网站无障碍
གཟུགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད། དམངས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་བྱས།
发布时间:2026年04月23日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།དམངས་སྒྲུབ་དོན་དངོས་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཞིང་། རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་པ།མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་ལག་རྩལ་གསོན་ཉམས་ལྡན་པའི་ངང་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར། རྐང་ཚ་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་སི་སྐུད་ཐང་ག་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་སྤེལ་ནས་སྤྱོད་གོ་ཆོད་པའི་ལག་རྩལ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་ཏེ ཡོང་འབབ་འཕར་བའི་ཐབས་ལམ་འབངས་མིའི་སེམས་སུ་འཇགས་ནས་ལག་ཤེས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་དམངས་ཚིས་རི་མོར་འབྲི་བར་བརྩམས།

图片

ཐེངས་འདིའི་གསོ་སྦྱོང་ཁྲོད་ཞིང་འབྲོག་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་གནད་འཁེལ་བའི་སྒོ་ནས་གཞིགས་པ་དང་། མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ཀྱི་དགོས་མཁོ་དངོས་དང་དམ་ཟབ་འབྲེལ་ཏེ། ས་གནས་དེ་གའི་སི་སྐུད་ཐང་གའི་རྒྱུན་འཛིན་པ་དང་གྲོང་གསེབ་ཀྱི་བཟོ་བའི་ལག་ཤེས་པ་རྣམས་གདན་དྲངས་ནས་སློབ་ཁྲིད་དང་མཛུབ་སྟོན་བྱས་པ་དང་། རིགས་པའི་གཞུང་ལུགས་ཀྱི་འགྲེལ་བཤད་དང་དངོས་སྦྱོང་མཛུབ་ཁྲིདགཞི་གཅིག་ཅན་གྱི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་སི་སྐུད་ཐང་གའི་ཇུས་འགོད་འདུ་ཤེས་དང་། ལྟེ་བའི་ལས་རིམ། བཟོ་རྩལ་ཐབས་རྩལ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་ཁྲིད་བྱས་པར་མ་ཟད། སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་རྨང་གཞི་རུ་བཟུང་ནས་སྲོལ་རྒྱུན་གྱི་སི་སྐུད་ལག་ཤེས་དེ་དེང་རབས་ཀྱི་མཛེས་དཔྱོད་དང་མཐུན་ཤིང་། ཉེར་མཁོའི་ལག་རྩལ་དང་མཉམ་འདྲེས་གཏིང་ཟབ་ཐུབ་པར་་སྐུལ་འདེད་བཏང་བ་དང་། རིག་གནས་ཀྱི་ཉིང་བཅུད་བརྟན་སྲུང་དང་གཟུགས་མེད་ཤུལ་བཞག་གི་རིག་གནས་རྒྱུན་འཛིན་བྱེད་པ་དང་བསྟུན་ནས།  བརྩམས་ཆོས་ཁྲོམ་རར་འཚམ་བའི་རང་བཞིན་དང་སྒྱུ་རྩལ་རིན་ཐང་ཆེ་རུ་གཏོང་གང་ཐུབ་བྱེད་། གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ལག་ཤེས་དེས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་འཚོ་བར་འཕོ་འགྱུར་འབྱུང་རྒྱུ་དང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ5ཡོང་བའི་ཟབ་ཞུགས་སློབ་མ25ཡིས་སློབ་སྦྱོང་ལ་སྤྲོ་སྣང་ལྡན་ཞིང་རྣམ་འགྱུར་ལེགས་པའི་སྒོ་ནས། ཐེངས་འདིའི་དམངས་སྒྲུབ་དོན་དངོས་ཀྱི་སློབ་སྦྱོང་གི་གོ་སྐབས་ཡག་ཤོས་དེ་སྔར་ལས་གཅེས་སྤྲས་བྱས་ཏེ།   དཀའ་སྤྱད་འབད་བརྩོན་དང་བློ་རྩེ་གཅིག་སྒྲིམ། ལག་རྩལ་བྱང་ཆུབ་པ་བཅས་བྱས་ཏེ་ལག་རྩལ་བརྟེན་ནས་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལམ་བུར་བསྐྱོད་པར་བྱ་དགོས། 

图片

 ཐེངས་འདིའི་སི་སྐུད་ཐང་གའི་ལག་ཤེས་གསོ་སྦྱོང་ནི་རྐང་ཚ་རྫོང་གིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དང་།དམངས་ལ་ཞབས་འདེགས་ཞུ་བ།ཡོང་འབས་འཕར་སྣོན་ལ་རོགས་རམ་བྱེད་པ་བཅས་ཞིབ་ཕྲའི་ལག་ལེན་བྱེད་ཐབས་ལག་བསྟར་བྱས་པ་ཡིན།གསོ་སྦྱོང་གིས་རོང་འབྲོག་མང་ཚོགས་ལ་ལས་ཞུགས་ལས་གཏོད་ཀྱི་ལས་སྟེགས་གསར་བ་དང་གཞི་རྟེན་གསར་བ་བསྐྲུན་པར་མ་ཟད། གྲོང་གསེབ་དར་སྤེལ་ཡོང་བར་རིག་གནས་ཀྱི་སྒུལ་ནུས་ཟབ་མོ་བསྣན་ནས་གྲོང་གསེབ་ཀྱི་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་སོགས་ཀྱི་ཐད་རྒྱུན་མཐུད་ངང་ཤུགས་བསྣན་ཏེ། དམངས་ཕན་ལས་སྒྲུབ་དོན་དངོས་སྒྲུབ་པ་དང་། ཡག་པོར་སྒྲུབ་པ། ཕན་འབྲས་ལྡན་པ་བཅས་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་བྱ་གཞག་དར་རྒྱས་ཡོང་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་རོགས་རམ་བྱས་ཤིང། རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།