རྐང་ཚ་རྫོང་མི་དམངས་སྲིད་གཞུང་གི་བྱ་བའི་སྙན་ཞུ། (2)
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2026ལོའི་ཟླ3ཚེས1ཉིན། རྐང་ཚ་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བདུན་པའི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་།
རྫོང་དཔོན། ཀྲང་ཆི་ཧྥེང་།

“ལྔ་ཚན་བཅོ་ལྔ”དུས་སྐབས་ཀྱི་དམིགས་ཚད་ལས་འགན་དང་2026ལོའི་ལས་དོན་གཙོ་བོ།
“ལྔ་ཚན་བཅོ་ལྔ”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པའི་སྔ་མཐུད་ཕྱི་རྗེས་སྐྱོང་གི་གནས་བབ་འགངས་ཆེན་ཞིག་ཡིན་པས། རྫོང་སྲིད་གཞུང་གིས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཀྱི་བསམ་བློ་ལག་བསྟར་དོན་ཐོག་ཏུ་འཁྱོལ་བ་བྱས་ཐོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་ལེན་དུ་བསྟར་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་པར་སློབ་སྦྱོང་ནན་ཏུར་བྱས་ཤིང་། “ཆེ་ཤོས་གསུམ”〔46〕གྱི་ཞིང་ཆེན་གྱི་གནས་བབ་དངོས་དང“གལ་འགངས་ཆེས་ཆེ་བ་གསུམ”〔47〕གྱི་འཐབ་ཇུས་གཞིར་བཟུང་ནས།བརྟན་ཐོག་ཡར་འཕེལ་གྱི་ལས་ཀ་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་།དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ། བསྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བྱས་ཤིང་།ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་འགན་སྲུང་བྱས་ཏེ། རྫོང་ཨུའི“1234”〔48〕ཡི་ལས་ཀའི་བསམ་ཕྱོགས་ལྟར།རིམ་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ〔49〕། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ། མི་ཡི་ཕྱོགས་ཀུན་འཕེལ་རྒྱས་གཏོང་བ་དང་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་རྒྱུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས།
རྫོང་གི་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི《རྐང་ཚ་རྫོང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི“ལྔ་ཚན་བཅོ་ལྔ”ཡི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་འཆར》གཞིར་བཟུང་ནས།རྫོང་མི་དམངས་སྲིད་གཞུང་གིས《རྐང་ཚ་རྫོང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད(འཆར་ཟིན)》རྩོམ་སྒྲིག་བྱས་ཏེ་ཚོགས་ཆེན་ལ་གྲོས་ཞིབ་བྱ་ཕུལ་བ་དང་།《རྩ་གནད(འཆར་ཟིན)》ནང“ལྔ་ཚན་བཅོ་ལྔ”དུས་སྐབས་ཀྱི་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཕྱོགས6གི་ཐོག་ནས་ཁ་གསལ་བསྟན་ཡོད་པ་དང་།ཕྱོགས8ཀྱི་ཐོག་ནས་གཙོ་གནད་ལས་འགན་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཏེ།ཁ་ཕྱོགས་གསལ་བ་དང་ཐབས་ལམ་ཡང་དག་པའི་སྒོ་ནས་འབྱུང་འགྱུར་ལོ་ལྔའི་ནང་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་ལོ་རེར3.5%འཕར་བར་བརྩོན་ལེན་བྱ་རྒྱུ་དང་།གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར5%འཕར་སྣོན་ཡོང་བ་བྱ་རྒྱུ།སྐྱེ་ཁམས་དམིགས་ཚད་གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་གྲངས་ཐང་ལས་མཐོ་བ་ཡོང་བ་བྱ་དགོས།
ད་ཡོད་ཀྱི་རྨང་གཞིའི་སྟེང་ད་དུང་ལོ་ལྔའི་ཡུན་ལ་མུ་མཐུད་དུ་འབད་འཐབ་བྱས་ཏེ། 2035ལོར་སླེབས་སྐབས་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཕྱོགས་བསྡུས་སྟོབས་ཤུགས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐས་རིམ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཆུ་ཚད།མི་དམངས་ཀྱི་འཚོ་བ་སོགས་ཡར་རྒྱས་གོང་འཕེལ་དང། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་རྐང་ཚ་འཛུགས་སྐྲུན་གྱི་སྔར་ལས་ལྷག་པའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས།ཁུལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་ཡོང་བ་བྱ་དགོས།
འཐུས་མི་རྣམ་པ། “ལྔ་ཚན་བཅོ་ལྔ”〔50〕ཡི་འཆར་འགོད་རྩ་གནད་ཁྲོད་དུ་མ་འོངས་པའི་ལོ་ལྔའི་རིང་གི་བྱ་བར་གཟི་བརྗིད་ལྡན་པའི་འཆར་རིས་འབྲི་བཞེངས་བྱས་ཡོད་སྟབས། ང་ཚོས་རང་ཉིད་བློས་གཏོང་གི་སྙིང་སྟོབས་ལ་བརྟེན་ནས་གོང་འོག་སྣེ་ཁྲིད་དང་འབད་འཐབ་ཡར་བརྩོན་གྱིས་ཕུགས་ཕན་གྱི་བྱ་གཞག་ལ་རང་ནུས་ཅི་ལྕོགས་ཀྱིས་བྱས་རྗེས་འཇོག་དགོས་ལ།“ལས་འཆར་འཛུགས་སྐྲུན་གྱི་པར་རིས”རེ་རེ“ཡུལ་ལྗོངས་བཟོ་བཀོད་ཀྱི་དཔེ་རིས”རེ་རེར་བསྒྱུར་དགོས། དེའི་སྟབས་ཀྱི་ང་ཚོ་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་གཟི་བརྗིད་ཀྱི་འོས་འགན་ཁུར་དུ་བླངས་ཏེ།རང་རྫོང་གི་མི་དམངས་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས“ལྔ་ཚན་བཅོ་ལྔ”ཡི་འཆར་འགོད་དམིགས་ཚད་མཐའ་དག་མངོན་འགྱུར་བྱ་ཐུབ་པར་ཡིད་ཆེད་བརྟན་པོ་ཡོད།
འཐུས་མི་རྣམ་པ། 2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པས། ལོ་ཧྲིལ་པོའི་ལས་དོན་ལེགས་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ད་ལོའི་རྫོང་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཚང་འཛོམས་གྲོས་ཚོགས་རིམ་བསྐངས་ཀྱི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ། ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ། རྫོང་ཨུའི་སྐབས་བཅོ་ལྔ་པའི་ཚང་འཛོམས་གྲོས་ཚོགས་དང་ཞིང་ཆེན། ཁུལ། རྫོང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་བཀོད་སྒྲིག་ལྟར། ཞིང་ཆེན་གྱི་གནས་ཚུལ“ཆེ་ཤོས་གསུམ”གྱི་གནས་བབ་དང“གལ་འགངས་ཆེས་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་གཞིར་བཟུང་ནས། “རྒྱུན་འཁྱོངས་གསུམ”〔51〕གྱི་ལག་ལེན་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཇི་བཞིན་ཁོང་དུ་ཆུད་དགོས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་དགོས། “བློ་ལ་བརྟན་པོར་ངེས་པ་གཅིག”〔52〕“བླང་བྱ་གཉིས”〔53〕“འགག་རྩ་གསུམ”〔54〕“སྔར་ལས་མཐོ་བ་ལྔ”〔55〕ཡི་ཚད་གཞིའི་བླང་བྱ་དང་། རྫོང་ཨུའི“1234”ལས་ཀའི་བསམ་ཕྱོགས་བཅས་ལ་དམིགས་པ་གཏད་ཅིང། ཁུལ་ཨུའི“གླིང་གཉིས་གནས་གཅིག”〔56〕 “ཐོན་ལས་ཀྱི་གནས་བཞི” “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”〔57〕བཅས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་ལས་འགན་ཁག་ལ་དམིགས་བཙུགས་ནས། སྤུས་ཚད་མཐོར་འདེགས་གཏོང་བ་དང་འཕེལ་རྒྱས་ཀྱི་འབྲས་བུ་འབུར་དུ་དོད་པ། སྤུས་ཚད་མཐོ་བའི་འཚོ་བ་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་པར་འཕེལ་རྒྱས་བཏང་སྟེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་ཚད་ལུགས་མཐུན་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས་ལ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཏེ། “ལྔ་ཚན་བཅོ་ལྔ”ཡི་དུས་སྐབས་ཀྱི་དབུ་ལེགས་པོ་རྩོམ་དགོས།
ད་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར4.5%ཡས་མས་འཕར་ཏེ་ཕན་འབྲས་གང་ལེགས་བརྩོན་ལེན་བྱ་དགོས། བརྟན་འཇགས་རྒྱུ་ནོར་མ་འཇོག6%འཕར་རྒྱུ་དང་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར2%ཡས་མས་ཡན་འཕར་རྒྱུ། ཁུལ་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་ས་ཁུལ་གྱི་ཐོན་སྐྱེད་བསྡོམས་འབོར་གཉིས་མཐུན་སྦྱོར་ངང་དུས་མཉམ་དུ་འཕར་རྒྱུ། སྡོད་དམངས་ཀྱི་ཡོང་འབབ་དང་དཔལ་འབྱོར་འཕར་ཚད་གཉིས་དུས་མཉམ་དུ་འཕར་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་སུ་ཚོད་འཛིན་བྱ་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཤོར་ཚད་གཞི3.5%ནང་ཚོད་འཛིན་བྱ་དགོས་ལ། འབྲུ་རིགས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི1.4ཡན་བརྟན་པོ་ཡོང་བ་དང་། མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་དུ་སླེབས་པ་དང་། རྫོང་ཁོངས་ཀྱི་ཆུའི་སྤུས་ཚདⅡཡན་རྒྱུན་འཁྱོངས་བྱེད་པ། འབག་བཙོག་དངོས་ཟེགས་ཕྱིར་འབུད་ཚད་ཇེ་ཉུང་དུ་གཏོང་བའི་དམིགས་ཚད་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་ཚད་ནང་ཚོད་འཛིན་བྱེད་དགོས་པ་བཅས་ཡིན།
གོང་གསལ་གྱི་སྔོན་དཔག་དམིགས་ཚད་གཏན་འཁེལ་ལྟར་ཕྱོགས་བསྡུས་བསམ་གཞིག་བྱས་པ་མ་ཟད། “ལྔ་ཚན་བཅུ་བཞི”བའིའཆར་འགོད་དམིགས་ཚད་དང་འབྲེལ་མཐུད་བྱས་ཏེ་གོ་སྐབས་དམ་འཛིན་དང་། སྤུས་ལེགས་གསོ་སྐྱོང་། སྔོན་ཐོན་བརྩོན་ལེན་བྱེད་པའི་འབད་འཐབ་དོན་གཉེར་མཚོན་ཡོད་པས། ང་ཚོས་དམིགས་འབེན་གཏན་འཁེལ་དང་། འབད་འཐབ་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་དགོངས་ཟབ་མོ་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ་ལོ་རྒྱུས་རང་བཞིན་གྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་གསར་བསྐྲུན་བྱ་དགོས་ལ། གཙོ་གནད“བྱེད་སྒོ་ཆེན་པོ་བརྒྱད”ལག་བསྟར་ཡག་པོ་བྱ་དགོས།
སྐྱེ་ཁམས་ལྗང་མདོག་འཕར་སྣོན་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་སྐྱེ་ཁམས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཁོར་ཡུག་གི“ཞན་ཆ”གསབ་དགོས། “ཚད་ཐིག་གསུམ་དང་རྩིས་གཅིག”ཁུལ་དབྱེ་དོ་དམ་ཚོད་འཛིན་དང་སྐྱེ་ཁམས་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་ཡོངས་ཀྱི་རྩྭ་ཕྱུགས་དོ་མཉམ་གྱི་རྒྱ་ཁྱོན་ཞིབ་བཤེར་གཏན་འབེབས་དང་། ཤང་གྲོང་གི་བཏུང་ཆུའི་སྦུག་ལམ་འཛུགས་སྐྲུན། ཁྲའེ་ཏ་ཞན་ཧྥིན་གཏེར་ཁ་བརྒྱད་ཀྱི་སྐྱེ་ཁམས་བཅོས་སྐྱོང་ཕྱོགས་ཡོངས་ནས་ལེགས་འགྲུབ་དང་། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་མེད་པར་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་དགོས། སྐྱེ་ཁམས“རྨང་གཞི”ཇེ་ལེགས་སུ་གཏོང་བ། རི་ཆུ་ནགས་ཞིང་། མཚོ་དང་རྩྭ་ཐང་བྱེ་ཐང་གཞི་གཅིག་ཅན་གྱི་སྲུང་སྐྱོང་ཉམས་གསོ〔58〕གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། “བྱང་རྒྱུད་ས་ཁུལ་གསུམ”གྱི་ནགས་ཚལ་དང་། བརླན་ས། བྱེ་འགྱུར་གཞི་གཅིག་ཅན་གྱི་ལས་གྲྭ་དང་འོམ་ཆུ་འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་བཅོས་སྐྱོང་སོགས་རྣམ་གྲངས་ལག་བསྟར་བྱས་ཏེ། ཤང་གྲོང་དོ་དམ་སྲུང་སྐྱོང་ས་ཚིགས4བསྐྲུན་ནས་རྩྭ་ཐང་གི་ཨ་བྲའི་གནོད་འཚེ་ཐེབས་པའི་ས་མུའུ་ཁྲི70འགོག་བཅོས་དང་ཆུ་ལམ་སྤྱི་ལེ10.2བཅོས་སྐྱོང་ལེགས་འགྲུབ་བྱ་དགོས་ལ། རྒྱལ་ཁོངས་སྔོ་འགྱུར་ཚན་རིག་དང་མཐུན་པར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་དང་སྲུང་སྐྱོབ་ནུས་པ་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཀྱི“རྣམ་པ”ཇེ་ལེགས་སུ་གཏོང་བ། འབག་བཙོག་ཆེན་པོ་གསུམ་འགོག་སྲུང་བྱེད་པའི〔59〕མུ་བསྐྱངས་ནས། འབག་བཙོག་གི་མགོ་ཁུངས་ལེགས་བཅོས་བྱེད་པ་དང་། གད་སྙིགས་ཐག་གཅོད་ར་བ་བཀག་སྡོམ་དང་། རྡོ་བསྲེག་ཐབ་ཚང་གཙང་སེལ་བྱེད་པ་དང་ཞིང་འབྲོག་ལས་འབྱུང་རྩའི་འབག་བཙོག་འགོག་བཅོས་བྱེད་པ། ཆུ་ལམ་དང་མཚེའུ་འགྲམ་བཅོས་སྐྱོང“འཆོལ་ཉོག་བཞི་གཙང་སེལ”བཅས་གཅིག་གྱུར་འཆར་འགོད་བྱས་ཏེ། གྲོང་ཚོའི་གཙང་སྦྲ་དང་ལྗང་བསྒྱུར་མཛེས་སྡུག་ལ་ཤུགས་བསྣན་ནས་ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། བཙོག་ཆུ་གཙང་སེལ་བྱེད་ཚད95%ཡན་བརྟན་པོ་ཡོང་བ་དང་། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་རྫོང་དང་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་རྫོང་གསར་བསྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་དགོས། བྱེད་ཐབས་བསྒྱུར་བའི“ཐབས་ལམ་”རྒྱ་ཆེར་གཏོང་དགོས། ནགས་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཤུགས་བསྣན་ནས་སྟར་སྡོང་མུའུ6000བསྒྱུར་བཀོད་བྱེད་རྒྱུ་དང་། གནོད་མེད་གཏེར་རི་དང“དམའ་རིམ་དཔལ་འབྱོར”〔60〕“ཐཱན་དམའ་བའི་རྫོང་མཁར”〔61〕འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ནགས་རྩྭའི་དཔོན་གྱི་འགན་འཁྲི་དོན་འཁྱོལ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དཔུང་ཁག་སྟོབས་ཆེར་གཏོང་བ། དྲ་སྦྲེལ་ཅན་གྱི་མཉམ་འབྲེལ་འགོག་སྲུང་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། དགོ་དམར་སྲུང་སྐྱོབ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས་ས་གཤིས་གནས་བབ་དང་བསྟུན་ནས་སྐྱེ་ཁམས་ཐོན་སྐྱེད་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་རྒྱ་སྐྱེད་དགོས་པ་བཅས་ཡིན།
ང་ཚོས་ལྗང་མདོག་སྲུང་སྐྱོང་གི་ཐོག་མའི་འགན་འཁྲི་ཕྲག་ཏུ་བླངས་ཏེ་སྐྱེ་ཁམས་སྣོད་བཅུད་སྲུང་ཞིང་སྤུས་ཚད་མཐོ་བའི་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྐང་བརྟན་པོར་བཙུགས་ནས།ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཉིས་དོ་མཉམ་ཡོང་བར་སྐུལ་འདེད་དང་། མི་དང་རང་བྱུང་ཁམས་གཅིག་ལ་གཅིག་བརྟེན་གྱི་འཆམ་མཐུན་མཛེས་སྡུག་གི་སྐྱེ་ཁམས་མཚེས་རིས་བྲི་དགོས།
ཐོན་ལས་སྦྲེལ་ཐག་དམ་པོར་བཙུགས་ཏེ་སྤུས་ཚད་མཐོ་བའི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་འཛུགས་དགོས།གནོད་མེད་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་ཁུལ་གྱི་སྣེ་ཁྲིད་ཁུལ་འཛུགས་སྐྲུན་ལ་དམིགས་ནས། རྨོ་ཞིང་མུའུ་ཁྲི14.17ཡི་མཐའ་ཐིག་སྲུང་འཛིན་བྱས་ཤིང་། ཚད་ལྡན་སོན་རྩ་འདེབས་འཛུགས་རྟེན་གཞི་མུའུ5000དང་ཚད་གཞི་མཐོ་བའི་རྨོ་ཞིང་མུའུ5900ལས་ལོ་རེར་ཐོན་སྐྱེད་བྱེད་ཚད་ཏུན་ཁྲི2.6ཡན་འགན་ལེན་བྱ་དགོས་ལ། གཡུ་དཀར་འོམ་ལུང་ཤང་གི་རྟ་རྒྱུད་བཟང་པོ་གསོ་སྤེལ་དང་འབྲོག་ལུག་གཞི་ཁྱོན་ཅན་གྱི་གསོ་སྤེལ་སོགས་ལས་གྲྭར་སྐུལ་འདེད་གཏོང་བ་དང་། འབྲོག་ལུག་དང་ནོར་ནག་གི“སྐྱེ་རྒྱུད་དག་སྤེལ”〔62〕འདེམས་གསོའི་ལས་དོན་འཐུས་ཚང་ཅན་གཏོང་བ། འདེབས་འཛུགས་ལས་རིགས་དར་སྤེལ་ལ་སྒུལ་ཤུགས་འདོན་པ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་གཏིང་ཟབ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ།ཞིང་ཕྱུགས་ཐོན་རྫས་ལས་རིགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཁྲོམ་རའི་མཁོ་སྤྲོད་རྒྱ་ཆེར་གཏོང་བ་བཅས་བྱ་དགོས། གཞན་ཡང“མདོ་ལ་རི་བོའི་འདབས་རོལ་གྱི་ཕྱུགས་ར་བཟང་བོ་དང་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་རྩྭ་ཆུ་འཛོམས་པོ”ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་ཁྱབ་གདལ་གཏོང་བ་དང་། “རྐང་ཚའི་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་འབྲོག་ལུག”དང་། “རྐང་ཚའི་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་ནོར་ནག”ཅེས་པའི་ས་གནས་ཀྱི་ཟོང་རྟགས་ལེགས་པོ་བསྐྲུན་ཏེ་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པར“སྤུས་ལེགས་རིན་ཐང”མངོན་འགྱུར་བྱ་དགོས།ནུས་ཁུངས་གཙང་མའི་ཕྱོགས་བསྡུས་གསར་སྤེལ་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་དམིགས་ནས“ནུས་ཁུངས་གཙང་མའི་སྟོབས་ལྡན་རྫོང”གི་དམིགས་འབེན་གཏན་འཁེལ་དང་རྣམ་པ་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། “ཕྱུགས་གློག་མཉམ་གནས”དང“གནོད་ཆོད་མེད་པའི་གློག”“དྲ་ཁུངས་གློག་གསོག”〔63〕“འཕར་ཚད་བསྲེ་སྒྱུར”〔64〕སོགས་གཙོ་གནད་ནུས་ཁུངས་གཙང་མའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་མཐོ་སྒང་གི་རླུང་ཤུགས་གློག་འདོན་དང་རྟོག་བཟོའི་གློག་ཁང་སྟོང་ཝད་ཁྲི100ཅན་འཆར་འགོད་རེ་ཞུས་བྱས་ཤིང་། འོད་བརྟེན་དྲོད་འདོན〔65〕དང་ནུས་གསོག་མཉམ་སྤྱོད〔66〕། ནུས་ཁུངས་གསར་པའི་གཏེར་ཁུངས་སྔོག་འདོན་གྱི་མུ་སྦྲེལ་གསབ་སྣོན་སོགས་ཚོད་ལྟའི་ལས་གཞི་བེད་སྤྱོད་གཏོང་བ། “རླུང་དང་འོད། ནུས་གསོག”གཞི་གཅིག་ཅན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་རྣམ་པ་མངོན་འགྱུར་བྱུང་ཞིང་། ནུས་ཁུངས་གསར་པའི་སྒྲིག་སྦྱོར་ཤོང་ཚད་སྟོང་ཝད་ཁྲི35ཡན་ཇེ་མང་དུ་བཏང་ལ། ཚེ་ཐར་སྟོང་ཝོལ750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་འགོ་ཚུགས། རྡོ་སོལ་གཏེར་ཁའི་མངོན་མེད་རྐྱེན་ངན་བཅོས་སྒྲིག〔67〕བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧའེ་གདག་རྡོ་སོལ་གཏེར་ཁའི་ལས་མགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཚེ་ཐར་རྡོ་སོལ་ཐོན་ལས་གླིང་ཁུལ་གྱི་ས་ཆ་ལུགས་མཐུན་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཚེ་ཐར་རྡོ་སོལ་ཐོན་ལས་གླིང་གི་ཕྱོགས་བསྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་སྟེ། གཏན་འབེབས་དང་ཚད་བཀག་ལྟར་ཁེ་ལས་སོ་སོ་གཅིག་ཡན་གསོ་སྐྱོང་བྱ་དགོས། རྒྱལ་སྤྱིའི་སྐྱེམས་ཡུལ་སྐོར་དམིགས་སའི་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་དམིགས་ནས། ཞལ་དཀར་རི་བོ་དང་རྟ་ཕྱུག་གཏེར་སྒོ། མཚོ་སྔོན་པོའི་གསེར་ཉ། དགོ་དམར་སོགས་ལྟེ་བའི་ཡུལ་སྐོར་ཐོན་ཁུངས་ལ་གཞི་ཚུགས་ཤིང་། མཚོ་སྔོན་པོའི་བྱ་གླིང་དེ“སྐྱེ་ཁམས་བྱ་གཟིགས་གྲོང་ཚོ”གང་མགྱོགས་ངང་བསྐྲུན་པ་དང་རྟ་ཕྱུག་གཏེར་སྒོ་སྐྱེ་ཁམས་ཉམས་ལེན་ཁུལ་རིམ་སྤར་ཇེ་མགྱོགས་སུ་བཏང་སྟེ། A3རིམ་པའི་མཛེས་ལྗོངས་ཁུལ〔68〕2གྱི་འཛུགས་བསྐྲུན་བརྩོན་ལེན་བྱེད་པ་དང་། A5རིམ་པའི་མཛེས་ལྗོངས་ཁུལ〔69〕1ཞིང་ཆེན་རིམ་པའི་གསར་སྐྲུན་མིང་མཛོད་ནངའཇུག་རྒྱུར་བརྩོན་ལེན་བྱ་དགོས། མཚོ་བོད་སྐྱེ་ཁམས་བརྗོད་དོན་གཙོ་བོའི་འགྲེམས་ཁང་དུ་འགྲེམས་སྟོན་བྱ་རྒྱུར་སྐུལ་འདེད་གཏོང་བ། མཚོ་འཁོར་ནུབ་ལམ་བསྐྱར་སྐྲུན་རྒྱ་བསྐྱེད་ལས་གྲྭ་ལག་བསྟར་བྱ་རྒྱུར་གཞོགས་འདེགས་བྱས་ཏེ“མཚོ་བྱང་སྐོར་ལམ”དར་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས། མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་དང་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་སྐྱེན་པའི་མདའ་རྩལ་འགྲན་བསྡུར་སོགས་འགྲན་བསྡུར་སྤེལ་བ་དང་། “འགྲན་བསྡུར་བྱེད་ཞོར་ཡུལ་སྐོར་ལ་འགྲོ་བའི”IPབསྐྲུན་ཅིང་། “ཞིང་ཕྱུགས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་དོན”མཉམ་འདྲེས་གཏིང་ཟབ་ཏུ་གཏོང་ཆེད། རིག་གནས་ཡུལ་སྐོར་འོས་སྦྱོར་ཕྲེང་བསྟར་བྱེད་སྒོ་སྤེལ་བ་དང་རིག་གནས་ཀྱི་ཐོན་རྫས་གང་མང་གསར་གཏོང་བྱས་ཏེ“རྐང་ཚའི་དུས་བཞིར་ཡུལ་སྐོར”བྱེད་པར་དངོས་ཟོག་མཁོ་འདོན་བྱེད་དགོས་པར་མ་ཟད། ཡུལ་སྐོར་བ(ཐེངས)དང་ཡུལ་སྐོར་ཡོང་འབབ་དུས་མཚུངས་ལས20%ཡན་འཕར་སྣོན་ཡོང་བར་བརྩོན་ལེན་བྱ་དགོས།
ང་ཚོས་སྙིང་རུས་ཆེན་པོས་རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་བརྟན་པོ་སྤོ་དགོས་ལ། སྤུས་ཚད་ཀྱི་ཚད་གཞི་མཐོར་འདེགས་གཏོང་དགོས།
རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་སྟོབས་ཤུགས་གཅིག་སྡུད་བྱ་དགོས་ལ། ས་ཁོངས་ཡོངས་ཀྱི་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་གཏིང་ཟབ་བྱ་དགོས། འཛད་སྤྱོད་སྐུལ་འདེད་ཀྱི་ཆེད་དོན་མ་དངུལ་བེད་སྤྱོད་ཡག་པོ་བཏང་ནས་འཛད་སྤྱོད་སྐུལ་འདེད་བྱེད་སྒོ་ཐེངས12ཡན་གཉེར་ཞིང་། “བོད་མཁར་རྐང་ཚ·མཚོUགཟིགས་སྐྱོང”〔70〕གི་འཛད་སྤྱོད་འཛིན་ཤོག་ཟོང་རྟགས་ལེགས་པོ་བསྐྲུན་ཅིང་། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་ཟོང་རྟགས་འགྲན་བསྡུར་ལ་བརྟེན་ནས“ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བའི”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཡུལ་སྐོར་བའི(ཐེངས)འཛད་སྤྱོད་འཕར་ཚད་དུ་བསྒྱུར་བ། སྨྱན་སྦྱོར་གསར་པ་དང“ཤར་ཕྱོགས་ཞིབ་འདེམ”སོགས་གློག་རྡུལ་ཚོང་དོན་རྩེ་གྲས་ལ་སྣེ་ཁྲིད་དང་། ས་ཁོངས་ལས་བརྒལ་བའི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་ཁེ་ལས་དག་དཔལ་འབྱོར་ཚོང་དོན་བྱེད་སྒོར་ཞུགས་རྒྱུར་སྐུལ་ཁྲིད་བྱས་ཏེ། “རྐང་ཚའི་སྤུས་ལེགས་ཐོན་རྫས”ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་གཏོང་དགོས། ལས་གཞི་འཛུགས་སྐྲུན་གསོག་འཇོག་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། སྲིད་ཇུས་དང་མ་དངུལ་སྣ་ཚོགས་གནད་ལ་འཁེལ་བའི་སྦྲེལ་མཐུད་བྱས་ཏེ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་འཇོག་རྣམ་གྲངས་ཁག་འཆར་འགོད་བཀོད་སྒྲིག་བྱེད་པ་དང་། ཐོན་ལས་རྣམ་གྲངས་གལ་ཆེན་ཁག་གྲབས་གསོག་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་དང་། རྨང་གཞིའི་སྒྲིག་བཀོད་། ཐོན་ལས་རིམ་སྤོར་སོགས་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་གྱི་ལམ་སྲོལ་ཁག་ལྔ་དང་རྫོང་རིམ་པའི་མགོ་ཁྲིད་ཀྱི་འགན་གཙང་སྦྲེལ་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་རྣམ་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོ་འགན་སྲུང་དང་འཁོར་ཡུན་ཡོངས་ཀྱི་ཞབས་ཞུར་ཤུགས་བསྣན་ནས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར107.66བཏང་བའི་འཛུགས་སྐྲུན་རྣམ་གྲངས་གསར་པའི(རྗེས་མཐུད)རྣམ་གྲངས57སྔ་མོ་ནས་ལག་བསྟར་བྱེད་རྒྱུར་ཁག་ཐེག་བྱ་དགོས།སྟོབས་ཤུགས་གཅིག་སྡུད་བྱས་ནས་ཚོང་འགུགས་མ་འཇོག་གི་ཕན་འབྲས་ལ་ཤུགས་སྣོན་དགོས། ཡང་དག་འཁྲུལ་མེད་སྒོས་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཚོང་འགུགས་དམ་འཛིན་དང་རང་འགུལ་ངང་ཚོང་འགུགས་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པ། ཧྲན་ཏུང་གི་ཁ་གཏད་རོགས་སྐྱོར་ས་ཁུལ་དང་རྒྱལ་ཁབ་ནུས་ཁུངས་ཚོགས་པ་དང་འབྲེལ་མཐུད་སྒོས“ལས་མི་ཡོངས་ཚོང་གཉེར་ལ་ཞུགས་པ་དང་། དུས་ཐོག་ཏུ་ཚོང་འགུགས་བྱེད་པ། ཚོང་ལས་ལ་བརྟེན་ནས་ཚོང་འགུགས”བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ཏེ། ངོ་འཕྲད་གྲོས་མོལ་ཚོགས་འདུ་ཡི་གོ་སྐབས་སུ་བཟུང་ནས། “ཕྱི་ལ་བསྐྱོད་པའི་སྟེང་ལ་ནང་དུ་འདྲེན་པ་སྣོན”པའི་འབྲེལ་ཐག་གཙོ་བོའི་ཁེ་ལས་ནང་འདྲེན་བྱས་ཏེ། རྣམ་གྲངས་ཞིབ་ཚགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བས། གན་རྒྱ་འཇོག་མཁན་སྒོར་དུང་ཕྱུར8ལ་བུད་པ་དང་མ་དངུལ་སྒོར་དུང་ཕྱུར7ཡན་ཟིན་པར་བརྩོན་ལེན་བྱས་ཏེ། “ས་ཚིགས་གཅིག”ཅན་གྱི་ཞབས་ཞུ་ལ་བརྟེན་ནས་གན་རྒྱ་བཞག་པའི་རྣམ་གྲངས“ནང་འདྲེན་དང་། རྒྱུན་མཐུད། འཕེལ་རྒྱས་གཏོང་བར”འགན་ལེན་བྱ་དགོས།
ང་ཚོས་རྨང་གཞི་བརྟན་པོ་འདིང་བ་དང་སྤུས་ཚད་ལེགས་བསྒྱུར་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་རིམ་སྤོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས་ལ། རྐང་ཚའི་རྣམ་གྲངས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འཆར་འགོད་སྔར་ལས་ཞིབ་ཚགས་དང་སྟོབས་ཆེར་གཏོང་དགོས།
བསྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་འདོན་སྤེལ་བྱ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རྫོང་གཏོགས་རྒྱལ་ཁོངས་ཁེ་ལས་ཚོང་རར་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་ནས་ཁེ་ལས་གཉེར་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་དགོས། རོང་འབྲོག་ཁུལ་གྱི་ས་ཞིང་བདག་དབང་འཁོར་རྒྱུག་དང་ཐུན་མོང་བདག་དབང་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་འོས་འཚམ་བྱེད་པར་སྐུལ་མ་གཏོང་དགོས་པར་མ་ཟད། རོང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མཐོ་རུ་གཏོང་བ་དང་ཚོང་ར་ཅན་དུ་བསྒྱུར་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཕན་འབྲས་དམའ་བའི་ས་ཁུལ་སོགས་ཀྱི་གསོག་ཉར་ཐོན་ཁུངས་གསར་བཟོ་བྱ་དགོས། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། དཔྱ་ཁྲལ་འགྲོ་སོང་ཉུང་འཕྲི་བྱེད་པ་དང་སྐྱེད་ཀ་དང་གྲོན་དངུལ་ཁ་གསབ〔71〕སོགས་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁྲོམ་རའི་གཙོ་གཟུགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ། “གློད་གཏོང་ཞབས་ཞུ”བསྒྱུར་བཅོས〔72〕གཏིང་ཟབ་ཏུ་གཏོང་བ་དང་རྒྱུན་རྣམ་ཅན་གྱི“ལས་ཕྱོད་ཆེ་བས་དོན་གཅིག་སྒྲུབ་པ”〔73〕ལ་སྐུལ་འདེད་བཏང་ནས་གསར་དུ་ཐོ་འགོད་བྱས་པའི་ཁྲོམ་རའི་གཙོ་གཟུགས2.5%ཡན་འཕར་བར་བརྩོན་ལེན་བྱ་དགོས། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་མཉམ་ལས་ལ་ཤུགས་བསྣན་ནས་ཁེ་ལས་ཀྱི་གནད་དོན་ཐག་གཅོད་བྱ་དགོས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གཉིས་ལ་མཉམ་འབྲེལ་བྱས་ཏེ། ཁེ་ལས་ཀྱིས་ལས་རིགས་དར་རྒྱས་དང་ཁྱད་ལྡན་ཐོན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ལ་དམིགས་ནས་ལག་རྩལ་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་དགོས་པ་དང་། ཐོན་རྫས་ཚན་རྩལ་བསྒྱུར་ཚད་དང་རིམ་སྤོར་བྱེད་ཚད་མཐོ་རུ་གཏོང་དགོས། དེ་མིན་ད་དུང་མཚོ་སྔོན་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་ས་ཆའི་རོགས་འདེགས། ཉེ་འཁོར་གྱི་ཁུལ་དང་རྫོང་གི་རྒྱུན་རྣམ་ཅན་གྱི་མཉམ་ལས་ལམ་སྲོལ་བཅས་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། ཐོན་རྫས་གཉེར་ཚོང་། མི་འཇོན་ཐང་ཅན་བསམ་བློ་བརྗེ་རེས་བྱེད་པ་སོགས་བྱ་བའི་ཐད་མཉམ་ལས་བྱེད་པ་བརྩོན་ལེན་བྱས་ཏེ་དཔལ་འབྱོར་གྱི་གསོན་ཤུགས་འཕར་སྣོན་བྱ་དགོས།
ང་ཚོས་ཚོད་ལྟ་དང་གདོང་མཆོང་བྱེད་པའི་བློ་སྤོབས་གྲོགས་སུ་སྦྲན། ཞུམ་མེད་ཀྱི་དཔའ་གདེང་ཆེན་པོ་བསྐྱེད། འགལ་རྐྱེན་ཅི་རིགས་རང་གིས་ནུས་པས་ཡོངས་སུ་སེལ་ནས། ཚོར་ར་ལ་སྔོན་མེད་ཀྱི་གསོན་ཤུགས་རྒྱས་པར་བྱས་ཏེ། ཁེ་ལས་སྣ་ཚོགས་རྐང་ཚ་ནས་དར་ཞིང་འཕེལ་བར་མཐུན་རྐྱེན་གང་ལེགས་བསྒྲུབ་རྒྱུ་ཡིན།
གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་མཉམ་སྐུལ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་སྟོང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་འགོད་དཔྱད་དཔོག་ལེགས་སྒྲིག་བྱས་ཏེ། སྐྱིད་སྨོན་དང་མཚོ་འཁྱིལ། གཡུ་དཀར་འོམ་ལུང་ཤང་གི་རྒྱལ་ཁབ་ས་ཆའི་བར་སྟོང་གི་སྤྱིའི་འཆར་བཀོད་བཟོ་འགོད་བྱེད་པའི་འགྲོས་ཇེ་མགྱོགས་སུ་བཏང་སྟེ། དགོས་མཁོ་ལྟར་གྲོང་ཚོ9ཡི་འཆར་འགོད་སྒྲིག་བཟོ་བྱེད་རྒྱུ། “ཡུལ་ཚོ་གཅིག་ལ་ཐོན་རྫས་གཅིག སྡེ་བ་གཅིག་ལ་ཟོང་རྟགས་གཅིག”ཅེས་པའི་འཆར་གཞི་མངོན་འགྱུར་སྒོས། འོམ་ཆུ་གྲོང་རྡལ་སོགས་གཙོ་གནད་གྲོང་རྡལ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། མི་རྩ་བར་འཛིན་པའི་རྣམ་པ་གསར་པའི་མཁར་གྲོང་ཅན་ལ་སྐུལ་འདེད་བཏང་སྟེ“རྫོང་མཁར་གྱིས་སྣེ་འཁྲིད། ཤང་གྲོང་གིས་རོགས་འདེགས། གྲོང་གསེབ་ཀྱིས་མཐུན་སྦྱོར”བའི་བྱ་ཐབས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་རྣམ་པ་བསྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ165བསྐྱར་སྐྲུན་རྒྱ་བསྐྱེད་བྱས་ཏེ། “བཟང་བོ་བཞིན་ལྡན་གྱི་གྲོང་གསེབ་གཞུང་ལམ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གཞན་ད་དུང་འཕན་པོ་སྡེ་བའི་རོང་འབྲོག་པ་གནས་སྤོ་བའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་གི་སྤུས་ཀ་མཐོ་རུ་གཏོང་བའི་ལས་གྲྭའི་མགོ་བརྩམས་ནས། འོམ་ཆུ་གྲོང་རྡལ་མཁར་བྱང་གི་ཆུ་འདོན་ལས་གྲྭ་བེད་སྤྱོད་གཏོང་མགོ་བརྩམས་ཏེ། ཚེ་ཐར་འདུས་སྡོད་ཁུལ་གྱི་ཆུ་འདོན་སྒྲིག་བཀོད་དང་ཤང་གྲོང་གི་བཏུང་ཆུའི་སྦུག་ལམ་ཞིག་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་ཐོར་དུ་ཆགས་པའི་ཆུ་འདོན་འགན་ལེན་ས་ཚིགས50འཛུགས་སྐྲུན་ལེགས་འགྲུབ་བྱ་དགོས་པར་མ་ཟད། རྫོང་དང་ཁུལ་གྱི་ནུས་ཁུངས་གཙང་མའི་དྲོད་གཏོང་ལས་གཞིའི་དུས་རིམ་གསུམ་པ་ལག་བསྟར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། “2411”དབུལ་བོ་བསྐྱར་ལོག་སྔོན་འགོག་བྱེད་པར་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ནས་དབུལ་བོ་བསྐྱར་ལོག་གི་ཉེན་ཁ་ཇེ་ཆུང་དུ་དགོས་ལ། གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་ཏེ2025ལོའི་སྦྲེལ་མཐུད་མ་དངུལ་རྣམ་གྲངས་ཀྱི་དབང་ཆ100%གཏན་འཁེལ་དང་རྩིས་སྤྲོད་ལེགས་འགྲུབ་བྱ་དགོས། དམངས་གཉེར་ཁེ་ལས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་སྦྲེལ་མཐུད་འགན་ལེན་བྱེད་ཐབས་བཏོན་ནས། དམངས་གཉེར་ཁེ་ལས་ཀྱིས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ། དམིགས་བསལ་ཐོན་རྫས་ཕྱིར་ཚོང་རམ་འདེགས་སོགས་ཀྱི་ཁྱབ་ཁོངས་སུ་ཞུགས་རྒྱུར་སྣེ་ཁྲིད་བྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རོགས་སྐྱོར་དང་སྟོབས་ཆེར་གཏོང་བ། མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།
ང་ཚོ་ཕྱོགས་ཡོངས་མཉམ་འདྲེས་བྱེད་པའི་འདུ་ཤེས་ལ་བརྟེན་ནས་གཞིས་སྡོད་ལ་འཚམ་པའི་ཁྱིམ་གཞིས་་འཛུགས་སྐྲུན་པ་དང་། མཁར་གྲོང་གི་རྣམ་པ་ལེགས་བསྒྱུར་བྱས་ཏེ་རྐང་ཚའི་ས་གཞི་ཆེན་པོར་སྔར་ལས་མཛེས་སྡུག་ལྡན་པའི་རང་བྱུང་ལྗོངས་རྣམ་བསྐྲུན་དགོས།
དམངས་འཚོའི་གཞི་ཁྱོན་འགན་ལེན་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་དམངས་འཚོ་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ལས་ཞུགས་དང་ལས་གཏོད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། “ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་བྱེད་སྒོ”ལག་བསྟར་བྱས་ཏེ་མི་གསོ་སྐྱོང་བྱེད་པར་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ལས་ཞུགས་ལས་གཏོད་ཀྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ལས་གཏོད་གསོ་སྐྱོང་རྟེན་གཞི་སྟོབས་ཆེར་གཏོང་བ་དང་། “12+N”ཆེད་དོན་ཞབས་ཞུ་རྒྱུན་ལྡན་ཅན་དུ་སྤེལ་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་རྒྱག་པ། རྫོང་གི་སྤྱི་པའི་དངོས་སྦྱོང་རྟེན་གཞི་འཛུགས་པ། སྐྱེ་ཁམས་ཡུལ་སྐོར་སྣེ་ཁྲིད་པའི་ཞིང་ཆེན་རིམ་པའི་ངལ་ལས་ཕྱིར་གཏོང་སྤུས་རྟགས་བསྐྲུན་དགོས། སློབ་གསོའི་སྤྱི་པའི་ཞབས་ཞུ་ཇེ་ལེགས་སུ་གཏོང་རྒྱུ། “ལྔ་སྐྱོང་མཉམ་སྤེལ”〔74〕མཐའ་འཁྱོངས་སྒོས་དུས་རབས་གསར་པའི་སྤྱོད་འཇོན་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་རྣམ་གྲངས་ལག་བསྟར་བྱས་ཏེ། སློབ་གསོ་གཞི་གྲངས་ཅན་དང་རྫོང་སློབ་དཔྱོད་ཁང་ཚད་ལྡན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྫོང་མི་རིགས་སློབ་འབྲིང་རྒྱས་སྐྲུན་རྣམ་གྲངས་ཀྱི་ལས་འགྲོས་ཇེ་མགྱོགས་སུ་གཏོང་བ་དང་། སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་རྒྱ་སྐྱེད་པ། སློབ་གསོའི་སྒྲིག་སྲོལ་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་པར་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཕྱོགས་ཡོངས་ནས་གཞི་རིམ་འཕྲོད་བསྟེན་བདེ་ཐང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུནདང་། དགོས་གལ་ཆེའི་རྫོང་ཁོངས་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་དང་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་སྟེ། ཤང་དང་གྲོང་རྡལ་དཀྱིལ་སྙིང་འཕྲོད་བསྟེན་སྨན་ཁང་ཆ་ཚང་སྡེ་ཁུལ་སྨན་ཁང་གི་ཚད་གཞིར〔75〕སླེབས་དགོས་པ་དང་། རྫོང་བོད་སྨན་ཁང་གི་ཞག་སྡོད་སྨན་བཅོས་ལག་རྩལ་དང་སྨན་སྦྱོར་ཐོག་ཁང་བསྐྲུན་ནས་ཀྲུང་བོད་སྨན་རྫས་ཞིབ་འཇུག་གསར་སྤེལ་ལས་དོན་རྒྱ་ཆེར་གཏོང་བ་དང་། ཀྲུང་བོད་སྨན་རྫས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཀྲུང་བོད་བདུད་རྩི་ལུམས་ཀྱི་བསྟི་གནས་བསྐྲུན་རྒྱུ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འགན་བཅོལ་ཐེབས་རྩའི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཀའ་ངལ་ཅན་གྱི་ཚོགས་སྤྱི་དང་བྱིས་པ། དམག་མི་ཟུར་པ། དབང་པོ་སྐྱོན་ཅན་སོགས་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་དང་གྲོང་རྡལ། སྡེ་བ་བཅས་ཀྱི་རྒན་གསོའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ་དང་། ཤང་དང་གྲོང་རྡལ་གྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གླ་ཕོགས་ཆད་འགྱངས་རྩ་བཅོས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རོང་འབྲོག་ངལ་རྩོལ་པའི་ངལ་རྩོལ་གྱི་འབྲས་བུ་བརྩོན་ལེན་བྱེད་པར་འགན་ལེན་བྱ་དགོས།
དེ་དང་ཆབས་ཅིག ང་ཚོས་ཞིང་ཆེན་དང་ཁུལ་གྱིས་གཏན་འཁེལ་བྱས་པའི་དམངས་འཚོའི་ལས་གྲྭ་ལག་བསྟར་བྱས་པའི་རྨང་གཞིའི་ཐོག་དམངས་འཚོའི་ལས་དོན་ཁག14ལེགས་པར་བསྒྲུབ་རྒྱུའི་ཁས་ལེན་བྱས་ཡོད། གཅིག་ནི་མཚོ་ཆུས་རྩྭ་ར་དང་སྡོད་ཁང་བསྣུབས་པའི་དཀའ་ངལ་ཅན་གྱི་མང་ཚོགས་གནས་སྤོ་ཁང་པ168དང་། བཤིག་སྤོ་དུད་ཚང་བཀོད་སྒྲིག་ཁང་པ40དང་ལས་བྱེད་པའི་འཁོར་སྤྱོད་ཁང་པ237བཅས་དུས་ལྟར་རྩིས་སྤྲོད་བྱས་ནས་སྡོད་ཁང་འགན་སྲུང་དང་འཇོན་མིའི་བདེ་སྡོད་བྱེད་པར་འགན་ལེན་བྱ་རྒྱུ། གཉིས་ནི་མཚོ་གསར་སྡེ་བ་དང་གཉའ་གོང་མ་སྡེ་བ། དཔོན་ཚང་ཞོལ་མ་སྡེ་བ། ཉིན་ཞ་སྡེ་བ། ཕྱུག་ནོར་གོང་མ་སྡེ་བཅས་སྲིད་འཛིན་སྡེ་བ15ཡི་ཁ་ཐོར་དུ་གནས་པའི་བཏུང་ཆུ་མཁོ་འདོན་ལས་གཞི50གསར་དུ་བསྐྲུན་པ་དང་། བྲ་སོག་སྡེ་བའི་བཏུང་ཆུའི་སྦུག་ལམ་སྤྱི་ལེ14.78ཐག་གཅོད་བྱས་ནས་དུད་ཚང107ལྷག་དང་མང་ཚོགས426ལ་བཏུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ། གསུམ་ནི་སྐྱིད་སྨོན་ཆུའི་ཆུ་རྒྱུན་དང་ཉ་ནག་སོ་མ་སྡེ་བའི་གཙོད་ལུང་། དཀོན་ལོ་གོང་མ་སྡེ་བའི་ཤ་ལ་བཅས་ལ་སྤྱི་ལེ13.8ཡི་ཆུ་རགས་འཛུགས་སྐྲུན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྔར་ལས་འགན་ལེན་བྱ་རྒྱུ། བཞི་ནི་དཔལ་དགེ་ནས་དཔོན་ཚང་ཞོལ་མ་སྡེ་བའི་བར་གྱི་གཞུང་ལམ། རྐང་ཚ་ནས་སྤྱང་ཚང་བར་གྱི་གཞུང་ལམ། རྐང་ཚ་ནས་མཚོ་གསར་བར། སྲང་མདོ་ནས་གཉའ་གོང་མའི་བར་སོགས་གཞུང་ལམ་ཆེ་ཆུང18ལེགས་སྒྱུར་རིམ་སྤོར་བྱས་ཏེ་མང་ཚོགས་ཀྱི་རྒྱུ་འགྲུལ་སྟབས་བདེ་ཡོང་བར་འགན་ལེན་བྱ་རྒྱུ། ལྔ་ནི་རྫོང་མཁར་དང་དཔལ་དགེ་གྲོང་རྡལ་གྱི་དྲོད་ཆུའི་སྦུག་ལམ་སྤྱི་ལེ28.1དང་དྲོད་བརྗེ་ས་ཚིགས1གནས་སྤོ་སོགས་གསར་དུ་བསྐྱར་སྐྲུན་བྱས་ནས་དྲོད་འདོན་ནུས་པ་ཆེ་རུ་བཏང་སྟེ་དགུན་དུས་དྲོད་འདོན་ཚད་གཞི་མི་འདང་བའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ། དྲུག་ནི་ཚ་ལ་སྡེ་བ་དང་རུ་མང་སྡེ་བ། ཉིན་ཞ་སྡེ་བ། བྲག་དཀར་སྲང་ལམ་སོགས་ཡུལ་ཚོ་དང་གྲོང་རྡལ་གྱི་སྡེ་བ14ཡི་ཞིང་སྡེའི་གློག་འདོན་གྱི་གློག་ཤེད་ཆེར་བསྐྱེད་སོགས་ཀྱི་ལས་གྲྭ་ལེགས་བཅོས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་གློག་བེད་སྤྱོད་གཏོང་བའི་སྤུས་ཀ་སྔར་ལས་ཇེ་མཐོར་གཏོང་བ། བདུན་ནི་རྫོང་མཁར་དུ་ལུས་རྩལ་གླིང་ག1འཛུགས་སྐྲུན་བྱེད་པ་དང་། དཔལ་དགེ་གྲོང་རྡལ་དང་གཡུ་དཀར་འོམ་ལུང་ཡུལ་ཚོ། མཚོ་འཁྱིལ་ཡུལ་ཚོ། རྟ་ཕྱུག་གཏེར་སྒོ་སོགས་སུ་ཕྱི་རོལ་ལུས་རྩལ་ར་བ་བཟོས་ཏེ། མང་ཚོགས་ཀྱི་ལུས་རྩལ་ལུས་སྦྱོང་གི་རེ་བ་བསྐོང་དགོས། བརྒྱད་ནི་མཁར་ནུབ་དང་མཁར་བྱང་། མཁར་ལྷོ་བཅས་ཀྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་ཀྱི་མེ་གསོད་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་ཏེ་རྫོང་རྒན་གསོ་སྤྱི་ཚོགས་ཕན་བདེ་ལྟེ་གནས་དང་ཇོ་སྐོར་རྒན་གསོ་ཁང་གི་མེ་གསོད་ཞིབ་བཤེར་ལ་ཤུགས་བསྣན་ནས་རྒན་པའི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། དགུ་ནི་ཇོ་སྐོར་ཞོལ་མ་སྡེ་བའི་བོད་ལུག་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི1དང་རྟ་རྒྱུད་གསོ་སྤེལ་རྟེན་གཞི1གསར་དུ་བསྐྲུན་ནས་ཐོན་ལས་ལེགས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། རོང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་སྐུལ་ཁྲིད་བཅས་བྱ་རྒྱུ། བཅུ་ནི་རྐང་ཚ་གོང་མ་སྡེ་བ་དང་ཆུ་ཤར་གྲོང་ཚོ། སྲང་མདོ་སྡེ་བ། དཀོན་ལོ་གོང་མ་སྡེ་བ་སོགས་སྡེ་བ4གཅིག་གྱུར་སྡེ་དམངས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་བ་གསར་དུ་འཛུགས་སྐྲུན་བྱས་ཏེ། སྡེ་མི་རྣམས་ལ་ལས་ཕྱོད་ཆེ་ཞིང་སྟབས་བདེ་བའི་ཞབས་ཞུ་མཁོ་སྤྲོད་བྱ་རྒྱུ། བཅུ་གཅིག་ནི་སྤྱི་ལེ་ཐིག་གི་མགོ་རྩོམ་སའི་གནས་དང་མཚོ་སྔོན་པོ་གཞིས་ཁུལ་གླིང་གའི་འཛུགས་སྐྲུན་གསར་བསྒྱུར་བྱས་ཏེ་སྡོད་དམངས་ཀྱི་ངལ་གསོའི་བསྟི་གནས་ལེགས་བཅོས་བྱ་རྒྱུ། བཅུ་གཉིས་ནི་མཐོ་རིམ་མཐར་ཕྱིན་སློབ་མའི་གཞུང་རྒྱུགས་ཆེད་དོན་གསོ་སྦྱོང་ཐེངས2དང་མི50ཙམ་ཞུགས་ཐུབ་པ་བྱ་རྒྱུ་དང་། རོང་འབྲོག་པའི་རྩལ་ནུས་གསོ་སྦྱོང་སོགས་ཐེངས13ལ་བསྒྲུབས་སྟེ་མི700ཡན་ཞུགས་ནས་རྩལ་ནུས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་ཚད་མི390ཡན་གསར་དུ་འཕར་སྣོན་ཡོང་བྱ་རྒྱུ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་མི་ཐེངས4000ཡན་མངོན་འགྱུར་བྱས་ནས་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་སྔར་བས་རྒྱ་བསྐྱེད་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ། བཅུ་གསུམ་ནི“རིན་མེད”སློབ་སྔོན་སློབ་གསོ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་དགུང་ཟས་རིན་མེད་མཁོ་སྤྲོད་བྱེད་པའི་ལས་དོན་ལེགས་པོར་བསྒྲུབ་རྒྱུ་དང་། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་དང་ཕུལ་བྱུང་སློབ་མར་བྱ་དགའ་སྤྲོད་ཤུགས་ཆེ་རུ་གཏོང་བ། དངོས་གཞི་སློབ་མ་དང་ཆེད་སྦྱོང་སློབ་མ(དེའི་ཁྲོད་དུ་ཞིབ་འཇུག་སློབ་མ་ཚུད)སློབ་མའི་ཡིད་རྟོན་སློབ་རོགས་དངུལ་བུན་གྱི་གྲངས་ཚད་མཐོ་རུ་གཏོང་རྒྱུ་དང་དངུལ་བུན་གཡར་བསྐྱིའི་དུས་ཡུན་ཇེ་རིང་དུ་གཏོང་རྒྱུ། སློབ་ཞུགས་སྔོན་ནས་མཐོ་རིམ་སློབ་རིམ་བར་དུ་ཡོངས་ཁྱབ་སློབ་མར་རོགས་སྐྱོར་བྱེད་པའི་མ་ལག་འཛུགས་པ་དང་། སློབ་མ་དབུལ་ཕོངས་ཀྱི་དབང་གིས་སློབ་མཚམས་འཇོག་པ་ཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བའི་སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་རྒྱུ། བཅུ་བཞི་ནི་རྫོང་བོད་སྨན་ཁང་གི་ཞག་སྡོད་སྨན་བཅོས་ལག་རྩལ་ཁང་དང་སྨན་སྦྱོར་ཐོག་ཁང་གི་ལས་གཞིའི་ལས་འགྲོས་ཇེ་མགྱོགས་སུ་གཏོང་བ་དང་། དགོས་གལ་ཆེ་བའི་རྫོང་ཁོངས་སྨན་བཅོས་ཐུན་མོང་ལྟེ་གནས་སྨན་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། འོམ་ཆུ་གྲོང་རྡལ་འཕྲོད་བསྟེན་སྨན་ཁང་གི་རྒན་ནད་ཆེད་ལས་ཚན་ཁག་བསྐྲུན་ཏེ་ཁྱིམ་ཚང་སྨན་པ་དང་ཆེད་ལས་ཚན་ཁག་གི་སྨན་པ“3+X” “ཚིགས་ལམ་གཅིག”གི་ཆེད་ལས་ཡོངས་ཟུང་འབྲེལ་ཞབས་ཞུ་དང་། ནད་རིགས་སྨན་བཅོས་དང་བདེ་ཐང་དོ་དམ་ཞབས་ཞུའི་མ་ལག་ཆ་ཚང་བསྐྲུན་ནས་སྔར་ལས་ལེགས་པའི་སྒོ་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་དང་དམངས་འཚོ་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་རྒྱུ་བཅས་ཡིན།
ང་ཚོས་ནམ་ཡང་དམངས་ཀྱི་འདོད་འདུན་ལ་ཁ་ཕྱོགས་ཤིང་། མི་དམངས་ཀྱི་འཚོ་ཚིས་ལེགས་བསྒྱུར་བྱ་རྒྱུར་དམིགས་པ་རྩེ་གཅིག་བྱེད་པ་དང་། ཁ་མིན་སེམས་ཀྱིས་མང་ཚོགས་ཀྱི་བདེ་སྡུག་ལ་དོ་ཁུར་བགྱིས་ནས། རྐང་ཚའི་མང་ཚོགས་རྣམས་བདེ་ཀྱི་འཚོ་བར་ལོངས་སྤྱོད་དང་ཐུབ་པའི་གདེང་དང་ལྡན་པ་བྱ་རྒྱུ་ཡིན།
བདེ་འཇགས་བརྟན་བརླིང་གསར་གཏོད་ཀྱི་མཐའ་ཚད་སྲུང་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བདེ་འཇགས་བཀག་རྒྱ་སྲ་བརྟན་དུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱེད་སྒོ་མཇུག་སྒྲིལ་ཞིང་། རྒྱུན་རྣམ་ཅན་གྱི་སྒོ་ནས་བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་སློབ་གསོ་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་བྱས་ནས་བདེ་འཇགས་ལས་འཛོལ་ཚབས་ཆེན་མི་འབྱུང་བར་སྔོན་འགོག་ནན་མོ་བྱ་རྒྱུ་དང། འཕྲལ་སྡོམ་བཀོད་འདོམས་པུའུ་ཡི་ནུས་པ་ཆེ་རུ་གཏོང་བ་དང་བསྒྱུར་བཀོད་བྱེད་པའི་ལས་གྲྭ་ལེགས་འགྲུབ་དང་། སྔོན་ཇུས་མ་ལག་འཐུས་ཚང་དུ་གཏོང་བ། གནོད་འགོག་དང་གནོད་འཚེ་ཉུང་གཏོང་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། སྤྱི་ཚོགས་བརྟན་ལྷིང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་རྒྱུ། དུས་རབས་གསར་པའི“ཧྥང་ཆའོ་ཉམས་མྱོང”〔76〕ལག་བསྟར་བྱས་ཏེ།“འབྱུང་རྩ་ནས་སྔོན་འགོག་བྱེད་པ།དང་མདུན་སྣེ་ནས་སེལ་བ། སྣ་མང་འདུམ་འགྲིག”བཅས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས་གཞི་རིམ་དུ་འགལ་བ་དང་རྩོད་གཞི་སེལ་རྒྱུར་སྐུལ་འདེད་གཏོང་དགོས། བོད་རྒྱུད་ནང་བསྟན་དགོན་པའི་དོ་དམ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ་དང་། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་འདེགས་གཏོང་བ། མི་རིགས་མཐུན་སྒྲིལ་གསར་གཏོད་དང་ངན་སེལ་ནག་འཇོམས་བྱེད་པ། དམངས་ཡོངས་ཀྱིས་མགོ་གཡོག་མགོ་སྐོར་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་ལས་དོན་རྒྱུན་རྣམ་ཅན་དུ་སྐུལ་འདེད་བཏང་སྟེ་ཐུན་མོང་གིས་མཛེས་སྡུག་གི་ཁྱིམ་གཞིས་མཉམ་བསྐྲུན་བྱ་དགོས། ནོར་སྲིད་མ་དངུལ་གྱི་ཕན་འབྲས་ལ་གདེང་འཇོག་དང་ཡུན་རིང་གི་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྲིད་གཞུང་གི་བུ་ལོན་དུས་ལྟར་རྩིས་སྤྲོད་དང་མ་ལག་རང་བཞིན་གྱི་བུ་ལོན་ཉེན་ཁ་མི་འབྱུང་བར་བརྟན་སྲུང་བྱ་དགོས།
ང་ཚོས་ཉེན་ཟོན་གྱི་འདུ་ཤེས་སྔོན་དུ་སོང་སྟེ་བདེ་འཇགས་ཀྱི་མཚམས་ཚིགས་བརྟན་པོར་སྲུང་བ་དང་། འགན་འཁྲི་ཁུར་འཁྱེར་གྱིས་འགོག་སྲུང་གི་བགྱི་བ་དོན་དུ་གཉེར་ཞིང་། དམངས་ཀྱི་བདེ་སྡུག་ལ་དོ་ཁུར་ནན་ཏུར་བགྱིས་ཏེ། བདེ་འཇགས་ནི་རྐང་ཚའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་དང་སྒུལ་ཤུགས་སུ་བསྐྲུན་པར་འབད་པ་ལྷོད་མེད་བྱ་རྒྱུ།
སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྲིད་དོན་འགན་སྲུང་སྦྱོང་བརྡར་བྱ་རྒྱུ། འབད་བརྩོན་ཆེན་པོས་རྣམ་དག་ལས་ལ་འཇུག་རྒྱུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་ཁྲིད་རྒྱུན་འཁྱོངས་སྒོས། ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་ཐོན་དང་། ཆབ་སྲིད་ཀྱི་འགན་འཁུར་ཤུགས་ཆེར་གཏོང་བ། “གྲོས་གཞི་དང་པོའི”〔77〕ལམ་ལུགས་ལག་ལེན་བསྟར་ཏེ“གཏན་འཁེལ་གཉིས”〔78〕བརྩི་སྲུང་དང“སྲུང་སྐྱོང་གཉིས”〔79〕མཐའ་གཅིག་ཏུ་སྒྲུབ་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་ཆེན་དང་ཁུལ་ཏང་ཨུའི་སྲིད་གཞུང་དང་རྫོང་ཨུའི་བཀོད་སྒྲིག་དང་གཅིག་གྱུར་ཡོང་བ་བྱས་ནས་ལག་བསྟར་བྱེད་པ་དང་སྐུལ་འདེད་གཏོང་བ།དོན་འཁྱོལ་བཅས་ཡོང་བའི་འགན་ལེན་བྱ་དགོས། ནུས་ཤུགས་ཡོད་རྒུས་ཁྲིམས་ལྟར་བྱ་བ་སྒྲུབ་རྒྱུ། “ལྔ་ཚན་བཅོ་ལྔ”ཡི་ཁྲིམས་སྐྱོང་སྲིད་གཞུང་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན། “ལྔ་དགུ”ཁྲིམས་ལུགས་ཁྱབ་གདལ〔80〕གཏོང་བའི་ལས་དོན་སྤེལ་འགོ་འཛུགས་རྒྱུའི་འཆར་འགོད་བྱ་རྒྱུ། ཁྲིམས་བསྟར་ལྟ་སྐུལ་སྤྱི་པའི་བཅའ་ཁྲིམས་ཀྱི་ཞབས་ཞུ་གནད་དུ་བཟུང་སྟེ། ཁྲིམས་ལྟར་སྲིད་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ། མི་དམངས་མང་ཚོགས་དང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན། སྲིད་གཞུང་དང་མི་དམངས་འཐུས་ཚོགས་དང་སྲིད་གྲོས་སོགས་མི་སྒེར་དང་ལས་ཁུངས་ཁག་གིས་རང་འཁྲིའི་འོས་འགན་ཁུར་དུ་ལེན་པའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་དང་། སྲིད་གྲོ་ཨུ་ཡོན་གྱི་དམངས་གཙོའི་ལྟ་སྐུལ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལྟ་སྐུལ་བཅས་རང་འགུལ་གྱིས་དང་ལེན་བྱས་ཏེ། འཐུས་མིའི་གྲོས་འཆར་དང་ཨུ་ཡོན་གྱི་གྲོས་གཞི་སྤུས་ཚད་མཐོ་བའི་སྒོ་ནས་ཐག་གཅོད་བྱ་རྒྱུ་དང་སྲིད་གཞུང་གི་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་སྤུས་ཚད་དང་ཕན་ནུས་མུ་མཐུད་ཆེ་རུ་གཏོང་རྒྱུ། ནུས་ཤུགས་ཡོད་རྒུས་དོན་དངོས་བསྒྲུབ་རྒྱུ། འབད་པ་ལྷོད་མེད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་སྲིད་གཞུང་གི་ལས་ཀའི་སྲོག་ཤིང་དུ་འཛིན་དགོས། “འཐབ་ཕྱོགས་དང་པོའི་ལས་ཀའི་ལམ་སྲོལ”དང“གོམ་པས་ཚད་འཇལ་ཐབས”“གཞི་རིམ་དུ་སྐྱོད་པ་བཞི”བཅས་ལག་བསྟར་བྱས་ཏེ་ལས་བྱེད་པས་འགན་འཁྲི་ཕྲག་ཏུ་བླངས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་ཀྱིན་པའི་དམངས་འཚོའི་དོན་ཆེན་ལེགས་པོར་བསྒྲུབ་རྒྱུ། ནུས་ཤུགས་ཡོད་རྒུས་ལས་ཀ་གཙང་མར་བསྒྲུབ་རྒྱུ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི“འགན་འཁྲི་གསུམ”སྲ་བརྟན་དུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་སྐུལ་འདེད་དང་། “སྤྱོད་ཚུལ་བཞི”བཅོས་སྐྱོང་ཡོ་བསྲང་བྱེད་པ། དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལས་གནས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྲིད་གཞུང་གི་རྒྱབ་སྐྱོར་ལ་བརྟེན་ནས་མི་སེར་གྱི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུ།
ང་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ལྟ་བ་སྲ་བརྟན་དུ་བཏང་སྟེ་ཐོག་མའི་འགན་འཁྲི་སེམས་ལ་བཅངས་ནས་མི་དམངས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་། དངོས་སྒྲུབ་འབད་འཐབ་ཀྱི་སྤྱོད་ཚུལ་གྱིས་འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་བ། རང་ངོས་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་འགན་འཁྲི་སྒྲུབ་པའི་ཞབས་ཞུའི་སྤུས་ཀ་སྔར་ལས་མཐོ་རུ་གཏོང་དགོས།
འཐུས་མི་རྣམ་པ། མདུན་སྐྱོད་ཀྱི་བགྲོད་ལམ་རིང་མོ་རྡོག་པས་མནན་ཞིང་། ལས་འགན་ལྕི་པོ་ཡང་བསྐྱར་ཕྲག་ཏུ་ཁུར་ནས། ལོ་རྒྱུས་གསར་པའི་ལམ་སྣེ་རྡོག་ཐོན་བྱས་ཏེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱས་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་སྒོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་། རྫོང་ཨུ་བཅས་ཀྱི་དབུ་ཁྲིད་འོག རྫོང་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྟེན་ནས། “རི་ཆུ་འཕྲེད་དུ་གཅོད་པའི་ངར་ཤུགས”དང་། “རྣོ་ལྕགས་ལ་རྗེས་ཤུལ་ཕབ་པའི་དཔའ་སྤོབས”ལ་བརྟེན་ནས“དུས་ཚོད་ལ་ར་མདའ་བྱེད་པའི”ང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་བློ་སྟོབས་ཆེན་པོས་མདུན་སྐྱོད་བྱེད་དགོས་ལ། རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་མི་དམངས་ཀྱི་འཚོ་བ་སྔར་ལས་ཡར་རྒྱས་གོང་འཕེལ་བཏང་སྟེ་དེང་རབས་ཅན་གྱི་རྐང་ཚ་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱ་དགོས་སོ།།