ་བདེ་འཇགས་ཀྱི་གནས་ལས་མི་འགོངས་པ་བྱས། 

སྲིད་གཞུང་གི་ནུས་ཕྱོད་མཐོ་རུ་གཏོང་བའི་ཐད་ཕན་འབྲས་གསར་པ་བླངས། “གྲོས་གཞི་དང་པོའི”ལམ་ལུགས་ལག་བསྟར་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་དང་ཡིད་ཆེས་འགྱུར་མེད་ཀྱི་རྒྱུན་འཁྱོངས་པར་བྱས་ཏེ། “ལས་ཀ་འཕྲལ་མར་བསྒྲུབ། ཁ་བཤད་དོན་ཐོག་འབེབས”པའི་སྤྱོད་བཟང་ལག་ལེན་ཏུ་བསྟར་ནས། མགོ་ཁྲིད་ལས་བྱེད་པའི“1+10〔33དང“དོན་བྱ་བཞི་གཞི་རིམ་དུ་སྤེལ་བའི”〔34ལམ་ལུགས་ཆ་ཚང་སྒོས་དམིགས་སུ་འཁེལ་བར་བྱས་པ་དང་ཆབས་ཅིག མི་དམངས་མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདུན་ལ་དོ་ཁུར་བགྱིས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པའི་གྲུབ་འབྲས་སྲ་བརྟན་གཏིང་ཟབ་ཏུ་བཏང་ཐོག མྱུལ་ཞིབ་དང་སྐོར་གཟིགས། རྟོག་ཞིབ་དང་ལྟ་བཤེར། ལྟ་སྐུལ་སོགས་ལས་བྱུང་བའི་གནད་དོན་སྣ་ཚོགས་ཐག་གཅོད་་བྱས་པར་མ་ཟད། མང་ཚོགས་ཀྱི་ཉེ་འཁོར་དུ་བྱུང་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་མཐའ་དག་གཅིག་སྡུད་སྒོས་བཅོས་སྒྲིག་བྱས་ཤིང་། ཕྱི་ཚུལ་རིང་ལུགས་ཀྱི་སྤྱོད་ངན་བྱ་ངན་གཙང་སེལ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་སྟེ། གཞི་རིམ་གྱི་དཔྱད་ཞིབ་དོན་ཚན་བརྒྱ་ཆའི20ཚགས་སྡོམ་བྱས། གཞན་ཡང་ཏང་སྲོལ་དང་སྤྱོད་གཙང་དར་སྤེལ་ཀྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་བཏང་ཞིང་། ཏང་ནང་གི“སྤྱོད་ལམ་ངན་པ་བཞི”〔35ལ་ཡོ་བསྲིང་ནན་ཏུར་བྱས་ཏེ། སྲིད་གཞུང་གི་སྣེ་ཁྲིད་ནུས་པ་ཆེར་བསྐྱེད་ནས་ཁྲིམས་སྐྱོང་གྱི་འདུ་ཤེས་བརྟན་པོར་བཙུགས་པ་དང་། “བསྒྲིགས་བཀོད་གཅིག་དང་རྩ་གནད་གཉིས”〔36གཏིང་ཟབ་ཏུ་སྤེལ་བར་མ་ཟད། ཚད་ལྡན་རང་བཞིན་གྱི་ཡིག་ཆའི“གཅིག་གྱུར་གསུམ”གྱི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བ་བྱས། དེ་མིན་ད་དུང“བརྒྱད་ལྔ”བཅའ་ཁྲིམས་ཁྱབ་གདལ〔37གཏོང་བར་སྐུལ་འདེད་ནན་ཏུར་བགྱིས་ཏེ། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་བསྟར་ཚད་ལྡན་དུ་བཏང་ནས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཇེ་ལེགས་སུ་བཏང་བ་ཡིན་ལ། དམངས་ཆེན་དང་སྲིད་གྲོས་ཀྱི་ལྟ་ཞིབ། སྤྱི་ཚོགས་ལྟ་སྐུལ་སོགས་རང་འགུལ་གྱིས་དང་ལེན་བྱས་ཏེ། རྩིས་བཤེར་ཀྱི་བསྡོམས་རྩིས་ལྟ་སྐུལ་གྱི་ནུས་པ་ཤུགས་ཆེར་བཏོན་ནས་མི་དམངས་འཐུས་ཚོགས་ཀྱི་བསམ་འཆར24དང་སྲིད་གྲོས་ཀྱི་ཨུ་ཡོན་ཀྱི་གྲོས་གཞི27ཐག་གཅོད་ལེགས་པོ་བྱས་པར་འདོད་བློ་ཁེངས་ཚད100%སླེབས་པ་སོགས་ཀྱིས་སྲིད་གཞུང་ཀྱི་ཐབས་ཇུས་དང་ལག་བསྟར་གྱི་ནུས་པ། སྤྱི་པའི་ཡིད་ཆེས་སོགས་མུ་ནས་མུ་རུ་མཐོར་འདེགས་བྱུང་།  

དེ་དང་ཆབས་ཅིག་རྫོང་ཡོངས་ཀྱི་གོང་འོག་བར་གྱིས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་བྱ་བ་སྣ་ཚོགས་ལག་ལེན་དངོས་སུ་བསྟར་བས། དམག་མི་ཟུར་བའི་ཞབས་ཞུའི་འགན་སྲུང་བྱ་བ་དང་དམངས་དམག་མཉམ་འདུས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ། རྒྱལ་སྲུང་བྱ་གཞག་ལ་སྐུལ་སློང་བྱེད་པ་བཅས་ཀྱི་ལས་དོན་གྱི་ལ་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད། ས་གནས་ལོ་རྒྱུས་དང་མཁོ་འཚོང་། ཡིག་ཚགས་སོགས་ཀྱི་བྱ་བར་ཡང་གྲུབ་འབྲས་གསར་པ་བླངས་ཡོད་ལ། དེ་མིན་ད་དུང་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་གྱིས“མི་བརྒྱའི་འཆར་གཞི་གསུམ”〔38གནད་དུ་བཟུང་སྟེ། ན་གཞོན་དང་ལས་བཟོ་བ། བུད་མེད་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། རྒྱ་གྲམ་དམར་པོའི་ཚོགས་བཅས་ལ་ཞབས་ཞུ་གནད་ལ་འཁེལ་བ་བསྒྲུབས་ནས་སྤྱི་ཚོགས་ལ་ནུས་པ་བླ་ལྷག་ཏུ་འདོན་པར་སྒུལ་ཤུགས་བསྐུན་ཞིང་། རང་རེའི་རྫོང་ཁུངས་སུ་བཅའ་སྡོད་བྱས་པའི་ལས་ཁུངས་ཁག་གིས་རང་འགན་ཁུར་ཁྱེར་གྱིས་ཞབས་ཞུ་གང་ལེགས་བསྒྲུབས་པ་སོགས་ལ་བརྟེན་ནས། ལས་རིགས་ཐམས་ཅད་གཏན་འཇགས་ངང་འཕེལ་རྒྱས་བྱུང་སྟེ། རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་གསལ་བ་བྱིན་དང་སྟེར་མུས་ཡིན། 

འཐུས་མི་རྣམ་པ། 2025ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཐམས་ཅད་ལེགས་འགྲུབ་བྱུང་བ་འདིས། “ལྔ་ཚན་བཅུ་བཞི”དུས་སྐབས་ཀྱི་འཆར་གཞི་ཡོད་ཚད་བདེ་བླག་ངང་མཇུག་སྒྲིལ་བ་མཚོན་ཞིང་། འདས་པའི་ལོ་གཅིག་གི་བྱ་བར་ཕྱི་མིག་བལྟས་ཚེ། མཐོན་པོ་རི་ལ་འཛེགས་ཤིང་ཀྱག་ཀྱོག་འཕྲང་གོག་བརྒལ་འདྲའི་དཀའ་སྡུག་ཡོད་ལ། ངལ་བ་ཁྱད་དུ་བསད་དེ་ལེགས་ཚོགས་གྲུབ་འབྲས་བླངས་པའི་དགའ་བ་ཡང་ཡོད་ངེས། དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་རྐང་ཚར་རྟོག་ཞིབ་ཏུ་ཕེབས་ཏེ་རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་མཛུབ་སྟོན་སྣེ་ཁྲིད་གནང་བས། རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་རྣམས་ལ་སྔར་མེད་ཀྱི་བློ་སྤོབས་དང་གཞེན་སྐུལ་གྱི་ནུས་པ་བླ་ལྷག་ཐོབ། ལོ་འདི་དག་གི་རིང་ལ། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཀ་མ་ནོར་བར། བྱུར་ངན་རིམས་ནད་ཀྱི་འཚེ་བ་དང་དཔལ་འབྱོར་ཉམས་རྒུད་ཀྱི་ཞོར་སྐྱོན་སོགས་ལ་ཞུམ་མེད་ཀྱི་རྒོལ་ལན་སྤྲད་སྟབས། སྐྱེ་ཁམས་ཁོར་སྲུང་གི་མཐུ་བཙན་ཞིང་། ཐོན་ལས་ཡར་བསྐྱེད་ཀྱི་རྐང་བརྟན་པ། རྣམ་གྲངས་འཛུགས་སྐྲུན་གྱི་འགྲོས་མྱུར་ཞིང་། དམངས་འཚོ་བཟང་འཆོས་ཀྱི་བབ་ལེགས་པ་སོགས། མདོར་ན་ཀུན་གྱི་མིག་ལྟོས་སུ་རི་བའི་ལེགས་ཚོགས་ཀྱི་འབྲས་བཟང་དུ་མ་བླངས་ཡོད། 

འདས་པའི་ལོ་ངོ་ལྔ་ནི་ཕྱོགས་བསྡུས་སྟོབས་ཤུགས་དེམཆོང་སྐྱོད་མངོན་འགྱུར་བྱུང་བའི་ལོ་ལྔ་ཡིན ལོ་རྒྱུས་དང་མི་དམངས་ལ་འགན་འཁུར་བའི་ཚད་མཐོའི་བྱེད་ཐབས་ལ་བརྟེན་ནས་སྐྱེ་ཁམས་འཆམ་མཐུན་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ་དང་། དཔལ་འབྱོར་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་བཏང་ཞིང་། གྲངས་ཚད་ལུགས་མཐུན་ངང་འཕར་བ་མངོན་འགྱུར་བྱུང་བས། ཐོན་ལས་གྲུབ་ཚུལ་ཐེངས་གསུམ་དེ2025ལོའི་བསྡུར་ཚད28.3:24.4:47.3ཇེ་ལེགས་སུ་བཏང་བ་དང་།  ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར21.5%འཕར ལོ་རེར་ཆ་སྙོམས་འཕར་ཚད4.0%ཡིན། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་སོ་སོར25.5%དང24.8%དང15.5%བཅས་འཕར་ཡོད་ལ། གཞན་ཡང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་ལོ་རེར5.5%འཕར གཞན་ཡང་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར6.4%འཕར་བ་དང་ནོར་སྲིད་ཀྱི་གཏོང་ཡོང་བསྡོམས་འབོར16.3%འཕར་བས། རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་གང་ལེགས་མངོན་པས། ཞིང་ཆེན་དང་ཁུལཡོངས་ཀྱི་འཕེལ་རྒྱས་ཁྲོད་རྐང་ཚའི་གྲུབ་འབྲས་དང་འགན་འཁྲི་མངོན་ཡོད་ཅིང་།  ཀྲུང་གོ་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྲ་བརྟན་དུ་བཏང་བར་མ་ཟད།  རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་སྲ་བརྟན་དང་གྲུབ་ཆ་སྔར་ལས་ཇེ་ལེགས་སུ་ཕྱིན་པས། རྐང་ཚའི་འབྱུང་འགྱུར་སྔར་ལས་གསོན་ཤུགས་ཀྱིས་ཁེངས། 

འདས་པའི་ལོ་ངོ་ལྔ་ནི་དྭངས་གཙང་མཛེས་སྡུག་གི་རི་ཆུ་ལ་སྔར་མེད་ཀྱི་མཛེས་སྡུག་བསྣན་པའི་ལོ་ལྔ་ཡིན། “རི་བོ་གཉིས”ཀྱི་འདུ་ཤེས〔39བརྟན་པོར་བཙུགས་ཏེ། རྐང་ཚ་རྫོང་གི་རྒྱལ་ཁབ་ས་ཁོངས་བར་སྟོང་གི་སྤྱིའི་འཆར་འགོད2021ལོ་ནས2035ལོའི་བར)》ལ་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་། “ཚད་ཐིག་གསུམ་དང་རྩིས་ཐོ་གཅིགསྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་མགྱོགས་མྱུར་ངང་ཆགས་ཤིང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་གྱི་ཚུར་ལན་གནད་དོན་བཅོས་སྒྲིག་རེས་སྐོར་གཉིས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། མུ་རུ་གཏེར་ཁུལ་གྱི(སྤྱང་ཚང་གཏེར་དོང་དང་པོམདོ་ལ་རི་བོའི་ལྷོ་འདབས་རྐང་ཚའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཁྱོན་ཡོངས་ནས་མཇུག་འགྲིལ་ཏེ། ནགས་ཚལ་དང་རྩྭ་ཐང་ཕྱོགས་བསྡུས་ལྗང་བསྒྱུར་ཁེབས་ཚད་ལོ་རེ་བཞིན་ཇེ་མཐོར་སོང་ཡོད། འོམ་ཆུའི་རྒྱལ་ཁབ་འདམ་རའི་སྤྱི་གླིང་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། འབག་བཙོག་སྔོན་འགོག་གི་དམིགས་ཚད་གཙོ་བོའི་ཚད་གཞིར་སླེབས་ཤིང་། མཚོ་སྔོན་པོའི་གསེར་ཉ་དང་དགོ་དམར་གྱི་ཁ་གྲངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལས། རྫོང་ཡོངས་ཀྱི་སྐྱེ་ཁམས་སྔར་བས་མཛེས་སྡུག་ལྡན་ཞིང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྐང་ཚའི་སྐྱེ་ཁམས་ཡུལ་ལྗོངས་ལ་ཐུན་མོང་གི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་པ་མཚོན་ཐུབ།

འདས་པའི་ལོ་ངོ་ལྔ་ནི་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་བཏང་བའི་ལོ་ལྔ་ཡིན།སྐྱེ་ཁམས་གཙོར་བཟུང་སྟེ།ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་སྒོས་སྐྱེ་ཁམས་ཀྱི་རྨང་གཞིར་བརྟེན་ནས་གནོད་མེད་ཞིང་ཕྱུགས་དང་སྐྱེ་ཁམས་ཡུལ་སྐོར། ནུས་ཁུངས་གསར་པའི་སོགས་ཐོན་ལས་འཕེལ་རྒྱས་བཏང་ཞིང་། ཐོན་ལས་འབྲེལ་ཐག་བཙུགས་ཏེ་རིན་ཐང་མཐོར་འདེགས་བཏང་ཡོད།རྨོ་ཞིང་མུའུ1600ནང་དུ་འབྲུ་རིགས་སྣུམ་བཙག་ཐོན་ཚད་བསྟུད་མར་ལོ་ལྔ་ལ་འཕར་བ་དང་།“གཅིག་རྐྱང་བ་དགུ”〔40ཡི་ལས་གྲྭ་ལག་བསྟར་བྱས་ཏེ། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིགས་བརྒྱ་ཙམ་ཞིབ་འཇུག་གསར་སྤེལ་བྱས་ཡོད་ལ།“འདེབས་འཛུགས་དང་། གསོ་སྐྱོང་། ཐོན་སྐྱེད། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འཕེལ་རྒྱས་བཏང་ཞིང་།རྐང”ཞེས་པའི་ཞིང་ཕྱུགས་ཐོན་རྫས་ཁག་ཕྱིའི་རྒྱལ་ཁབ་ལ་ཕྱིར་འཚོང་བྱེད་ཐུབ་པ་བྱུང་བས། སྲོལ་རྒྱུན་ཞིང་ཕྱུགས་ལས་སྤུས་རྟགས་ཅན་དུ་འགྱུར་བ་དང་ཡོངས་ཁྱབ་ཕྲེང་སྦྲེལ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཞིང་། སྒྲིག་གཞི་ཚང་བའི་ནུས་ཁུངས་གསར་པའི་ཁེ་ལས〔414གསོ་སྐྱོང་བྱས་པ་དང་། ནུས་ཁུངས་གཙང་མའི་འཕྲུལ་འཁོར་སྒྲིག་སྦྱོར་དང་དྲ་སྦྲེལ་བྱེད་ཚད2021ལོ་དང་བསྡུར་ན་ལྡབ4འཕར་ཡོད་ལ།ལོ་རེའི་གློག་འདོན་ཚད་ལྡབ་ལྔ་འཕར་ཡོད། དེ་མིན་ད་དུང་ནུས་ཁུངས་གསར་པ་ནི་སྒུལ་ནུས་གསར་རྙིང་རྙིང་ཚབ་གསར་བརྗེ་བྱེད་པར་འདེགས་སྐྱོར་གྱི་ལྟེ་བའི་སྒུལ་ཤུགས་སུ་འགྱུར་ཡོད་ཅིང་།རྡོ་སྣུམ་ནུས་ཁུངས་སྔོག་འདོན་བྱས་ནས་ལྗང་མདོག་ནུས་ཁུངས་གསར་སྤེལ་བྱེད་པའི་ཕྱོགས་སུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད་ལ། མཚོ་འཁོར་གྱི་སྐྱེ་ཁམས་ཡུལ་ལྗོངས་ཁུལ4སྟེ།དཀོན་ལོ་གོང་མ་སྡེ་བའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་བསྐྲུན་པ་དང་། མཚོ་སྔོན་པོའི་བྱང་ངོགས་སྐྱེ་ཁམས་ཡུལ་སྐོར་སྦྲེལ་མཐུད་ལམ་ཐིག་བསྐྲུན་ཏེ་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་སྟོབས་ཆེར་བཏང་བ་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་མ་ལག་ཚོང་གཉེར་བྱེད་ཤུགས་ཆེ་རུ་བཏང་སྟེ།དུས་ཚིགས་ཆིག་རྐྱང་བའི་ཡུལ་སྐོར་དེ་ལོ་ཧྲིལ་པོའི་ཡུལ་སྐོར་གྱི་རྣམ་པར་རྒྱ་སྐྱེད་པ་དང་།ལྟ་སྐོར་ཆིག་རྐྱང་བའི་ཡུལ་སྐོར་དེ་སྐྱེ་ཁམས་ཉམས་ལེན་དང་ཚན་རིག་ཁྱབ་གདལ་ཞིབ་འཇུརིག་གནས་འཚོལ་ཞིབ་ཀྱི་ཕྱོགས་སུ་བསྒྱུར་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ཁྲོད་ནུས་ཚད་གསོག་འཇོག་བྱས་ཏེ། རྐང་ཚའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱས། 

འདས་པའི་ལོ་ངོ་ལྔ་ནི་གྲོང་གསེབ་ཕྱི་ནང་ལྗང་བསྒྱུར་ཉམས་གསོ་བྱས་པའི་ལོ་ལྔ་ཡིན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟནརྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བར་ཕན་འབྲས་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ཞིང་། དབུལ་བོ་བསྐྱར་ལོག་མི་འབྱུང་བར་སྔོན་འགོག་བྱེད་པའི་ལམ་སྲོལ་དང་རིམ་པ་དབྱེ་ནས་རོགས་སྐྱོར་ལམ་ལུགས་བཙུགས་ཤིང་། གྲོང་གསེབ་དར་རྒྱས་གཏོང་བའི“བྱེད་སྒོ་ཆེན་པོ་བརྒྱད”〔42ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་ཧུར་ཐག་གིས་འཕེལ་རྒྱས་བཏང་བས། སྡེ་བ31གི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྔོན་དཔག་བྱས་ན་སྒོར་ཁྲི3373.95སླེབས་ཤིང་། བསྟུད་མར་ལོ་གསུམ་རིང་རྒྱལ་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་གདེང་འཇོག་མ་དཔེའི་རྫོང་ཁུངས་སུབདམས མཁར་གྲོང་གི་རྣམ་པ་གསར་སྒྱུར་ལ་ཤུགས་བསྣན་ནས་མཐོ་སྒང་གི་མཛེས་པའི་གྲོང་གསེབ་ཀྱི“བཟང་པོ་བཞི་ལྡན་གྱི་ཞིང་སྡེ་གཞུང་ལམ〔43དང་རིག་གནས་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཞིང་། གད་སྙིགས་རིགས་དབྱེའི་ལོ་ལྔའི་བྱེད་སྒོ་ལག་བསྟར་བྱས་ནས་མཚོ་འཁོར་ས་ཁུལ་གྱི་འབྱུང་རྩའི་རིགས་དབྱེ་བསྡུ་རུབ་དང་སྐྱེལ་འདྲེན། ཐག་གཅོད་བཅས་བྱས་ཏེ་ཕན་འབྲས་ཡོད་པའི་སྒོ་ནས་གད་སྙིགས་མེད་པའི་འབྲོག་ལས་རྫོང་དུ་འགྱུར་བར་འབད་པ་ལྷོད་མེད་བྱས 

འདས་པའི་ལོ་ངོ་ལྔ་ནི་འཕེལ་རྒྱས་ཀྱི་ཁེ་སྤོགས་ནུས་ལྡན་ངང་གློད་པའི་ལོ་ལྔ་ཡིན། “ལས་ཞུགས་བརྟན་པོ་དང་ལས་གཏོད་སྐུལ་འདེད”ཀྱི་སྲིད་ཇུས་མཐའ་དག་དོན་འཁྱོལ་བྱས་ཏེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་སྟོབས་ཤུགས་གླ་ཕོགས་ཅན་དང་གཉེར་སྐྱོང་ཅན་གྱི་ཡོང་འབབ་དུ་བཏང་ནད་གཏན་འཇགས་ངང་ངང་འཕར་ཡོད། སློབ་གསོའི“གཉིས་འཕྲི〔44དང“སློབ་གསོ་ལྔ་མཉམ་འཕེལ〔45ལ་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་བཏང་ཞིང་། རྒྱལ་ཁབ་ཀྱི་སློབ་ཞུགས་སྔོན་གྱི་སློབ་གསོ་ཁྱབ་གདལ་ཀུན་ཕན་རྫོང་བདེ་བླག་ངང་གསར་འཛུགས་བྱས་ཡོད། རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རང་སྟོབས་ཀྱིས་གསར་འདོན་བྱས་པའི་བོད་སྨན་སྨན་སྣ120སྡེབ་སྦྱོར་བྱས་པར་ཞིབ་མཆན་བཀོད་ཅིང་། དེའི་ཁྲོད་ཀྱི་སྨན་སྣ107སྨན་བཅོས་དཀར་ཆག་ཏུ་བཅུག དམངས་ཡོངས་ལ་རིན་མེད་སྒོས་ལུས་ཕུང་བརྟག་དཔྱད་ཐེངས་གཉིས་ལ་བྱས་པ་དང་། ནད་གཞི་སྔ་བཅོས་བྱེད་པའིའདུ་ཤེས་ཁྱབ་གདལ་བཏང་སྟེ་མང་ཚོགས་ཀྱི་འཇུ་བྱེད་མ་ལག་སོགས་ནད་རིགས་འབྱུང་ཚད10%ཙམ་མར་ཕབ། རིམ་པ་མི་འདྲ་བའི་སྤྱི་ཚོགས་འགན་སྲུང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། “1+8+N”ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ཏེ“གཉོར་སྐྱོང་དང་། སྨན་བཅོས། བདེ་སྣང་། བདེ་ཐང”བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་བཙུགས་ཤིང་། “ཚབ་གཉེར་ལྟེ་གནས”ཐོག་མ་དེ་སྒོ་བྱང་བཀལ་ནས“ལོ་ན་མ་སོན་པའི་བྱིས་པར་སྲུང་སྐྱོབ་དང་། སློབ་གསོ། བདེ་ཐང་བཅས་ཀྱི་སྲུང་སྐྱོང་དྲ་བ་བཙུགས་ཡོད།  སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་རིང་གི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། “མི་རིགས་མཐུན་སྒྲིལ་ཡར་ཐོན+”མཉམ་འདྲེས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཞིང་། བདེ་འཇགས་རྐང་ཚ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བར་མ་ཟད། རྫོང་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་དར་རྒྱས་ཆེན་པོ་བྱུང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་ངེས་འཛིན་གཏིང་ཟབ་ཐོབ་ཡོད་དེ།  དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མི་འདང་བ་དང་། འཕེལ་རྒྱས་ཀྱི་རྗེས་ཤུགས་སྔར་བཞིན་མི་འདང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འབྲེལ་བ་འབྲེལ་མཐུད་མི་ཐུབ་པ།  སྐྱེ་ཁམས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་ལེགས་ཆ་འདོན་སྤེལ་ཁ་གསལ་མིན་པ། གྲོང་ཁྱེར་བཅོས་སྐྱོང་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས་པ་དང་དམངས་འཚོ་འགན་སྲུང་གི་གནོན་ཤུགས་ཆེ་རུ་གཏོང་དགོས་པ། སྲིད་གཞུང་སྡེ་ཁག་ལས་བྱེད་དཔུང་ཁག་གི་གསར་གཏོད་བསམ་བློ་དང་ཆེད་ལས་བྱང་ཚད འཕོ་འགྱུར་ནུས་པ་བཅས་མཐོ་རུ་གཏོང་དགོས་པ་སོགས་ཡིན་པས། ང་ཚོས་གནད་དོན་འདི་དག་ལ་གདོང་གཏད་ནས་ཆོད་སེམས་བརྟན་པོས་རྫོང་ཡོངས་ཀྱི་མི་དམངས་ཀྱི་རེ་སྒུག་ཆོག་པའི་ཐག་གཅོད་གང་ལེགས་བྱ་དགོས།