网站无障碍
སྲིད་གཞུང་བྱ་བའི་སྙན་ཞུའི་ཐ་སྙད་མཆན་འགྲེལ།
发布时间:2026年03月13日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

1. ཁུལ་ཨུའི“243”འཕེལ་རྒྱས་ཀྱི་བཀོད་པ་ཞེས་པའི་ཁྲོད་ཀྱི“2”ནི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་མཚོ་སྔོན་གསར་པའི་བསམ་བློའི་མཐོ་ས་གཉིས་བསྐྲུན་དགོས་པ། “4”ནི་ས་མཐོའི་སྐྱེ་ཁམས་ཞིང་ཕྱུགས་ལས་རིགས་ཇེ་ལེགས་སུ་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་གི་སྣེ་ཁྲིད་ས་ཁུལ་བསྐྲུན་པ་དང་གཅིག ཁྱད་ལྡན་རིག་གནས་དང་ཡུལ་སྐོར་ཐོན་ལས་སྟོབས་ཆེར་བཏང་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དཔེ་སྟོན་ས་ཁུལ་བསྐྲུན་པ་དང་གཉིས། ནུས་ཁུངས་གཙང་མའི་ཐོན་ལས་སྒྲུབ་ནས་ནུས་ཁུངས་གཙང་མའི་ཐོན་སྐྱེད་དང་བེད་སྤྱོད་ས་ཁུལ་བསྐྲུན་པ་དང་གསུམ། དེང་རབས་ཁྱད་ལྡན་ཞབས་ཞུའི་ལས་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ས་ཁུལ་བསྐྲུན་པ་དང་བཅས་བཞི་ལ་གོ་དགོས། “3”ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་བསམ་པའི་དཔལ་ཡོན་འཛུགས་སྤེལ། སྤྱི་ཚོགས་བཅོས་སྐྱོང་བཅས་གསུམ་ལེགས་པར་བསྒྲུབས་ནས་བོད་འབྲེལ་ས་ཁུལ་གྱི་མདུན་གྲལ་དུ་སྐྱོད་པའི“གཉིས་བཞི་གསུམ”གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་དགོས།

2.རྫོང་ཨུའི“1136”གི་བྱ་བའི་བསམ་ཕྱོགས་ཞེས་པ་ནི་དམིགས་འབེན་གཅིག་དང་འདུ་ཤེས་གཅིག གནས་གཏན་འཁེལ་གསུམ་བཅས་དྲུག་ཡིན་ལ། 1”ནི་དུས་དང་རྣམ་པ་ཀུན་ཏུ་ཏང་འཛུགས་སྐྱོང་ལྟེ་བར་འཛིན་པ་ལ་ཟེར།  “1”ནི་སྐྱེ་ཁམས་དམིགས་སུ་འཛིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། “3”ནི་གཙོ་གནད་ཐོན་ལས་གྱི་རྣམ་པ་བསྒྱུར་བཅོས་མཐོར་འདེགས་བཏོང་བ་དང་། གཙོ་གནད་དམངས་ཚིས་བདེ་སྐྱིད་ལ་འགན་ལེན་བྱེད་པ། གཙོ་གནད་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོུང་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཟེར། 6”ནི་ཁྱོན་ཡོངས་ནས“སྐྱེ་ཁམས་དཔལ་ཡོན་དང་། དཔལ་འབྱོར་སྤྱི་ཚོགས། གྲོང་གསེབ་དར་སྤེལ། དམངས་ཚིས་བདེ་སྐྱིད། སྤྱི་ཚོགས་དཔལ་ཡོན། འཆམ་མཐུན་བརྟན་བརླིང”བཅས་འབད་བརྩོན་གྱི་དམིགས་འབེན་ལེགས་འགྲུབ་ཡོང་བ་ལ་ཟེར།

3.ཤང་ཀང་གི་སྤུས་ལེགས“ཀ་དག”བདེན་དཔང་ཐོབ་པ་ཞེས་པ་ནིSTCཡི་སྤུས་ཚད་ཁས་ལེན་བྱེད་པའི་འཆར་གཞི་ཞིག་ཡིན་ལ། ཞང་ཀང་ཁྲོམ་རའི་ཐོག་ཆེས་དགའ་བསུ་ཐོབ་པའི་ཐོན་རྫས་ཁས་ལེན་མཚོན་རྟགས་ཤིག་སྟེ། འཛད་སྤྱོད་པས་བཟའ་བཅའི་བདེ་འཇགས་དང་སྤུས་ཚད་ལ་ཡིད་ཆེས་བྱེད་པའི་དམིགས་ཚད་ཅིག་ཏུ་གྱུར་ཡོད།

4.སྤྲིན་རྩིས་ཞེས་པ་ནི་དྲ་སྦྲེལ་བརྒྱུད་དེ་རྩིས་རྒྱག་ཐོན་ཁུངས་དང་ཞབས་ཞུ་མཁོ་འདོན་བྱེད་པའི་རྣམ་པ་ལ་ཟེར། ཁུལ་ཕྲེང་ཞེས་པ་ནི་དུས་ཚོད་ཀྱི་གོ་རིམ་ལྟར་གཞི་གྲངས་ཁུལ་དེ་གོ་རིམ་ལྟར་འབྲེལ་མཐུད་བྱེད་པའི་རྣམ་པའི་ཐོག་ནས་སྡེབ་སྒྲིག་བྱས་ནས་གྲུབ་པའི་ཕྲེང་རྣམ་གཞི་གྲངས་གྲུབ་ཚུལ་ཞིག་དང་། གསང་གྲངས་རིག་པའི་རྣམ་པའི་ཐོག་ནས་ཁག་ཐེག་བྱས་པའི་བཟོ་བཅོས་བྱེད་མི་ཆོག་པ་དང་རྫུན་བཟོ་བྱེད་མི་ཆོག་པའི་ཁྱབ་ཚུལ་རྣམ་པའི་རྩིས་དེབ་ལ་ཟེར།

5.སྡེ་བའི་རྒྱུ་ནོར་ལ་ཡུལ་ཚོས་དོ་དམ་བྱེད་པཞེས་པ་ནི་གྲོང་གསེབ་ཀྱི་ནོར་དོན་དོ་དམ་སྒྲིག་སྲོལ་ཞིག་སྟེ། གྲོང་ཚོའི་ཐུན་མོང་མ་དངུལ་གྱི་བདག་དབང་དང་སྤྱོད་དབང་། ཐབས་ཇུས་ཐག་གཅོད་བཅས་ལ་འགྱུར་ལྡོག་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་རྡལ་སྲིད་གཞུང་ངམ་ཡང་ན་དེས་བཙུགས་པའི་ལས་ཚབ་ལས་ཁུངས་ཀྱིས་གྲོང་ཚོ་རིམ་པའི་ནོར་དོན་ལ་གཅིག་གྱུར་གྱི་ཞིབ་རྩིས་དང་དོ་དམ། ལྟ་སྐུལ་བཅས་བྱེད་པ་ལ་ཟེར། 

6.འདི་ལཞིང་སྡེ་ཐུན་མོང་མ་རྩ་གསུམ་ཞེས་བསྒྱུར་བའང་ཡོད་ལ། དེ་ནི་སྡེ་བའི་ཐུན་མོང་གི་མ་དངུལ། མ་རྩ། ཐོན་ཁུངས་གསུམ་ལ་ཟེར། 

7.1+5+8”འཛུགས་རྒྱུ་ཞེས་པ་ནི་རང་རྫོང་གིས་རྒྱལ་ཁབ་ཀྱི་མ་རྩ་གཉེར་སྐྱོང་ཀུང་སི1དང་། རིམ་པ་གཉིས་པའི་ཀུང་སི5། རིམ་པ་གསུམ་པའི་ཀུང་སི8བཅས་སྒྲོམ་གཞིར་བྱས་ནས་གཞུང་དབང་ཁེ་ལས་བསྒྱུར་བཅོས་བྱེད་པར་གོ

8.བྱང་རྒྱུད་ས་ཁུལགྱི་སྐྱེ་ཁམས་ལས་གྲྭཞེས་པ་ནི་མིང་ཆ་ཚང་ལ“བྱང་རྒྱུད”ཀྱི་འགོག་སྲུང་ནགས་ལས་མ་ལག་འཛུགས་སྐྲུན་གྱི་ལས་གྲྭ་ལ་ཟེར་ཞིང་། དེ་ནི་ཀྲུང་གོའི་ནུབ་བྱང་དང་། ཧྭ་བྱང་། ཤར་བྱང་བཅས་ས་ཁུལ་དུ་བསྐྲུན་པའི་མིས་བཟོས་ནགས་ལས་སྐྱེ་ཁམས་ལས་གྲྭ་ཆེ་གྲས་ལ་གོ་དགོས། 

9.ཐལ་རྡུལ་བཅོས་སྐྱོང་བྱེད་པའི“བརྒྱ་ཆའི་བརྒྱ་ཅན་དྲུག”ཅེས་པ་ནི་ལས་གཞི་འཛུགས་སྐྲུན་མཐའ་འཁོར100%བཀག་པ། དངོས་རྫས་སྤུངས་ཚད100%ཁེབས་པ། ས་ཆ་སྔོག་འདོན100%ཨར་ལས་བྱས་པ། ལས་གཞིའི་ལམ་ངོས100%སྲ་འགྱུར་བྱེད་པ། འགྲོ་འོང་རླངས་འཁོར100%གཙང་བཤེར་བྱེད་པ། ས་སྙིགས་འདྲུད་མཁན་རླངས་འཁོར100%བཀག་སྡོམ་བྱས་ནས་སྐྱེལ་འདྲེན་བྱེད་པ་བཅས་ལ་ཟེར། 

10.ཚད་ཐིག་གསུམ་དང་རྩིས་ཐོ་གཅིགཅེས་པ་ནི་སྐྱེ་ཁམས་ཁོར་སྲུང་གི་ཚད་ཐིག་དང་ཁོར་ཡུག་སྤུས་ཚད་ཀྱི་ཚད་ཐིག ཐོན་ཁུངས་བེད་སྤྱོད་ཀྱི་ཚད་ཐིག་བཅས་ལ་གོ་ཞིང། རྩིས་ཐོ་གཅིག་ནི་སྐྱེ་ཁམས་ཁོར་ཡུག་ཆོག་འཐུས་རྩིས་ཐོ་ལ་གོ་དགོས། 

11.“ཁོར་ཡུག་དོ་དམ་ཚོད་འཛིན”ཞེས་པ་ནི་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་དང་། ནུས་པ། སྤུས་ཚད་སོགས་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཁོར་ཡུག་དཔྱད་ཞིབ་བྱས་པ་བརྒྱུད་མཁའ་རླུང་དང་ཆུ། ས་རྒྱུ། སྐྱེ་ཁམས། སྒྲ། རྒྱ་མཚོ་སོགས་སྐྱེ་ཁམས་ཁོར་ཡུག་གི་རྒྱུ་རྐྱེན་གཙོ་བོ་ཁག་གི་དོ་དམ་ཁུལ་དབྱེའི་རྨང་གཞིའི་ཐོག་དབྱེ་འབྱེད་བྱས་པའི་ས་ཁོངས་ཡོངས་ལ་ཁྱབ་པའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དོ་དམ་སྡེ་ཚན་ལ་ཟེར། 

12.ཆུ་བོ་དང་མཚེའུ་ཡི“འཆོལ་ཉོག་བཞི་གཙང་སེལ”ཞེས་པ་ནི་ཆུ་བོ་དང་མཚེའུ་དོ་དམ་ཁྱབ་ཁོངས་ནང་གང་བྱུང་དུ་ས་ཆ་བེད་སྤྱོད་གཏོང་བ་དང་ས་བརྐོ་རྡོ་སློག་བྱེད་པ། གང་འདོད་དུ་འཛུགས་སྐྲུན་བྱེད་པ་ལ་ཟེར།

13.གཙང་སེལ་གསུམ་དང་བསྒྱུར་བཅོས་གསུམཞེས་པ་ནི་གད་སྙིགས་གཙང་སེལ་དང་། བཙོག་ཆུ་གཙང་སེལ།  མཁོ་མེད་དངོས་རྫས་གཙང་སེལ་གསུམ་དང་།  ཆུ་ལམ་བསྒྱུར་བཅོས་དང་གསང་སྤྱོད་བསྒྱུར་བཅོས། འཇིགས་ཉེན་ཡོད་པའི་ཁང་པ་བསྐྱར་ལས་བྱེད་པ་བཅས་ལ་ཟེར།  

14.ནགས་ལས་དཔལ་འབྱོར”ཞེས་པ་ནི་གཙོ་བོ་ནགས་ལས་ཐོན་ཁུངས་དང་ནགས་ཚལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་འཕེལ་རྒྱས་བྱུང་བའི་ནགས་ལས་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས། འཚོལ་བསྡུ་ལས་རིགས། ནགས་ཚལ་ཡུལ་སྐོར་ལས་རིགས་བཅས་ལ་ཟེར། 

15.སྐར་གསོག་སྒོ་རྩིས་ཚོང་ཁངཞེས་པ་ནི་སྐར་གསོག་སྐུལ་སློང་དང་མང་ཚོགས་ཀྱི་ཁེ་ཕན་གཉིས་ཟུང་འབྲེལ་བྱས་ནས་མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་རྒྱུར་སྣེ་འཁྲིད་བྱེད་པ་ལ་ཟེར། 

16.ཐོན་ལས་ཀྱི“ས་ཁུལ་བཞི”ནི། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བཅས་བཞི་ཡིན།

17.སྐྱེ་ཁམས་ཕྱུགས་རཞེས་པ་ནི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་བླང་བྱར་བརྩི་སྲུང་བྱས་ཏེ། སྐྱེ་ཁམས་འཁོར་སྐྱོད་རྣམ་པའི་གསོ་ཚགས་བྱེད་སྟངས་སྤྱད་པའི་གཞི་ཁྱོན་ཅན་གྱི་ཕྱུགས་ར་ལ་ཟེར། 

18.“ཕྱུགས་གློག་མཉམ་གནས”ཞེས་པ་ནི་ཉི་འོད་ནུས་པས་གློག་འདོན་ས་ཚིགས་སུ་དང་ཕྱུགས་རིགས་འཚོ་སྐྱོང་བྱས་ཆོག་པའི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ལ་ཟེར།

19.“གནོད་ཆོད་མེད་པའི་གློག”ཅེས་པ་ནི་ནུས་ཁུངས་གསར་པས་ཆེད་སྤྱོད་གློག་ཤུགས་སྐུད་ལམ་བརྒྱུད་ནས་གློག་སྤྱོད་མཁན་རྐྱང་བ་ལ་གློག་མཁོ་འདོན་བྱེད་པའི་རྣམ་པ་ལ་ཟེར། 

20.ལས་ཀའི་འཛུགས་སྐྲུན་གྱི་བྱ་ཐབས་ལྔཞེས་པ་ནི་རི་མོའི་ལམ་ནས་འཆར་འགོད་དང་ལྟ་སྐུལ་མཛུབ་ཁྲིད། ལྟ་སྐུལ་སྐུལ་འདེད།   གཏོང་སྤྲོད་ལྡོག་སྒྲིག་བྱེད་པ། ལོ་འཁོར་གྱི་བྱ་དགའ་ཆད་གཅོད་བཅས་རྣམ་གྲངས་འཛུགས་སྐྲུན་གྱི་བྱ་ཐབས་ལྔ་ལ་ཟེར། 

21.ལྔ་ཚན་བཅོ་ལྔབའི་དུས་སྐབསཞེས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐེངས་བཅོ་ལྔའི་ཡི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་ལ་ཟེར་ཞིང་། དེ་ནི 2026ལོའི་ཟླ1པའི་ཚེས1ཉིན་ནས2030ལོའི་ཟླ12པའི་ཚེས31ཉིན་བར་ཡིན། 

22.གྲོང་རྡལ་དང་ཡུལ་ཚོའི་ལས་འགན་སྒྲུབ་པའི་བྱ་རིམཞེས་པ་ནི་རྩིས་ཐོའི་རྣམ་པའི་ཞང་དང་གྲོང་རྡལ(ཁྲོམ་གཞུང)གི་འགན་འཁྲི་བསྒྲུབས་པའི་དོན་དག་གསལ་པོར་འགོད་པ། དེའི་ནང་གཙོ་བོ་གཞི་རྩའི་འགན་འཁྲི་བསྒྲུབས་པའི་ལས་དོན་རྩིས་ཐོ་དང་གོང་རིམ་སྡེ་ཚན་ལ་ཕྱིར་སྤྲོད་བྱེད་པའི་ལས་དོན་རྩིས་ཐོ། ལས་དོན་གྱི་དབང་ཆ་གསལ་པོ་དང་། འགན་འཁྲི་དང་ནུས་པ་ཕན་ཚུན་འཚམ་པ། འགན་འཁྲི་ལེགས་སྒྲུབ་ནུས་པ་བཅས་ཀྱི་ཞང་དང་གྲོང་རྡལ(ཁྲོམ་གཞུང)གི་དབང་འགན་མ་ལག་ཆགས་པར་བྱ་དགོས་པ་ལ་ཟེར།

23.“དྲ་གཅིག་གིས་ཡོངས་སྒྲུབ”ཅེས་པ་ནི་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུ་ལ་བརྟེན་ནས་དྲ་ཐོག་གི་བྱ་བ་སྒྲུབ་ཚད་ཚད་ལྡན་དུ་གཏོང་བ་དང་། དྲ་ཐོག་ཏུ་བྱ་བ་སྒྲུབ་པའི་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ། གཅིག་གྱུར་གྱི་དྲ་སྦྲེལ་སྲིད་དོན་ཞབས་ཞུའི་སྤྱིའི་ལས་སྒོ་འཛུགས་པ། སྲིད་གཞུང་གི་ཞབས་ཞུའི་གཞི་གྲངས་ཐོན་ཁུངས་སྡེབ་སྒྲིག་བྱེད་པ། སྒྲིག་གཞིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྲིད་དོན་ཞབས་ཞུའི་ལས་དོན་མ་ལུས་དྲ་ཐོག་ཏུ་ཐོ་འགོད་ཐེངས་གཅིག་བྱས་ཚེ་དྲ་ཡོངས་སུ་ཤར་གཏོང་ཐུབ་པར་སྐུལ་འདེད་གཏོང་བ་ལ་ཟེར།

24.2411”དབུལ་ཕོངས་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་ཞེས་པའི   “2”ནི་དབུལ་ཕོངས་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལལག་བསྟར་ཇུས་གཞིགཏན་འབེབས་དང་། “4”ནི་ཞིང་ཁྱིམ་གྱི་རེ་ཞུ་དང་གྲོང་གསེབ་ཀྱི་ཞིབ་འབེབས། སྡེ་ཁག་གི་ཞིབ་བསྡུར། རྫོང་རིམ་པའི་ཞིབ་མཆན་བཅས་བྱེད་པ་མ་ཟད། ངོས་འཛིན་གོ་རིམ་ཁག4ཡོངས་བསྒྲགས་དང་སྤྱི་བསྒྲགས་བྱེད་པ་དང་། “1”གཉིས་ནི་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་ཆ་ཚང་ཞིག་བཟོས་པ་དང་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱེད་སྒོ་རབ་དང་རིམ་པར་སྤེལ་བ་ལ་ཟེར།

25.12+N”སྤྱི་བའི་ལས་ཞུགས་ཞབས་ཞུའི་བྱེད་སྒོ་ཞེས་པའི་ཁྲོད་ཀྱི“12”ནིརྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱིས་གཏན་འབེབས་བྱས་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ12ལ་ཟེར་ཞིང་། “N”ནིརང་རྫོང་གིས་གཏན་འབེབས་བྱས་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ལ་གོ་དགོས།

26.སློབ་གསོའི་འགྲོ་སོང་ཐདསྣོན་པ་ལས་འཕྲི་བར་མི་བྱ་བ་གཉིསཞེས་པ་ནི་ནོར་སྲིད་ཀྱི་སྤྱིར་བཏང་གི་སློབ་གསོའི་སྔོན་རྩིས་འགྲོ་གྲོན་ལོ་རེ་བཞིན་སྣོན་པ་ལས་ཇེ་ཉུང་དུ་མི་གཏོང་བ་དང་། བཅའ་སྡོད་སློབ་མའི་མི་གྲངས་ཆ་སྙོམས་ཀྱི་ནོར་སྲིད་སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་སློབ་གསོའི་འགྲོ་སོང་ལོ་རེར་འཕར་བ་ལས་ཇེ་ཉུང་དུ་མི་འགྲོ་བ་ལ་ཟེར། 

27.མེ་གསོད་ཐད་ཀྱིམ་བསྒྲུབ་པ་གཉིསཞེས་པ་ནི་མེ་གསོད་མེ་འགོག་ཇུས་འགོད་བྱས་ཚུལ་ལ་ཞིབ་བཤེར་གཏན་འབེབས་མ་བྱས་པའམ་ཐོ་འགོད་སྙན་སེང་མ་ཞུས་པར་རང་དགར་ཨར་ལས་བྱས་པ་དང་། ལས་གྲྭའི་མེ་གསོད་མེ་འགོག་བྱས་ཚུལ་ལ་ཞིབ་བཤེར་རྩིས་ལེན་མ་བྱས་པའམ་ཐོ་འགོད་སྙན་སེང་མ་ཞུས་པར་རང་དགར་བེད་སྤྱོད་བྱེད་པའི་འཛུགས་སྐྲུན་ལས་གཞི་ལ་ཟེར། 

28.1+8+N”ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་རྣམ་པ་ཞེས་པ་ནི་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ལྟེ་གནས་གཅིག་ལ་བརྟེན་ནས། རྒན་པ་རྣམས་ཀྱི་བཟའ་བཅའ་དང་སྨན་བཅོས་སོགས་ཀྱི་དགོས་མཁོར་དམིགས་ཏེ། བཟའ་བཏུང་རོགས་རམ། སྨན་བཅོས་རོགས་རམ། གཙང་སྤྲར་རོགས་རམ་སོགས་རྨང་གཞིའི་ཞབས་ཞུའི་རྣམ་གྲངས་ཆེན་མོ་བརྒྱདལ་གོཕ་དགོས་ཤིང་། “N”ཞེས་པ་ཐེངས་མང་པོར་ཀུན་སློང་གཙང་མའི་ཞབས་ཞུ་མཁོ་འདོན་བྱས་ཏེ། ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉེ་བར་བཅར་བ་ལ་ཟེར།

29.བདེ་འཇགས་ཐོན་སྐྱེད་ཀྱི“ཕྱོགས་བཞིའི་འགན་འཁྲི”ཞེས་པ་ནི་ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་། སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། མངའ་ཁོངས་ཀྱི་དོ་དམ་འགན་འཁྲི། ཁེ་ལས་ཀྱི་གཙོ་གཉེར་འགན་འཁྲི་བཅས་ལ་ཟེར། 

30.གྲིམ་འགྲུལ་སྐོར་ཞིབ་མངག་གཏོང་གཅིག་གྱུརཞེས་པ་ནི་ཕྱོགས་བསྡུས་ཉེན་རྟོག་པ་དང་སྐོར་ཞིབ་ཉེན་རྟོག་པ། མངགས་གཏོང་ཁང་བཅས་ཀྱི་ཉེན་རྟོག་སྟོབས་ཤུགས་དང་འགན་ནུས་གཅིག་ཏུ་བསྡུས་ནས་སྲོལ་རྒྱུན་གྱི་ཉེན་རྟོག་བར་གྱི་འགན་འཁྲིའི་བཀག་རྒྱ་གཏོར་ཏེ། ཉེན་རྟོག་མང་པོས་མཐུན་སྦྱོར་མཉམ་འཐབ་དང་མཉམ་འདྲེས་ཞབས་ཞུ་མངོན་འགྱུར་བྱེད་པ་ལ་ཟེར། 

31.གཅིག་རྐྱང་བ་བཅུ་གསུམཞེས་པ་ནི་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་སྡུར་ཐེངས་གཅིག་ལ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་འགྲེམས་སྟོན་སོགས་བྱེ་བྲག་གི་ལས་དོན13ལག་བསྟར་བྱེད་པའི་བྱེད་སྒོ་ལ་ཟེར། 

32.“གནས་བཅུ་གཉིས་སུ་་སྤེལ་བཞེས་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་འདུ་ཤེས་དང་སྲིད་ཇུས་ཁྲིམས་སྲོལ། ལག་ལེན་བླང་བྱ་སོགས་ཕྱོགས་ཡོངས་ནས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོར་མཉམ་འདྲེས་བྱེད་པར་སྐུལ་འདེད་གཏོང་བ་ལ་ཟེར། དེའི་ཁྲོད་དུ་ལས་ཁུངས་དང་འབྲོག་ཁུལ་སོགས་ཁྱབ་ཁོངས་ཆེན་མོ་བཅུ་གཉིས་འདུ།

33.མགོ་ཁྲིད་ལས་བྱེད“1+10”ཡིས་གཞི་རིམ་ལ་འབྲེལ་གཏུག་བྱས་ཏེ་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་སྒྲིག་སྲོལ་ཞེས་པ་ནི་མགོ་ཁྲིད་གཅིག་གིས་སྡེ་བ་གཅིག་དང་སློབ་གྲྭ་གཅིག ཁེ་ལས་གཅིག དགོན་པ་གཅིག འཐུས་མི་གཉིས་དང་ཨུ་ཡོན་གཅིག  འཇོན་མི་གཅིག  ཏང་ཕྱིའི་གཞུང་ལས་མིན་པའི་འཐུས་མི་དང་ཆོས་ལུགས་མི་སྣ་གཅིག  དབུལ་ཕོངས་ཁྱིམ་ཚང་གཅིག  དབུལ་ཕོངས་ཏང་ཡོན་དང་དབུལ་ཕོངས་སློབ་མ་གཅིག་བཅས་ལ་འབྲེལ་གཏུག་བྱེད་པའིསྒྲིག་སྲོལ་ལ་ཟེར། 

34.དོན་བྱ་བཞི་གཞི་རིམ་དུ་སྤེལ་བནིཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་བྱེད་པ་གཞི་རིམ་དུ་སྐྱོད་པ་དང་། བརྟག་དཔྱད་ཞིབ་འཇུག་གཞི་རིམ་དུ་སྐྱོད་པ། ཡིག་སྐུར་ངོ་བཅར་སྣེ་ལེན་གཞི་རིམ་དུ་སྐྱོད་པ། ཡུལ་དངོས་གཞུང་སྒྲུབ་གཞི་རིམ་དུ་སྐྱོད་པ་བཅས་ལ་ཟེར།

35. སྤྱོད་ཚུལ་རིགས་བཞིནི་རྣམ་པ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྤྲོ་སྣང་རིང་ལུགས། རྒྱས་སྤྲས་རིང་ལུགས་བཅས་ལ་ཟེར། 

36.འཆར་འགོད་གཅིག་དང་རྩ་གནད་གཉིསཞེས་པ་ནིཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་གྱི་འཆར་འགོད》《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་བསྟར་རྩ་གནད།》《ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གྱི་ལག་བསྟར་རྩ་གནདབཅས་ལ་ཟེར། 

37.“བརྒྱད་ལྔ་ཁྲིམས་ཁྱབ”ཅེས་པ་ནི་ཀྲུང་གོས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བའི་ལོ་ལྔའི་འཆར་འགོད་བརྒྱད་པ་ལ་ཟེར།

38.མི་བརྒྱའི་འཆར་གཞི་ཁག་གསུམཞེས་པ་ནི་ན་གཞོན་མི་བརྒྱའི་འཆར་གཞི་དང་ན་གཞོན་གློག་རྡུལ་ཚོང་དོན་གསོ་སྐྱོང་འཆར་གཞི། ན་གཞོན་དང་བླངས་བའི་བྱེད་སྒོའི་འཆར་གཞི་བཅས་ལ་ཟེར། 

39.“རི་བོ་གཉིས་ཀྱི་འདུ་ཤེས”ཞེས་པ་ནི་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པར་གོ་དགོས།

40.སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་རྐྱང་བ་དགུའི”སྒྲིག་གཞི་ཆ་ཚང་ཞེས་པ་ནི། གཟན་ཆས་ལས་སྣོ་བཟོ་གྲྭ། སྐྱེ་ལྡན་ལུད་རྫས་ལས་སྣོན་བཟོ་གྲྭ། ཕྱུགས་རིགས་བཤས་ར་ལས་སྣོན་བཟོ་གྲྭ། ནས་དང་ལོག་གར་ལས་སྣོན་བཟོ་གྲྭ། ཀོ་པགས་དང་བལ་རྩིད་བེད་སྤྱོད་ལས་སྣོན་བཟོ་གྲྭ ཕྱུགས་རིགས་ཉོ་ཚོང་ཁྲོམ་ར། འཁྱགས་སྦྲེལ་དངོས་རྒྱུག་མཛོད་ཉར་རྟེན་གཞི། ཞིང་ཕྱུགས་སོན་བཟང་རྒྱུད་སྤེལ་དང་མཁོ་སྤྲོད་རྟེན་གཞི་བཅས་ལ་ཟེར།

41.སྒྲིག་གཞི་ཚང་བའི་ནུས་ཁུངས་གསར་པའི་ཁེ་ལསཞེས་པ་ནི་རྒྱལ་ཁབ་བསྡོམས་རྩིས་སྡེ་ཁག་གིས་གཏན་འབེབས་བྱས་པའི་གཉེར་སྐྱོང་ཡོང་འབབ་དང་གཉེར་སྐྱོང་གཞི་ཁྱོན་གྱི་ཚད་གཞིར་སླེབས་པ་དང་། དུས་བགོས་བསྡོམས་རྩིས་ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་སུ་བཅུག་པའི་གཞི་ཁྱོན་ཡན་གྱི་ཁེ་ལས་ལ་ཟེར། 

42.གྲོང་གསེབ་དར་རྒྱས་ཀྱིབྱེད་སྒོ་ཆེན་མོ་བརྒྱདཅེས་པ་ནི་འབྲུ་རིགས་མཁོ་སྤྲོད་འགན་ལེན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་། གཙོ་གཉེར་གསོ་སྐྱོང་། ཚན་རྩལ་འདེགས་སྐྱོར། བསྒྱུར་བཅོས་གསར་གཏོད་བཅས་ཀྱི་བྱེད་སྒོ་ཆེན་མོ་བརྒྱད་ལ་ཟེར། 

43.བཟང་བོ་བཞི་ལྡནགྱི་ཞིང་སྡེ་གཞུང་ལམ་ཞེས་པ་ནི་ཞིང་སྡེ་གཞུང་ལམ་ལེགས་པོར་བསྐྲུན་པ་དང་དོ་དམ་བཟང་བ། སྲུང་སྐྱོང་ལེགས་པ། འཁོར་སྐྱོད་བཟང་བ་བཅས་ཞིང་སྡེ་དར་རྒྱས་ལ་ཞབས་ཞུ་བྱེད་པའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན། 

44.སློབ་གསོའི“གཉིས་འཕྲི”ཞེས་པ་ནི་སློབ་གསོ་པུའུ་ཡིས་འགྲེམས་སྤེལ་བྱས་པའི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་ལས་སྒྲུབ་ཁུར་བོ་དང་སློབ་ཕྱིའི་གསོ་སྐྱོང་སྦྱོང་བརྡར་གྱི་ཁུར་བོ་སྔར་ལས་ཇེ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་གྱི་སྲིད་ཇུས་ལ་ཟེར་ཞིང་། སློབ་མའི་ལས་བྱའི་འགན་ཁུར་དང་སློབ་ཕྱིའི་གསབ་སྦྱོང་གི་འགན་ཁུར་གཉིས་ཇེ་ཡང་དུ་གཏོང་བ་ལ་ཟེར

45.སློབ་གསོ་ཕྱོགས་ལྔ་སྐྱོང་མཉམ་འཕེལ་ཞེས་པ་ནི་སློབ་གསོའི་གོ་རིམ་ཁྲོད་དུ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་སློབ་གསོ་ལྔ་མཉམ་དུ་གསོ་སྐྱོང་བྱས་ཏེ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བ་ལ་ཟེར། 

46.“ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་བབ་དངོསཞེས་པ་ནི། མཚོ་སྔོན་ཞིང་ཆེན་གྱི་རིན་ཐང་ཆེས་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེས་ཆེ་ཤོས་ནི་སྐྱེ་ཁམས། གབ་ཤུགས་ཆེས་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ཞེས་པར་གོ་དགོས།

47.“གལ་འགངས་ཆེས་ཆེ་བ་གསུམ”གྱི་འཐབ་ཇུས་ནི། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་བརྟན་འཇགས་གནས་བབ་དང་རྒྱལ་ཁོངས་བརྟན་འཇགས་གནས་བབ། ཐོན་ཁུངས་ནུས་ཁུངས་བརྟན་འཇགས་གནས་བབ་བཅས་ལ་ཟེར།

48.རྫོང་ཨུའི1234”ལས་ཀའི་བསམ་ཕྱོགས་ཞེས་པའི“1ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩི་བ། “2”ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་གཉིས་སྒྲུབ་རྒྱུ་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་བྱ་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ། “3”ནི་ཕན་ནུས་མཐོ་བའི་ཞིང་ཕྱུགས་ཐོན་ལས་དང་ནུས་ཁུངས་གཙང་མའི་ཐོན་ལས། སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་བཅས་ཐོན་ལས་མ་ལག་ཆེན་པོ་གསུམ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་བཅས་ཡིན་ལ། “4ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་རྫོང་དང་ལྗང་མདོག་འཕེལ་རྒྱས་ཀྱི་ཐོན་ལས་རྫོང་། མི་དམངས་ཀྱི་བློ་ཡིད་ཚིམ་པའི་རྫོངམཁར། མཐུན་སྒྲིལ་འབད་འཐབ་བྱེད་པའི་བདེ་སྐྱིད་རྫོང་བཅས་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས་པ་ལ་ཟེར།

49.སྤུས་ཚད་ཐོན་སྐྱེད་ནུས་ཤུགསཞེས་པ་ནི་ཚན་རྩལ་མཐོ་བ་དང་ཕན་ནུས་ཆེ་བ། སྤུས་ཚད་མཐོ་བའི་ཁྱད་ཆོས་ལྡན་ཁར། མཉམ་འདུས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་ཀྱི་ངོ་བོ་ལྡན་པ་ལ་ཟེར། 

50.“ལྔ་ཚན་བཅོ་ལྔཡི་འཆར་འགོད་ཅེས་པ་ནིཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐེངས་བཅོ་ལྔ་བའི་ལོ་ལྔའི་འཆར་འགོད་རྩ་གནདལ་གོ་དགོས།  

51.རྒྱུན་འཁྱོངས་གསུམཞེས་པ་ནི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ། སྐྱེ་ཁམས་སྔོན་ལ་སྤེལ་བ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ། མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་ཡོང་བ་བཅས་རྒྱུན་འཁྱོངས་བྱ་དགོས་པར་གོ 

52.བློ་ལ་བརྟན་པོར་ངེས་པ་གཅིགཅེས་པ་ནི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་བློ་ལ་བརྟན་པོར་ངེས་དགོས་ཞེས་པའི་དོན་ནོ།།

53.བླང་བྱ་གཉིསཞེས་པ་ནི་ཆབ་སྲིད་ཀྱི་བླང་བྱ་དང་ལག་ལེན་གྱི་བླང་བྱ་ལ་ཟེར། 

54.འགག་རྩ་གསུམཞེས་པ་ནི་འགག་རྩའི་དུས་རིམ་དང་འགག་རྩའི་ལས་འགན་། འགག་རྩའི་བྱེད་ཐབས་བཅས་ལ་ཟེར། 

55.སྔར་ལས་མཐོ་བ་ལྔཞེས་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ཁུལ་ལ་བཏོན་པའི་ལས་ཀའི་བླང་བྱ་ལྔ་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་བསྐྲུན་རྒྱུ། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་རྒྱུ། ལས་ཆོད་སྔར་ལས་མཐོ་བའི་སྒོ་ནས་ཐོན་ལས་བསྒྱུར་འགོད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་རྒྱུ།

56.གླིང་གཉིས་གནས་གཅིགཞེས་པའི་ཁྲོད་ཀྱི“གླིང་གཉིས”ཞེས་པ་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཡིན། “གནས་གཅིག”ཞེས་པ་ནི་མདེལ་གཉིས་སྐར་གཅིག་ཕུགས་འདུན་དད་སེམས་ཀྱི་སྙིང་སྟོབས་ཀྱི་མཐོ་གནས་གཅིག་ལ་གོ་དགོས། 

57.ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”ཞེས་པ་ནི། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་ས་གནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་གཞག་བཅས་ཀྱི་འཛུགས་སྐྲུན་དེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་བ་ལ་ཟེར། 

58.རི་ཆུ་ནགས་ཞིང་མཚོ་རྩཐང་བྱེ་ཐང་གཞི་གཅིག་ཅན་གྱི་སྲུང་སྐྱོཉམས་གསོ་ཞེས་པ་ནི་རི་ཆུ་ནགས་ཞིང་། མཚོ་དང་རྩྭ། བྱེ་ཐང་སོགས་རང་བྱུང་གི་གྲུབ་ཆ་དག་གནོད་སྐྱོན་དང་ཞན་འགྱུར། ཞབས་ཞུའི་ནུས་པ་ཞན་པའི་མཉམ་འདུས་སྐྱེ་ཁམས་མ་ལག་ཁྱོན་ཡོངས་ནས་སྲུང་སྐྱོང་དང་ཉམས་གསོ། ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་བཅས་ལ་ཟེར།

59.འབག་བཙོག་ཆེན་མོ་གསུམའགོག་བཅོས་བྱེད་པ”ཞེས་པ་ནི་གཡའ་དག་པའི་ནམ་མཁའ་དང་དྭངས་གཙང་གི་ཆུ་བོ། མཛེས་སྡུག་གི་ས་གཞི་བཅས་ལ་སྲུང་བ་བགྱི་བའི་འཐབ་ཇུས་ལ་ཟེར། 

60.དམའ་རིམ་དཔལ་འབྱོརཞེས་པ་ནི་མཁའ་ལམ་དམའ་ཤས་སུ་སྤེལ་བའི་དཔལ་འབྱོར་བྱེད་སྒོ་ལ་ཟེར་ཞིང་། མི་མེད་མཁའ་འགྲུལ་དང་མཁའ་ལམ་སྐོར་གཟིགས། འཕྲལ་སྡོམ་མྱུར་སྐྱོབ་བཅས་ལ་ཟེར།

61.ཐཱན་དམའ་བའི་རྫོང་མཁརཞེས་པ་ནི་ལྗང་མདོག་ཐཱན་དམའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་སྒོས་རྫོང་མཁར་གྱི་བར་སྟོང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། འཛུགས་སྐྲུན་གྱི་ནུས་ཁུངས་གྲོན་ཆུང་བྱེད་པ། གནོད་མེད་འགྲིམ་འགྲུལ་འཕེལ་རྒྱས་གཏོང་བ་སོགས་ཐཱན་གྱི་གནོད་པ་ཇེ་དམའ་རུ་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་མཉམ་གནས་མངོན་འགྱུར་བྱེད་པའི་རྫོང་མཁར་ལ་ཟེར། 

62.འབྲོག་ལུག་དང་ནོར་ནག་གི“སྐྱེ་རྒྱུད་དག་སྤེལཞེས་པ་ནི་ཚན་རིག་དང་མཐུན་པའི་རྒྱུད་འདེམས་དང་། འདེམས་སྦྱོར། རྒྱུད་སྤེལ་བྱེད་པའི་ལག་རྩལ་བརྒྱུད་འབྲོག་ལུག་དང་ནོར་ནག་གི་རིགས་རྒྱུད་ཞན་འགྱུར་དང་རིན་གོང་དམའ་འགྱུར་གྱི་གནད་དོན་ཡོད་པའི་ཚོགས་སྤྱིའི་ཁྲོད་དུ་གདམ་གསེས་དང་ལེགས་སྒྱུར་བྱས་ཏེ། རྒྱུད་འཛིན་གྱི་ཁྱད་ཆོས་ལེགས་པོ་ལྡན་པ་སོར་འཇོག་དང་ཤུགས་བརྒྱབ་སྟེ་མཐར་ཕྱུགས་རྒྱུད་ཀྱི་སྤུས་ཚད་མཐོར་འདེགས་དང་ཐོན་ལས་དཔལ་འབྱོར་གྱི་ཕན་འབྲས་མཐོར་འདེགས་ཡོང་བར་བྱེད་པ་ལ་ཟེར། 

63.“དྲ་ཁུངས་གློག་གསོག”ཅེས་པ་ནི་རང་ས་གནས་ཀྱི་གློག་ཁུངས་དང་དྲ་ཁུངས་སོགས་ཀྱི་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ་སྔོན་ཐོན་གྱི་ལག་རྩལ་དང་སྒྲིག་སྲོལ་མ་ལག་གསར་གཏོད་ཀྱི་འདེགས་སྐྱོར་ལ་བརྟེན་ནས་དྲ་གསོག་ཚད་མཐོ་བའི་མཉམ་འདྲེས་གློག་ཤུགས་མ་ལག་གསར་པ་འཚོལ་ཞིབ་དང་གསར་འཛུགས་བྱེད་པ་ལ་ཟེར།

64.“འཕར་ཚད་བསྲེ་སྒྱུར”ཞེས་པ་ནི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ལ་སྤྱི་ལ་དབང་བ་མ་ཡིན་པའི་ཁེ་དབང་མ་རྩ་ནང་འདྲེན་བྱེད་པ་དང་།དབང་བའི་ལམ་ལུགས་མི་འདྲ་བའི་མ་རྩ་མཉམ་དུ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སུ་ཞུགས་པ་མངོན་འགྱུར་བྱེད་པ་ལ་ཟེར།

65.འོད་བརྟེན་དྲོད་འདོན”ཞེས་པ་ནི་དངོས་པོའི་ངོས་ཀྱི་ལྡོག་འཕྲོའི་མེ་ལོང་ལས་ཉི་མའི་འོད་གཅིག་ཏུ་བསྡུས་ནསཉི་ནུས་ཚ་གློག་གིས་དྲོད་ཚད་འདོན་པའི་ལག་རྩལ་ཞིག་ལ་ཟེར།

66.ནུས་གསོག་མཉམ་སྤྱོདཅེས་པ་ནི་ནུས་རྒྱུ་གསར་པའི་རྣམ་གྲངས་མང་པོའམ་ཡང་ན་དུད་ཁྱིམ་དུ་མས་གློག་གསོག་མ་ལག་ཆ་ཚང་ཞིག་མཉམ་དུ་བེད་སྤྱོད་བྱས་ཏེ། ཤོང་ཚད་བོགས་མར་གཏོང་བ་དང་ཡོང་སྒོ་བགོ་འགྲེམ་བྱེད་པའི་རྣམ་པ་སྤྱད་ནས་གཙོ་གཉེར་རྐྱང་མའི་མ་འཇོག་ཇེ་དམའ་རུ་གཏོང་བ་དང་། ནུས་གསོག་སྤྱོད་ཚད་མཐོ་རུ་གཏོང་བ་ལ་ཟེར། 

67.རྡོ་སོལ་གཏེར་ཁའི་མངོན་མེད་རྐྱེན་ངན་བཅོས་སྒྲིགཅེས་པ་ནི་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་བྱེད་སྐབས། རྡོ་སོལ་གྱི་བང་རིམ་དང་དེའི་མཐའ་འཁོར་གྱི་བྲག་རྡོ་རྡིབ་སྐྱོན་སོགས་ཀྱི་མངོན་མིན་ཉེན་ཁ་སྣ་ཚོགས་ལ་དམིགས་ནས་སྤེལ་བའི་མ་ལག་རང་བཞིན་གྱི་ཡོངས་ཁྱབ་ཞིབ་བཤེར་དང་བརྟག་དཔྱད། བཅོས་སྒྲིག ཚོད་འཛིན་བཅས་ཀྱི་ལས་དོན་ལ་ཟེར། 

68.A3རིམ་པའི་ཡུལ་ལྗོངས་ཁུལ2ཞེས་པ་ནིཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དབྱེ་བའིརྒྱལ་ཁབ་ཀྱི་ཚད་གཞི་ལྟར་དཔྱད་བསྡུར་གཏན་འབེབས་བྱས་ཏེ། དེའུ་དམར་སྡེ་བ་དང་དཀོན་ལོ་གོང་མ་སྡེA3རིམ་པའི་ཚད་ལྡན་ཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྲུན་རྒྱུའི་རེ་ཞུ་བྱས་ཡོད། 

69.A5རིམ་པའི་མཛེས་ལྗོངས་ཁུལ་གཅིགཅེས་པ་ནི། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དབྱེ་བའིརྒྱལ་ཁབ་ཀྱི་ཚད་གཞི་གཞིར་བཟུང་དཔྱད་བསྡུར་གཏན་འབེབས་བྱས་ཏེ་མཐོ་སྒང་མཚོ་ངོགས་དེA5རིམ་པའི་ཚད་ལྡན་ཅན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བསྐྲུན་རྒྱུའི་རེ་ཞུ་བྱས་པ་ལ་ཟེར།

70.མཚོUགཟིགས་སྐྱོང”ཞེས་པ་ནི་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་བཏོན་པའི་འཛད་སྤྱོད་ཁ་གསབ་སྲིད་ཇུས་ཤིག་སྟེ། དངུལ་ཁང་དང་མཉམ་འབྲེལ་བྱས་ནས་ཡོན་ཧྲན་ཧྥappབརྒྱུད་དེ་ལག་བསྟར་བྱ་དགོས་པར་གོ་དགོས།

71.དཔྱ་ཁྲལ་འགྲོ་སོང་ཇེ་ཉུང་བྱེད་པ་དང་གྲོན་དངུལ་ཁ་གསབཅེས་པའི་དཔྱ་ཁྲལ་འགྲོ་སོང་ཇེ་དམའ་རུ་གཏོང་བ་ནི་རྒྱལ་ཁབ་ཀྱིས་ཁྲལ་འབབ་ཆག་ཡང་དང་གྲོན་དངུལ་གྱི་ཁུར་པོ་ཇེ་དམའ་རུ་གཏོང་བ་བརྒྱུད་ཁེ་ལས་དང་མི་སྒེར་གྱི་དཔལ་འབྱོར་གནོན་ཤུགས་ཇེ་ཆུང་དུ་གཏོང་བའི་སྲིད་ཇུས་ཀྱི་བྱེད་ཐབས་ལ་ཟེར་ཞིང་། དེའི་དམིགས་ཡུལ་ནི་ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་དང་དཔལ་འབྱོར་སྤུས་ཚདའཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། གྲོན་དངུལ་ཁ་གསབ་ཅེས་པ་ནི་སྲིད་གཞུང་དང་དངུལ་རྩའི་སྒྲིག་གཞིའམ་ཡང་ན་འབྲེལ་ཡོད་གཙོ་གཉེར་གཞན་དག་གིས་དངུལ་བུན་སྐྱི་མཁན་ལ་དངུལ་བུན་གྱི་སྐྱེད་ཀ་ཆ་ཤས་སམ་ཆ་ཚང་སྤྲད་ནས་དངུལ་བུན་སྐྱི་མཁན་གྱི་མ་དངུལ་བསྡུ་སྒྲིལ་མ་གནས་ཇེ་དམའ་རུ་གཏོང་བའི་བྱེད་སྒོ་ལ་ཟེར་ཞིང་། སྤྱིར་བཏང་དུ་འགྲོ་གྲོན་ག་གེ་མོ་ཞིག་ལ་ཁ་གསབ་བྱེད་པ་ལ་ཟེར་བ་དང་། ཁ་གསབ་སྟེར་མཁན་གཙོ་བོ་ནི་སྲིད་གཞུང་དང་། ཁེ་ལས། རྩ་འཛུགས་གཞན་དག་བཅས་ཡིན་ཆོག 

72.“གློད་སྡོམ་ཞབས་ཞུ་སྒྱུར་བཅོས”ཞེས་པ་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད། གློད་སྡོམ་ཟུང་འབྲེལ། ཞབས་ཕྱི་ལེགས་སྒྱུར་བཅས་ཀྱི་བསྡུས་མིང་ཡིན།གློད་ཅེས་པ་ནི་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱས་ནས་འཇུག་འཐུས་ཀྱི་ཚད་གཞི་དམའ་རུ་གཏོང་རྒྱུ་དེ་ཡིན། དོ་དམ་ཞེས་པ་ནི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་དྲང་བཞག་འགྲན་རྩོད་ཀྱི་ལྐུལ་འདེད་གཏོང་བ་ལ་ཟེར། ཞབས་ཕྱི་ཞེས་པ་ནི་ཕན་འབྲས་ཆེ་བའི་ཞབས་ཕྱི་དང་སྟབས་བདེ་བསྐྲུན་རྒྱུ་དེ་ལ་ཟེར། 

73.ལས་ཕྱོད་ཆེ་བའི་དོན་གཅིག་སྒྲུབ་པཞེས་པ་ནི་སྡེ་ཁག་མང་པོ་དང་བྱ་རིམ་མང་པོ་གཅིག་ཏུ་བསྡུས་ནས་སྲིད་དོན་ཞབས་ཞུའི་དོན་དག་སྡེབ་སྒྲིག་བྱས་ཏེ་སྒྲུབ་པའི“ཐེངས་གཅིག་ལ་བརྡ་གཏོང་བ་དང་། རྒྱུ་ཆ་ཆ་ཚང་གཅིག སྒེའུ་ཁུང་གཅིག་ལས་བདག་སྤྲོད་བྱེད་པ། ཐེངས་གཅིག་གིས་དོན་གཅིག་སྒྲུབ་པ་བཅས་མངོན་འགྱུར་བྱེད་པ་ལ་ཟེར།

74.“སློབ་གསོ་ཕྱོགས་ཀྱི་ལྔ་སྐྱོང་མཉམ་འཕེལཞེས་པ་ནི་སློབ་གསོའི་གོ་རིམ་ཁྲོད་དུ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་སློབ་གསོ་ལྔ་མཉམ་དུ་གསོ་སྐྱོང་བྱས་ཏེ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་གཏོང་བ་ལ་ཟེར། 

75.“སྡེ་ཁུལ་སྨན་ཁང”ཞེས་པ་ནི་སྡེ་ཁུལ་གྱི་ཁྱིམ་ཚང་དང་གྲོང་མིར་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུ་མཁོ་འདོན་བྱེད་པའི་ཁེ་གཉེར་རང་བཞིན་མིན་པའི་སྨན་བཅོས་སྒྲིག་གཞི་ལ་ཟེར།

76.“ཧྥུན་ཆོ་ཉམས་མྱོང”ཞེས་པ་ནི1963ལོར་བཙུགས་ཤིང་། དེ་ནི་སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་གནད་དོན་ཇི་ལྟར་འོས་འཚམ་སྒོས་ཐག་གཅོད་བྱེད་པ་ལ་ཟེར། ནང་དོན་གཙོ་བོ་ནི་མང་ཚོགས་ལ་བརྟེན་པ་དང་རྩོད་གཞི་གོང་ཞུ་མི་བྱེད་པར་དུས་ཐོག་ཏུ་ཐག་གཅོད་པ། འཛིན་བཟུང་ཉུང་ཞིང་བདེ་འཇགས་ལ་འགན་སྲུང་བྱེད་པ་ལ་ཟེར

77.གྲོས་གཞི་དང་པོའི”ལམ་ལུགས་ཞེས་པ་ནི་ཏང་རྩ་འཛུགས་རིམ་པ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགསཏང་ཨུའི་ཨུ་ཡོན་ལྷན་ཁང་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་ ཀྲི་པུའུ་ཚོགས་ཆེན་སོགས་ཏང་ནང་གི་ཚོགས་འདུ་གལ་ཆེན་གྱི་གྲོས་རིམ་དང་པོར་བཞག་ནས་མྱུར་མོར་རྩ་འཛུགས་བྱས་ཏེ་བརྒྱུད་བསྒྲགས་སློབ་སྦྱོང་བྱ་རྒྱུ་ལ་ཟེར།

78.“གཏན་འཁེལ་གཉིས”ཞེས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱེད་པ་དང་།  བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱེད་པ་ལ་ཟེར།

79.“སྲུང་སྐྱོང་གཉིས”ཞེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་པའི་དོན།

80.དགུ་ལྔ”ཁྲིམས་ལུགས་ཁྱབ་གདལ་ཞེས་པ་ནི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བའི་ཐེངས་དགུ་བའི་ལོ་ལྔའི་འཆར་འགོད་དེ(2026ལོ་ནས2030ལོའི་བར)ཡི་བསྡུས་མིང་ལ་གོ་དགོས།