网站无障碍
རྐང་ཚ་རྫོང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྫོང་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་འཇགས་ལས་དོན་ལ་ལྟ་སྐུལ་གཟིགས་ཞིབ་གནང་།
发布时间:2026年04月20日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཟླ4བའི་ཚེས13ནས14ཉིན་བར། རྫོང་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཝུན་ཞོན་གྱིས་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་གནད་ཆེའི་ཁྱབ་ཁོངས་དང་གཙོ་གནད་ས་ཁུལ་གྱི་ཡུལ་དངོས་སུ་ལྟ་སྐུལ་གཟིགས་ཞིབ་གནང་བ་དང་།སྔ་གཞུག་ཏུ་གཟིགས་ཞིབ་ཚན་ཆུང་གིས་ཐང་ཆུ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རྗེས་མཐུད་ཐོན་ལས་ལས་གྲྭའི་ལས་བཟོའི་ཡུལ་དངོས་དང་བླ་མཚོ་འགྲིམ་འགྲུལ་གནས་སྐོར་མ་འཇོག་གསར་སྤེལ་ལས་གཉེར་ཚད་ཡོད་ཀུང་སི། ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ། རྫོང་སྤྱི་ཚོགས་འཚོ་ཕན་གླིང་། དཔལ་དགེ་ཁྲིམས་འཛིན་ཁང་། རྫོང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས། རྫོང་འཕྲལ་སྡོམ་དོ་དམ་ཅུས་དང་ནུབ་མཚོ་རྡོ་སོལ་ཀུང་སི་ཧེ་རྡག་གཏེར་ཁུང་སོགས་སྡེ་ཁག་དུ་སོང་ནས། ཡུལ་དངོས་ལྟ་བ་དང་སྙན་ཞུར་ཉན་པ། ཡུལ་དངོས་ནས་འདྲི་རྩད་སོགས་ཀྱི་རྣམ་པ་བརྒྱུད་ནས་ཕྱོགས་ཡོངས་ཀྱི་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་བྱས་པ་དང་ཡུལ་དངོས་སུ་ཡོད་པའི་དམངས་ཆེན་འཐུས་མིར་སྤེལ་རེས་བྱས་པ་དང་། ཁོ་ཚོས་བདེ་འཇགས་ཐོན་སྐྱེད་དང་གཞི་རིམ་བཅོས་སྐྱོང་། དམངས་ཚིས་འགན་སྲུང་ཐད་ཀྱི་རེ་བ་དང་བསམ་ཚུལ་ལ་ཉན། 

 བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ལ་དམིགས་ནས་གཟིགས་ཞིབ་ཚན་ཆུང་གིས་ལས་གྲྭའི་འཛུགས་སྐྲུན་གྱི་འགྲོས་ཚད་དང་ལས་བཟོའི་རྒྱུ་སྤུས། བདེ་འཇགས་འགན་སྲུང་གི་བྱེད་ཐབས་ལ་བལྟས་པ་དང་། ཁེ་ལས་བདེ་འཇགས་གློག་མིག་དང་མེ་ཟོན་སྒྲིག་བཀོད་སྒྲིག་སྦྱོར་བྱས་ཚུལ། དམིགས་བསལ་སྒྲིག་ཆས་འཁོར་སྐྱོད་ཞིག་གསོ་དང་བདེ་འཇགས་འགན་འཁྲི་ལག་བསྟར་བྱས་ཚུལ་ལ་སེམས་ཞིབ་མོའི་སྒོ་ནས་རྒྱུས་ལོན་བྱས་པར་མ་ཟད། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་རྒྱུན་དུ་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་པ་ནན་གྱིས་བསྟན། 

 སྤྱི་ཚོགས་བརྟན་འཇགས་ཁྱབ་ཁོངས་ལ་དམིགས་ནས་གཟིགས་ཞིབ་ཚན་ཆུང་གིས་གཞི་རིམ་ཁྲིམས་འཛིན་སོགས་ཀྱི་སྒྲིག་གཞིའི་འཁོར་སྐྱོད་དང་ཞབས་ཞུའི་འགན་སྲུང་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། སྡེ་ཁག་སོ་སོའི་འགན་སྒྲུབ་ཕན་འབྲས་ལ་ཁས་ལེན་བྱས་པ་དང་ཆབས་ཅིག མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མང་ཚོགས་ཀྱིས་བཏོན་པའི་རེ་ཞུ་དང་ཟུང་འབྲེལ་བྱས་ཏེ། ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན།

 གཟིགས་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། བརྒྱུད་རིམ་ལྡན་པའི་སྒོ་ནས་ཁྱོན་ཡོངས་ལ་ཁྱབ་པའི་འགན་འཁྲིའི་མ་ལག་འཛུགས་པ་དང་ཕྱོགས་ཁག་གི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་བཏང་སྟེ། བདེ་འཇགས་འགན་ལེན་གྱི་རྨང་གཞི་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་རྒྱུ་དང་། བདེ་འཇགས་ཐོན་སྐྱེད་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་འཕྲལ་སྡོམ་ལམ་སྲོལ་འཛུགས་སྐྱོང་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་དང་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། འགལ་བ་དང་རྩོད་གཞི་སྣ་མང་འདུམ་འགྲིག་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། བྱེད་པོ་སྣ་མང་ཟབ་ཞུགས་བྱེད་རྒྱུར་སྐུལ་སློང་གང་ལེགས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་དང་མཉམ་འགོག་མཉམ་བཅོས་ཀྱི་མི་དམངས་ཀྱི་འགོག་རགས་སྲ་བརྟན་དུ་གཏོང་དགོས།

   གཟིགས་ཞིབ་ཚན་ཆུང་གིས་བསམ་ཚུལ་དོན་དོན། རྫོང་མི་དམངས་སྲིད་གཞུང་དང་རྫོང་འཕྲལ་སྡོམ་དོ་དམ་ཅུ། རྫོང་ཁྲིམས་འཛིན་ཅུ་སོགས་འབྲེལ་ཡོད་སྡེ་ཁག་གིས་ཐེངས་འདིའི་གཟིགས་ཞིབ་གོ་སྐབས་སུ་བཟུང་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཞན་ཆ་རྒྱུན་མཐུད་ངང་གསབ་བྱེད་པ་དང་། མི་འདང་སར་ཤུགས་སྣོན་པ། ཕན་ནུས་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། སྤྱོད་ཚུལ་ཏན་ཏིག་གིས་བདེ་འཇགས་ཐོན་སྐྱེད་དང་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་སྲུང་ཏན་ཏིག་བྱ་རྒྱུའོ།།