རྐང་ཚ་རྫོང་གིས2026ལོའི་ཧྲན་ཏུང་རོགས་སྐྲུན་ལས་གྲྭའི་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་འཚོགས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ལམ། རྐང་ཚ་རྫོང་གིས2026ལོའི་ཧྲན་ཏུང་རོགས་སྐྲུན་ལས་གྲྭའི་བཀོད་སྒྲིག་སྐུལ་འདེད་ཚོགས་འདུ་འཚོགས།ལའོ་ཁྲིན་གྲོང་ཁྱེར་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་དོ་དམ་ཚན་ཆུང་གི་ཚན་གཙོ། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གཞོན་པ(མཚོ་སྔོན་ལ་རོགས་སྐྱོར)མེན་ཡུང་ཁྲའོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་བྱས། རྫོང་ཨུའི་རྒྱུ་ཨུ། རྫོང་དཔོན་གཞོན་པ་ཀྲིན་ཝུན་ཅཱ་ཡིས་ཚོགས་འདུར་མདོ་འཛིན་བྱས། འབྲེལ་ཡོད་སྡེ་ཁག་དང་ཡུལ་གྲོང་། ལག་བསྟར་ལས་ཁུངས་དང་ལའོ་ཁྲིན་གྲོང་ཁྱེར་གྱིས་མཚོ་སྔོན་ལ་རོགས་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གི་འབྲེལ་ཡོད་མི་སྣ་ཚོགས་འདུར་ཞུགས། ཚོགས་ཐོག་ནས2026ལོའི་ཧྲན་ཏུང་རོགས་སྐྲུན་ལས་གྲྭའི་འཕེལ་རིམ་བརྡ་བསྒྲགས་བྱས་ཤིང་། ལས་ཁུངས་སོ་སོའི་ལས་གྲྭའི་སྐུལ་འདེད་གནས་ཚུལ་དང་གནས་པའི་གནད་དོན། མ་འོངས་པའི་ཇུས་ཐབས་ཡར་ཞུ་བྱས།

མེན་ཡུང་ཁྲའོ་ཡིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅུ་བཞི་བའི”སྐབས་སུ་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར1.68སླེབས་ལ། ལས་གྲྭའི་འགྲོས་ཚད་དང་འགྲུབ་ཚད། མ་དངུལ་བཏ་ཚད་ཁུལ་ཡོངས་ཀྱི་སྔོན་གྲལ་སླེབས་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་བའི”སྐབས་སུ་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར2.4བརྩོན་ལེན་བྱས་ཡོད་ལ། 2026ལོར་རོགས་སྐྲུན་མ་དངུལ་སྒོར་ཁྲི7000ལྷག་འབྱོར་བས་ཁུལ་ཡོངས་ཀྱི་ཨང་དང་པོ་ཡིན། རོགས་སྐྲུན་ལས་གྲྭར་དུས་དཀྱིལ་གྱི་ལེགས་སྒྲིག་ལམ་སྲོལ་ལག་བསྟར་བྱས་པ་དང་རྗེས་ལུས་ལས་གྲྭའི་མ་དངུལ་ཕྱིར་གཏོང་བྱེད་སྲིད་པས་སྡེ་ཚན་ཁག་གིས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་དགོས། ལྷག་པར་དུ་མ་དངུལ་བསྡོམས་འབོར་སྒོར་ཁྲི5500བཏང་བའི་ཁྱད་ལྡན་ཐོན་ལས་ཀྱི་སྣུར་སྲིང་ཁ་གསབ་ལས་གྲྭ་དང་སྒོར་ཁྲི3000བཏང་བའི་འོམ་ཆུ་གྲོང་རྡལ་འཕན་པོ་སྡེ་བའི་རོང་འབྲོག་མང་ཚོགས་ཀྱི་འགན་ལེན་རང་བཞིན་གྱི་སྡོད་ཁང་གནས་སྤོའི་ལས་གྲྭ་དེ་ངེས་པར་དུ2026ལོར་དུས་བཅད་ལྟར་ལས་འགོ་འཛུགས་ཐུབ་པར་འགན་ལེན་བྱེད་དགོས།

མེན་ཡུང་ཁྲའོ་ཡིས་བླང་བྱ་བཏོན་དོན། གཅིག་ནས་འགྲོས་ཚད་དམ་འཛིན་བྱེད་དགོས་ལ་རྗེས་ལུས་ཡིན་པའི་ལས་གྲྭར་གྲལ་བཤེར་བྱས་ཏེ་དུས་བཅད་ཀྱི་ནང་དུ་གནད་དོན་སེལ་དགོས། ཚན་ཁག་སོ་སོའི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་བཏང་ནས་རོགས་སྐྲུན་ལས་གྲྭ་དུས་བཅད་ལྟར་ལག་བསྟར་ཐུབ་པར་བརྩོན་ལེན་བྱེད་དགོས། གཉིས་ནས་འགན་ལེན་ལ་དམ་འཛིན་བྱས་ཏེ་སྤུས་ཚད་ཀྱི་མཐའ་མཚམས་སྲུང་བ་དང་མ་དངུལ་འཛེམ་མེད་དུ་མི་བཀོལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་བརྟན་སྲུང་བྱས་ནས་སྤུས་ཚད་དང་མ་དངུལ། བདེ་འཇགས་སོགས་བརྒྱུད་རིམ་ཡོངས་བཀག་སྡོམ་དོ་དམ་བྱེད་དགོས། གསུམ་ནས་མཉམ་སྒྲུབ་ལ་དམ་འཛིན་བྱས་ཏེ་འགན་འཁྲིའི་སྡེ་ཁག་དང་ལག་བསྟར་སྡེ་ཁག ལས་གྲྭའི་འབྲེལ་གཏུག་པ་དང་མཚོ་སྔོན་ལ་རོགས་སྐྱོར་ལས་བྱེད་དོ་དམ་ཚན་ཆུང་གི་འབྲེལ་གཏུག་པས་ལས་དོན་ཚོགས་པའི་ལས་སྟེགས་གང་ལེགས་སྤྱད་དེ་གཟའ་འཁོར་གཉིས་རེར་ཆེད་དོན་སྙན་སེང་ཐེངས་རེ་ཞུས་ནས་ལས་གྲྭ་ཚོད་འཛིན་ཐུབ་པ་དང་ལས་ཕྱོད་ཆེ་བའི་འགན་ལེན་བྱེད་དགོས།
ཀྲིན་ཝུན་ཅཱ་ཡིས་ནན་གྱིས་བསྟན་དོན། གཅིག་ནས་ངོས་འཛིན་མཐོ་རུ་བཏང་ནས“ལས་གྲྭ་གཙོ་བོར་བརྩི་བའི”འདུ་ཤེས་ཇེ་བརྟན་དུ་བཏང་ནས་འགན་འཁུར་བློ་མཐུན་གཙོ་བོས་སྐུལ་སྒྲུབ་བྱེད་པ། གཉིས་ནས་བྱ་ཐབས་ཞིབ་ཚགས་སུ་བཏང་ནས་ལས་ཡུན་ལྡོག་སྒྲིག་དང་རི་མོ་བཀལ་ནས་བརྩོན་ལེན་བྱས་ཏེ་ཆ་འཕྲིན་གོང་འབུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འགྲོ་གྲོན་རིགས་ཀྱི་ལས་གྲྭས“གལ་ཆེན་གསུམ་དང་འབོར་ཆེན་གཅིག”གི་གོ་རིམ་ལག་བསྟར་ནན་པོ་བྱེད་དགོས། གསུམ་ནས་ལྟ་སྐུལ་ནན་མོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ལམ་སྲོལ་བཙུགས་ནས་འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་ངང་ལས་གྲྭར་ཐེ་གཏོགས་བྱ་རྒྱུ་གཏན་འགོག་བྱེད་པ། གནད་དོན་དུས་ཐོག་ཏུ་བསྒྲགས་ནས་བཅོས་སྒྲིག་བྱས་ཏེ་ལས་གྲྭ་སྤྱོད་གཙང་བདེ་འཇགས་ངང་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས།