网站无障碍
རྐང་ཚ་རྫོང་གིས་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱས་ནས་ཀྲུང་དབྱང་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་གྱི་ཞབས་ཞུས་མང་ཚོགས་ཁྲི་སྟོང་མང་པོར་ཕན་པ་ཐོབ།
发布时间:2026年04月14日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  རྐང་ཚ་རྫོང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པའི་སློབ་གསོའི་སློབ་སྦྱོང་དེ་ཀྲུང་དབྱང་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་ཟུང་འབྲེལ་གཏིང་ཟབ་བྱས་ཏེ། ཐོན་ཁུངས་ཀྱི་སྟོབས་གཅིག་བསྡུས་དང་སྒྲོག་འགྲེལ་གྱི་རྣམ་པ་གསར་གཏོད། དམངས་ཚིས་ཞབས་ཞུ་དངོས་སྒྲུབ་ནས་རོང་འབྲོག་མང་ཚོགས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་གཞི་རིམ་དུ་བསྐྱལ་ལ། ཁེ་ཕན་དོན་འཁྱོལ་ལེགས་པོ་བྱས་ནས་དམངས་ལ་ཕན་པ་དང་དམངས་སེམས་དྲོས་པ། དམངས་ཡིད་ཚིམས་པའི་ལས་དོན་གཏིང་ཟབ་དང་དོན་དངོས་སུ་འགྲོ་དགོས

  ལས་དོན་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་སྒྲོག་འགྲེལ་མ་ལག་གཏོད། རྫོང་ཡོངས་ཀྱིས་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མི། མཉམ་འབྲེལ་རོགས་སྐྱོར་སྡེ་ཁག་གི་ལས་བྱེད་བཅས་མི་སྣ163ལེགས་འདེམས་བྱས་ནས་རྫོང་རིམ་པའི་འགོ་ཁྲིད31གིས་སྣེ་ཁྲིད་བྱས་ལ། སྡེ་བ་རེ་སྒྲོག་འགྲེལ་པ་མི5ལས་མི་ཉུང་བ་དོན་འཁྱོལ་བྱས། སྣེ་ཁྲིད་དང་ཇུས་འདོན། རྨང་གཞི་འདིང་བ་བཅས་ཀྱི་ཞབས་ཞུ་ཁག་གསུམ་ལ་རྩེ་གཅིག་ཏུ་དམིགས་ནས་གཞི་རིམ་བཅོས་སྐྱོང་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་སྲུང་། སྤྱོད་ཚུལ་ལེགས་སྐྱོང་བཅས་གཙོ་གནད་ལས་དོན་ཆེན་པོ་བཞི་མཉམ་འདྲེས་ཀྱིས་སྐུལ་འདེད་བྱས། རིམ་པ་ཁག་གི་ལས་བྱེད་པས་རིམ་གསུམ་མཉམ་འབྲེལ་འགན་ལེན་ལམ་སྲོལ་ལ་བརྟེན་ནས“བཅར་འདྲི་ཆེན་པོ་དངབརྟག་དཔྱད་ཆེན་པོ། གྲལ་བཤེར་ཆེན་པོ”བཅས་ཡོངས་སུ་ཁྱབ་པར་བྱས་ལ འཐུང་ཆུའི་བདེ་འཇགས་དང་ལས་ཞུགས་འབབ་འཕར་སོགས་དམངས་ཚིས་གཙོ་གནད་ལ་དམིགས་ནས་རིམ་རྩིས་བྱས་ན་མང་ཚོགས་ཀྱི་རེ་ཞུ320བསྡུ་ལེནབྱས་ཤིང། དམངས་ཚིས་དཀའ་གནད87ཐག་གཅོད་བྱས་ཡོད། ཆེད་དོན་ལྟ་ཞིབ་ཚོགས་ཆུང5བཙུགས་ནས་ཕྱོགས་བགོས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་།

  སྒྲོག་འགྲེལ་གྱི་གཞི་རྟེན་གསར་གཏོད་བྱས་ནས་སྲིད་ཇུས་ཀྱི་ཐད་ཀའི་ཕན་འབྲས་ཆེ་རུ་བཏང་། སྒྲོག་འགྲེལ་ཚོགས་ཆུང་གིས་ཁྱིམ་ཚང་དུ་སོང་ནས་སྒྲོག་འགྲེལ་བྱེད་པ་དང་། སྐད་གཉིས་ཀྱིས་དོགས་གཞིར་ལན་འདེབས་པ། རྟར་ཞོན་ནས་སྒྲོག་འགྲེལ་བྱེད་དུ་འགྲོ་བ སྦྲ་གུར་སློབ་ཁང་དུ་སྐྱོད་པ། དྲ་ལམ་ནས་འདེད་སྐྱེལ་བྱེད་པ་སོགས་ཀྱི་བྱེད་སྟངས་སྣ་མང་སྤྱད་དེ་ནོར་ལུག་ཐོན་ལས་ཀྱི་ཁ་གསབ་དང་། རྩྭ་རའི་གཉེར་སྐྱོང་དབང་ཆ་དུས་འགྱངས་བྱེད་པ་སོགས་ཀྱི་སྲིད་ཇུས་དེ“དམངས་ཚིས་ཀུན་གསལ་ཤོག་ལྷེ”དུ་བསྒྱུར། རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས120ལྷག་ཙམ་སྤེལ་བ་དང་ཞིང་ཕན་འབྲོག་ཕན་གྱི་དཔྱད་ཡིག2500ལྷག་ཙམ་བཀྲམལ། མང་ཚོགས་མི་ཐེངས5600ལྷག་ཙམ་ལ་ཁྱབ་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། དམངས་སྲིད་སོགས་སྡེ་ཚན་གྱིས་མཉམ་འགུལ་གྱིས་གཞི་རིམ་དུ་སྐྱོད་དེ“སྲིད་ཇུས+དམངས་ཕན་ཞབས་ཞུའི”བྱེད་སྒོ་སྤེལ་ནས་ཡུལ་དངོས་སུ་མང་ཚོགས་ལ་ལས་སྒོ་ཁག680ལྷག་ཙམ་གཉེར་རྒྱུར་མཛུབ་ཁྲིད་བྱས།

  ཡུལ་བབ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ནུས་ལ་སྐུལ་སློང་བྱས། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཁྱད་ཆོས་ལྡན་པའི་སྒྲོག་འགྲེལ་ཞབས་ཞུ་སྤེལ། སྐྱིད་སྨོན་ཡུལ་ཚོསསྒྲོག་ཙེ་བསྐོར་ནས་ཁ་བརྡ་བྱེད+སྲིད་ཇུས་སྒྲོག་འགྲེལ”གསར་གཏོད་བྱས་ནས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་སྒྲོག་ཙེའི་མཐའ་བསྐོར་ནས་བསྡད་དེ་ཁ་བརྡ་བྱེད་པ་དང་འཕེལ་རྒྱས་གླེང་བ། སྲིད་ཇུས་སྒྲོག་པ་བཅས་ཀྱི་རྣམ་པའི་གཅིག་སྡུད་སྒྲོག་འགྲེལ་གྱི་དཀའ་གནད་སེལ། མཚོ་འཁྱིལ་ཡུལ་ཚོས་སྲིད་ཇུས་སྒྲོག་འགྲེལ་དང་རྩལ་ནུས་གསོ་སྦྱོང་། དཔེ་མཚོན་དངོས་་དང་དཔེ་ཟུང་འབྲེལ་བྱས་ནས། རོང་འབྲོག་པའི་འབབ་འཕར་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱས། གཡུ་དཀར་འོམ་ལུང་ཡུལ་ཚོས་མང་ཚོགས་ཀྱི་དྲི་བ་དང་སྒྲོག་འགྲེལ་ཚོ་ཆུང་གིས་དྲིས་ལན་གྱི་རྣམ་པའི་མང་ཚོགས་ཀྱི་འདོད་བློ་བསྐངས། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས“དཔྱིད་རླུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་ཀྱིས་དམངས་སེམས་ལ་དྲོད་ཀྱིས་ཁེངས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་སྤུས་ལེགས་ཁེ་ལས26བྱེད་སྒོར་ཞུགས་ཤིང་། མངའ་ཁོངས་ཀྱི་ལས་ཞུགས་ལས་གནས900ལྷག་མཁོ་འདོན་བྱས་ཤིང་། ཡུལ་དངོས་སུ་ལས་ཞུགས་ཀྱི་འདོད་བློ་ཡོད་པའི་མི50ལྷག་ཙམ་ལ་གན་རྒྱ་བཞག་པ་དང་སྲིད་ཇུས་བློ་འདྲི་མི་ཐེངས100ལྷག་ཙམ་ལ་སྣེ་ལེན་བྱས

  མཐའ་མཚམས་དོ་དམ་ཚོད་འཛིན་གྱི་སྤུས་ཚད་མཐོ་རུ་བཏང་ནས་དམངས་ཚིས་འགན་ལེན་གྱི་རྨང་གཞི་བརྟན་དུ་བཏང་དམངས་འཚོའི་རྩིས་ཐོ་སྐྲུན། “རྩིས་ཐོ་བཟོ་བ་དང་རྩིས་ཐོ་རྗེས་འདེད་བྱེད་པ། རྩིས་ཐོ་མེད་པར་བཟོ་བའི”འཁོར་སྐྱོད་མ་ལག་གསར་གཏོད་བྱས་ནས། “གློག་སྒྲོན་གསུམ”(གློག་དམར་ཉེན་བརྡ་དང་གློག་སེར་དྲན་སྐུལ།གློག་ལྗང་མཇུག་སྒྲིལ)གྱི་འགུལ་རྣམ་སྔོན་ཚུད་ཉེན་བརྡ་དང“ལྟ་སྐུལ་དང་རོགས་སྒྲུབ་ཟུང་འབྲེལ”གྱི་རྣམ་པ་ཁྱབ་གདལ་བཏང་ནས“གཞན་དབང་སྐུལསྒྲུབ”དེ“རང་འགུལ་མངགས་གཏོང”དུ་བསྒྱུར།  2026ལོའི་དམངས་འཚོའི་ལས་དོན་ཁག15རིམ་པ་བཞིན་སྒྲུབ་པར་ཁག་ཐེག་བྱས། “བྱང་བུ་གཅིག་དང་སྦྲེལ་མཐུད་གཉིས། རོགས་སྐྱོར་གསུམ། རུ་ཁག་བཞི། ཞབས་ཞུ་ལྔ། ཟིན་ཐོ་དྲུག”གི་ལས་དོན་བཅའ་ཁྲིམས་གསར་གཏོད་བྱས་ནས། ཡིག་ཆ་དང་པོའི་བཀོད་སྒྲིག་དེ་གཞི་རིམ་བཅོས་སྐྱོང་ཕྲན་བུའི་ནང་མཉམ་འདྲེས་བྱས་ཏེ། མང་ཚོགས་ཀྱི་གནས་སྡོད་ཀྱི་དཀའ་གནད་ལ་དམིགས་ནས་རྒྱུན་དུ་སྒྲིག་བཀོད་ལ་ཞིབ་བཤེར་དང་ཞིག་གསོ་བྱས་པར་མ་ཟད། ཁོར་ཡུག་ལ་གཙང་སྤྲ་བྱས  རིམ་རྩིས་བྱས་ན་ཆར་ཆུའི་ཁྲོན་པ986ཞིག་གསོ་བྱས་པ་དང་ཁྲོན་པའི་ཁ་ལེབ་ཆག་རོ120བརྗེ་བསོར་བྱས་ཤིང་། ཆུ་ཚོད24རིང་གི་འཕྲལ་སྡོམ་དང་ལེན་ལམ་སྲོལ་བཙུགས། གཞིས་ལས་ལ་བརྒྱུད་ནས་བདེ་སྡུག་ཞུ་བའི་ཐབས་ལམ་ཤར་བགྲོད་ཐུབ་པ་དང་། དམངས་བདེ་ཚབ་སྒྲུབ་དང་འགལ་བ་འདུམ་འགྲིག་སོགས་རང་སོའི་ཁྱད་ཆོས་ལྡན་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ། དམངས་ཚིས་ལས་དོན་དེ“གཟུགས་ཡོད”ནས“ནུས་ལྡན”དང“ལས་འགན་ལེགས་འགྲུབ”ནས“མང་ཚོགས་ཡིད་ཚིམ་པའི”ཕྱོགས་སུ་རིམ་སྤར་བྱེད་པར་སྐུལ་འདེད་བཏང་ཡོད།