མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་མཐོང་སྣང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ3པའི་ཚེས19ཉིན།2026ལོའི་མཚོ་སྔོན་པོའི་ཞལ་སྒོ་འབྱེད་པའི་ཕྲེང་བསྟར་བྱེད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་བསྡུས། མཚོ་མཐའི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་ལུས་ལ་གཟབ་འཆོར་སྤྲས་ཏེ་ཡུལ་དངོས་སུ་འཛོམས་ཤིང་། མཚོ་སྔོན་པོའི“ཞལ་སྒོ་འབྱེད་པའི”བརྗིད་ཆགས་མཛེས་སྡུག་གི་ངོ་མཚར་ལ་མཉམ་དུ་བདེན་དཔང་བྱས།

མཚོ་སྔོན་པོའི་ཞལ་སྒོ་འབྱེད་པར་ཞི་དྲག་གཉིས་སུ་དབྱེ་ལ། དེ་ནི་མཐོ་སྒང་གཅིག་པུར་དབང་བའི་རྣམ་པ་ཞིག་ཡིན། “ཞི་བ”ནི་མཚོ་དར་དལ་གྱིས་ཞུ་ནས་གྲགས་འགུལ་མེད་པར་མཚོ་མོ་དང་གཞི་གཅིག་ཏུ་འདྲེས་པ་ལ་ཟེར།

“དྲག་པོ”ནི་མདོ་ལ་རི་རྒྱུད་ཀྱི་དྲག་རླུང་གིས་མཚོ་དར་ཤུགས་ཀྱིས་སྐྱོམ་ཏེ་གས་སྲུབས་བཏོད་ཅིང་ཕན་ཚུན་རྩུབ་བརྡར་བྱེད་པར་གོ་ལ། སྐབས་དེར་མཚོ་མཐའ་རུ་འགྲེང་ནས་བལྟས་ཚེ་ངོ་མཚར་བའི་ལྟད་མོ་ཅི་རིགས་མཐོང་ཐུབ། མཁའ་དྲོད་དང་རླུང་ཤུགས་ནི་སྣང་ཚུལ་འདི་གཉིས་སྐྲུན་པའི་འགག་རྩ་ཡིན།