网站无障碍
རྐང་ཚས་མཉམ་འགུལ་སྲུང་སྐྱེལ་བྱས་ནས་འཚར་ལོངས་ལ་སྐུལ་འདེད་བཏང་སྟེ་ནར་མ་སོན་པའི་མིའི“སྲུང་སྐྱོབ་དྲ་བ”བརྟན་པོ་འདིང་བར་བྱས།
发布时间:2026年04月16日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས།རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར།  ནར་མ་སོན་པའི་མི་ལ་བདེ་ཐང་ངང་འཚར་ལོངས་འབྱུང་བའི་བདེ་འཇགས་འགོག་སྲུང་ཇེ་བརྟན་དུ་གཏོང་བ་དང་། ནར་མ་སོན་པའི་མིའི་ཁེ་དབང་འགན་ལེན་བྱ་ཆེད། རྐང་ཚ་རྫོང་ཕྱོགས་བསྡུས་ཁྲིམས་འཛིན་ལག་བསྟར་ཅུ་དང་། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ།  སློབ་གསོ་ཅུ། སྤྱི་བདེ་བཅས་མཉམ་འགུལ་གྱིས་ནར་མ་སོན་པའི་མིའི་ཁེ་དབང་འགན་སྲུང་གི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་སྤེལ་ཞིང་།   ཁོངས་གཏོགས་ཁུལ་གྱི་སྟེགས་གྲུག་ཁང་དང་དྲ་ཁང་། ཚོང་ཁང་། ཆང་ཁང་། རོལ་རྩེད་ཁང་བཅས་གཙོ་གནད་ཁག་ཡོངས་ལ་ཞིབ་བཤེར་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྒྲིག་འགལ་ངང་ནར་མ་སོན་པའི་མི་བསྡུ་ལེན་བྱེད་པ་སོགས་ཀྱི་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་པ་ཡིན། 

    ཞིབ་བཤེར་ལས་དོན་ནངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནར་མ་སོན་པའི་མི་སྲུང་སྐྱོབ་བཅའ་ཁྲིམས》《རོལ་རྩེད་ཁང་གི་དོ་དམ་སྲོལ་ཡིགསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས། སྟེགས་གྲུག་ཁང་དང་དྲ་ཁང་། ཚོང་ཁང་། ཆང་ཁང་། མགྲོན་ཁང་སོགས་ནར་མ་སོན་པའི་མི་དང་འབྲེལ་འདྲིས་བྱེད་སླ་བ་དང་། བདེ་འཇགས་བྱུར་རྐྱེན་ཀྱི་གཙོ་གནད་འདུ་རར་དམིགས་ནས། “ཡོངས་སུ་ཁྱབ་པ་དང་། སྤྱོད་ཚུལ་བཟང་བོ། ཚད་གཞི་ནན་མོ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། གནད་འགག་ཆེན་མོ་བཞི་གཙོར་བཟུང་ནས་གྲལ་ཞིབ་བྱས། གཅིག་ནི་གཙོ་གཟུགས་ཀྱི་ཐོབ་ཐང་ཞིབ་བཤེར་བྱས་པ་དང་། ཚོང་གཉེར་སོ་སོའི་ཚོང་གཉེར་དཔང་ཡིག་བླངས་བར་ཁྲིམས་མཐུན་ཡིན་མིན་དང་། ལག་ཁྱེར་འཐུས་ཚང་མིན། བཀོལ་སྤྱོད་དུས་ཡིན་བརྒལ་ཡོད་མེད། ལོ་ལྟར་ཞིབ་བཤེར་བྱས་ཡོད་མེད་བཅས་ཞིབ་བཤེར་བྱས་ཏེ། ཐོབ་ཐང་མེད་པ་དང་སྒྲིག་འགལ་གྱིས་ཚོང་གཉེར་བྱེད་པའི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས་པ་ཡིན།

གཉིས་ནི་ཞིབ་བཤེར་ཀྱིས་སྲུང་སྐྱོབ་བྱ་ཐབས་སྤྱད་དེ། ཞིབ་ཕྲའི་སྒོས་དྲ་ཁང་དུ་དངོས་མིང་ཐོ་འགོད་ཀྱི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཡོད་མེད་དང་། “ནར་མ་སོན་པ་མི་གཏན་འགོག་བྱེད་པའི”མཚོན་རྟགས་སྦྱར་ཡོད་མེད་དང་ཚད་ལྡན་ཡིན་མིན། སྟེགས་གྲུག་ཁང་གིས“རྒྱལ་ཁབ་ཀྱི་གཏན་འཁེལ་མིན་པའི་དུས་ཆེན་དང་གུང་གསེང་སོགས་སུ་ནར་མ་སོན་པའི་མི་ལ་སྣེ་ལེན”སོགས་ཀྱི་གཏན་འབེབས་ཡོད་མེད།   གསུམ་ནི་བདེ་འཇགས་བྱུར་རྐྱེན་དང་སྒྲིག་འགལ་བྱ་སྤྱོད་གྲལ་བཤེར་བྱས་ཏེ། འདུ་ར་སོགས་ཀྱི་མེ་ཟོན་སྒྲིག་བཀོད་ལེགས་མིན་དང་ནུས་ལྡན་ཡིན་མིན།  བགྲོད་ལམ་ཤར་གཏོང་ཐུབ་མིན་བཅས་ལ་ཞིབ་བཤེར་གཏིང་ཟབ་བྱས་ནས། ནར་མ་སོན་པའི་མིར་ཐ་མག་དང་ཨ་རག་འཚོང་བ།  དེ་བཞིན་དྲ་ཁང་གིས་སྒྲིག་འགལ་ངང་ནར་མ་སོན་པའི་མི་བསྡུ་ལེན་བྱེད་པ་སོགས་ལ་ཞིབ་བཤེར་ནན་མོ་བྱས།   བཞི་ནི་འགན་འཁྲི་རྒྱུད་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་དངོས་ཀྱི་ཚོང་གཉེར་བྱ་ཡུལ་གྱི་འགན་འཁུར་བས་ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་འགྲེལ་བྱེད་པ་དང་། རྫོང་ཁོངས་ཀྱི་དཔེ་མཚོན་གྱོད་དཔེ་དང་ཟུང་དུ་འབྲེལ་ནས“གྱོད་གཞིར་བརྟེན་ནས་ཁྲིམས་འགྲེལ”བྱས་ཏེ་གཉེར་སྐྱོང་པར་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་དང་། རང་འགུལ་གྱིས་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་ཀྱི་འགན་སྒྲུབ་གནང་རྒྱུ་དང་། རང་འགུལ་གྱིས་ཚོང་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་། 

ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ། ཆེད་དོན་ཞིབ་བཤེར་ཚོགས་ཆུང་གིས་འཕྲལ་མར་ལག་ལེན་དང་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས། མཚོན་རྟགས་སྦྱར་བ་ཚད་ལྡན་མིན་པ་དང་ཐོ་འགོད་ཟིན་ཐོ་ཆ་ཚང་མིན་པ་སོགས་ཀྱི་གནད་དོན་ཆུང་ངུ་ལ་ཡུལ་དངོས་སུ་འཕྲལ་མར་དག་ཐེར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དེ་དང་ཆབས་ཅིག  ཐེར་འདོན་ཁ་པར་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་ཤར་གཏོང་ཐུབ་པ་དང་། ཧུར་ཐག་སྒོས་མང་ཚོགས་ལྟ་སྐུལ་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ། སྡེ་ཁག་གིས་ལྟ་སྐུལ་དོ་དམ་དང་། ང་ཚོགས་ཀྱིས་ལྟ་སྐུལ། ཚོང་གཉེར་བས་རང་གཅུན་བཅས་བྱེད་པའི་སྣ་མང་དང་ཐུན་མོང་བཅོས་སྐྱོང་གི་རྣམ་པ་མགྱོགས་པོར་གཏོད་དགོས།

ཐེངས་འདིའི་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་ཁྲིམས་འཛིན་མི་སྣ་མི་ཐེངས60དང་ཁྲིམས་འཛིན་རླངས་འཁོར་ཐེངས18བཏང་ནས་སྟེགས་གྲུག་ཁང10དང་། དྲ་ཁང1  རོལ་རྩེད་ཁང5  ཆང་ཁང16  ནང་མ་ཁང KTV2  སྒོ་རྩིས་ཁང8  མགྲོན་ཁང12  ཁྲུས་ཁང3བཅས་ལ་ཞིབ་བཤེར་བྱས་པ་རེད། མཉམ་འབྲེལ་ཐོག་ཁྲིམས་འཛིན་བྱས་པ་བརྒྱུད་ནས་ཚོང་གཉེར་བ་སོ་སོའི་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་ཀྱི་འདུ་ཤེས་དང་། ཁྲིམས་མཐུན་ལས་གཉེར་ཀྱི་འདུ་ཤེས། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་བཅས་ནུས་ལྡན་དང་ཤུགས་ཆེར་གཏོང་བ་དང་། ནར་མ་སོན་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱུར་རྐྱེན་དང་བདེ་འཇགས་ཀྱི་ཉེན་ཁར་དུས་ཐོག་ཏུ་མེད་པར་བཟོས་པ། ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་དང་མང་ཚོགས་ཀྱི་འཛད་སྤྱོད་བདེ་འཇགས་འགན་ལེན་ཏན་ཏིག་ཐུབ་པ། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོ་བྱེད་པར་རྨང་གཞི་བརྟན་པོ་བཏིང་བ། རྫོང་ཡོངས་ཀྱི་རོལ་རྩེད་ཁང་སོ་སོའི་ལས་གཉེར་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ནར་མ་སོན་པའི་མིའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་དང་སྒྲིག་འགལ་གྱི་བྱ་སྤྱོད་སྣ་ཚོགས་ཀྱིས་འཇིགས་སྣང་སྐྱེད་པ། རོལ་རྩེད་བྱ་ཡུལ་ཚོངགཉེར་བྱེད་མཁན་གྱི་ཁྲིམས་སྲུང་གཉེར་སྐྱོང་འདུ་ཤེས་དང་ནར་མ་སོན་པའི་མིའི་སྲུང་སྐྱོང་འགན་འཁྲི་སྔར་ས་ཤུགས་ཆེར་ཕྱིན་པ། ནར་མ་སོན་པའི་མིར་བདེ་ཐང་གི་འཚར་ལོངས་འབྱུང་བར་བདེ་འཇགས་དང་། དེ་ཐང་། གོ་རིམ་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིག་གནས་ཀྱི་ཁོར་ཡུག་སྐྲུན་དགོས། 

མ་འོངས་བར། རྐང་ཚ་རྫོང་གིས་ནར་མ་སོན་པའི་མིའི་ཁེ་དབང་འགན་ལེན་ལས་དོན་དེ་མུ་མཐུད་དུ་མངོན་གསལ་གྱི་གནས་བབ་ཐོག་ནས་རྒྱུན་རྣམ་ཅན་དང་། ཕུགས་ཕན་ཅན་གྱི་མཉམ་འབྲེལ་ལྟ་སྐུལ་དོ་དམ་ལམ་སྲོལ་བཙུགས་ཏེ། རྒྱུན་གཏན་གྱི་སྐོར་ཞིབ་ཐེངས་གྲངས་དང་འཕྲལ་རྒོལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱིས་ལྟ་སྐུལ་ཐེར་འདོན་བྱེད་པའི་ཐབས་ལམ་ཤར་གཏོང་བྱེད་རྒྱུ་དང་། སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་དང་། སྡེ་ཁག་མཉམ་འགུལ། སྤྱི་ཚོགས་ཟབ་ཞུག་བཅས་ཀྱི་ནར་མ་སོན་པའི་མིའི་སྲུང་སྐྱོ་ལས་དོན་གྱི་རྣམ་པ་ཞིག་ཆགས་པ་དང་། བྱ་ཐབས་སྔར་ལས་ཏན་ཏིག་དང་སྤྱོད་ཚུལ་སྔར་ལས་ནན་མོར་བརྟེན་ནས་ནར་མ་སོན་པའི་མི་ལ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་། ནུས་ཤུགས་ཡོད་རྒུས་ནར་མ་སོན་པའི་མི་ལ་ཁྲིམས་མཐུན་ཁེ་དབང་དང་། གནོད་འཚེ་མི་འབྱུང་བར་བྱ་རྒྱུའོ།།