网站无障碍
མཚོ་སྔོན་རྐང་ཚ་རྫོང་གི་ལྷད་མེད་ཞིང་ཕྱུགས་ལས་འཕེལ་རྒྱས་ཡུན་རིང་བརྟན་འཇགས་ཚད་ལེན་ས་ཚིགས་ཀྱིས་ཐོན་ལས་རིམ་སྤོར་ལ་གཞོགས་འདེགས་བྱས།
发布时间:2026年03月17日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

བསིལ་ལྡན་ཁ་བའི་ལྗོངས་ཀྱི་བྱང་ཤར་ཕྱོགས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ལྷད་མེད་ཀྱི་ལེའུ་གསར་བ་ཞིག་འབྲི་བཞིན་ཡོད། ས་འདི་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སྨི3300ཆགས་ཡོད་ལ། ལོ་གཅིག་གི་ཆ་སྙོམས་དྲོད་ཚད་ཀོར་ཐིག་མན་གྱི་སེ་དྲོད0.6ཡིན། རྩྭ་ས་ས་མུའུ་ཁྲི1035.96དང་ཞིང་ས་ས་མུའུ་ཁྲི13.4གིས་ཕྱུགས་ཟོག་ཁྲི102གསོ་སྐྱོང་བྱེད་བཞིན་ཡོད་པས། མཐོ་སྒང་གི་ལྷད་མེད་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གཡུལ་ས་ཞིག་ཏུ་གྲུབ་ཡོད།

       ལྷད་མེད་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཡུན་རིང་བརྟན་འཇགས་ཀྱི་ཚད་ལེན་ས་ཚིགས་འཛུགས་སྐྲུན་བྱས་པ་ནི་རྐང་ཚའི་ཐོན་ལས་རིམ་སྤོར་གྱི་འགག་རྩའི་འགུལ་ཤུགས་གལ་ཆེན་ཞིག་ཡིན། དེ་ནི་ཐོན་ལས་བརྒྱུད་ཐག་འཁོར་སྐྱོད་བྱེད་པའི་སྲོག་ཤིང་ཡིན་པར་མ་ཟད། རྫོང་ཡོངས་ལྷད་མེད་ཞིང་ཕྱུགས་ལས་ལ་བསྒྱུར་བའིགཞི་གྲངས་ཀྱི་རྨང་རྡོཡིན། ཕྱི་ཕྱོགས་ནས་ཆ་ཚང་གི་ལྟ་ཞིབ་ཚད་ལེན་ནུས་པ་གོང་སྤེལ་བྱས་པ་བརྒྱུད།  ཚོད་ལྟ་ས་ཚིགས་ཀྱིས་རྒྱུན་མཐུད་ངང་ས་ཁོངས་ཀྱི་ཞིང་ལས་ཁོར་ཡུག་གི་འགྱུར་ལྡོག་དང་། ཐོན་ཁུངས་ཐེག་ནུས་དང་སྐྱེ་ཁམས་ཕན་འབྲས་དཔྱད་དཔོག་གནད་ལ་འཁེལ་བ་བྱས་ཤིང་། རྒྱུན་མཐུད་རྨང་གཞིའི་གཞི་གྲངས་ཀྱི་ཐོན་ལས་འཕེལ་རྒྱས་ཐབས་ཇུསཉམས་མྱོང་ལ་བརྟེན་པལསགཞི་གྲངས་ལ་བརྟེན་པརའཕོ་འགྱུར་བྱུང་ཡོད།

          འབད་བརྩོན་ལྷུར་ལེན་བྱས་ནས་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོབ་ཡོད་པས། རྐང་ཚས་ངོམས་ཆོག་པའིལྷད་མེདཀྱི་གྲུབ་འབྲས་ཟིན་ཐོཞིག་སྤྲད། རྫོང་ཡོངས་ཀྱིས་ལོ་མང་རིང་མིས་བཟོས་རྩྭ་ཐང་སོར་བཞག་བྱས་ཚད100%སླེབས་ཡོད།ས་སྣག་སྐྱེ་ལྡན་ཚད་འདྲེས་ཚད3.874ལ་ཇེ་མཐོར་སོང་ཡོད་ལ། ལུད་རྫས་དང་ཞིང་སྨན་བཀོལ་སྤྱོད་བྱས་ཚད་ཇེ་དམའ་རུ་ཕྱིན་ཡོད། མུའུ་གཅིག་གི་ནང་དུ་སྟོང་ཁེ4.7དང་མུའུ་གཅིག་གི་ནང་དུ་སྟོང་ཁེ0.0018བར་ཚོད་འཛིན་བྱས། ལོ་ཏོག་གི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱས་ཚད98%ཟིན་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་བཙོག་ཕྱོགས་བསྡུས་བེད་སྤྱོད་བྱས་ཚད88%ཟིན་ཡོད། རྩྭ་ཐང་ལ་རྩྭ་སྔོན་སྐྱེས་ཚད83%ཟིན་པ་སོགས་གྲངས་ཀ་འདི་དག་གི་རྒྱབ་ཏུ་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་ཐོན་ལས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཚད་ལྡན་དུ་འགྲོ་བཞིན་པ་མཚོན་ཐུབ། 

        རང་བྱུང་རྩྭ་སའི་ཕྱུགས་ལས་དེ་ཐོན་ལས་ཀྱི་གཙོ་བོ་ཡིན་པར་རྐང་བཙུགས་ཏེ། རྐང་ཚ་རྫོང་གིས་ཐོན་ཁུངས་ཚད་མཐོའི་འཁོར་སྐྱོད་བེད་སྤྱོད་བྱེད་པ་དཀྱིལ་སྙིང་ལ་བཟུང་ནས་སྐྱེ་ཁམསལ་མི་གནོད་པའི་སྤུས་ལེགས་ཐོན་རྫས་ཐོན་སྐྱེད་བྱ་རྒྱུ་དེ་དམིགས་སུ་བཟུང་ནསམཐོ་སྒང་ཞིང་ལས་ཀྱི་ལྷད་མེད་འཕེལ་རྒྱས་མ་ལག་ཕྱོགས་ཡོངས་ནས་བསྐྲུན། སྐྱེ་ཁམས་གཙོ་བོདངཐོན་ལས་རིམ་སྤོརགཞི་གཅིག་ཅན་སྐུལ་སྤེལ་དང་། འབྱུང་ཁུངས་དོ་དམ་ཚོད་འཛིན”དང“ཁ་གཏིང་གཉིས་ཀྱི་སྦགས་བཙོག”མཉམ་དུ་དམ་འཛིན་བྱེད་པ། “ཚན་རིག་བེད་སྤྱོད”དང“སྐྱེ་ཁམས་གསོ་སྐྱོང”གི་མཉམ་འགུལ། ལྷད་མེད་ཐཱན་ཉུངདངཟོང་རྟགས་འཛུགས་སྐྲུནབཅས་མཉམ་སྡེབ་ཀྱིབསྡེབས་བསྒྲིགས་ཁུར་རྩལབརྟེན་ནས། རྐང་ཚའི་ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམསརིགས་གསུམ་མཉམ་རྒྱལ”མངོན་འགྱུར་བྱེད་པའི་ལག་རྩལ་གསར་གཏོད་ཀྱི་ལམ་བུ་ཞིག་བདེ་བླག་ངང་འཚོལ་ཞིབ་བྱས་ཡོད།

      སྐྱེ་ཁམས་ཀྱི་རྨང་གཞི་དང་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་ལ་བརྟེན་ནསརྐང་ཚའི་ནུས་ཤུགས་ཡོད་རྒུས“རྐང་ཚའི་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་ནོར་གནག་དང་འབྲོག་ལུག”གི་ལྷད་མེད་སྐྱེ་ལྡན་ཀྱི་ཟོང་རྟགས་གསར་སྐྲུན་བྱས། མིག་སྔར། རྫོང་ཡོངས་ཀྱི་རང་བྱུང་རྩྭ་ས་ས་མུའུ་ཁྲི895.95ལ་སྐྱེ་ལྡན་ར་སྤྲོད་ཐོབ། ཐོན་རྫས་གསུམ་དང་དཔང་ཡིག་གཅིག(ལྷད་མེད་ཟས་རིགས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་བབ་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས། ཚད་ལོངས་དཔང་ཡིག)འཛོམས་པའི་ཐོན་རྫས28ལ་ལྷད་མེད་སྐྱེ་ལྡན་ར་སྤྲོད་དང་རྒྱལ་ཁབ་རིམ་པའི་ས་བབ་མཚོན་རྟགས་ཐོན་རྫས་ཀྱི་སྤྱི་འབོར་ཡག་པོ་འདུག མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་ཤུགས་རྐྱེན་ལ་བརྟེན་ནས། རྐང་ཚའི་ཞིང་ཕྱུགས་ཐོན་རྫས་དེ་རྒྱལ་ཡོངས་ལ་ཁ་ཕྱོགས་ཡོད། ཟི་ལིང་དང་ཞི་ཨན། ཀོང་ཀྲོའུ་སོགས་སུ་ཐད་འཚོང་ཁང20ཕྱེས་ཤིང་། རིམ་རྩིས་བྱས་ན་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི2500ལས་བརྒལ་ཡོད།

        གཞི་གྲངས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ལྟ་དཔྱད་ཚད་འཇལ་ཚོད་ལྟའི་ས་ཚིགས་ས་ལྷད་མེད་ཕྱོགས་སྒྱུར་གྱིབསྡེབས་བསྒྲིགས་ཁུར་རྩལལ་བརྟེན་ནས་མཐོ་སྒང་ས་ཁུལ་གྱི་ཞིང་ཕྱུགས་ལས་ལྷད་མེད་དང་ཐཱན་ཉུང་རེས་འཁོར་འཕེལ་རྒྱས་བཅས་ལ་རྩ་ཆེའིརྐང་ཚའི་ལག་ལེནམཁོ་འདོན་བྱས་ཡོད།