རྐང་ཚ་རྫོང་སྤྱི་བདེ་ཡི“བསྡེབས་བསྒྲིགས་ཁུར་རྩལ”གྱིས་ནར་མ་སོན་པའི་མིའི་བདེ་འཇགས་ལ་སྲུང་སྐྱོང་བྱས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉིན་འདི་དག་གི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྤྱི་བདེ་ཅུས་ཁྲོམ་ར་ལྟ་སྐུལ་དང་ཐ་མག་ཆེད་འཚོང་། རིག་གནས་ཡུལ་སྐོར་རྒྱང་བསྒྲགས་སོགས་སྡེ་ཁག་སོ་སོར་མཉམ་འབྲེལ་བྱས་ཏེ། གཙོ་གནད་ཁྱབ་ཁོངས་སུ་འབེན་གཏད་འགག་སྒྲོལ་བྱས་པ་དང་། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་ཕྱོགས་ཡོངས་ལ་ལྟ་སྐྱོང་། ཁྱོན་ཡོངས་ནས་དྲིལ་བསྒྲགས་ཀྱི“སྡེབ་སྒྲིག་ཁུར་རྩལ”གྱིས་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱེད་པར་ཤུགས་བརྒྱབ་ནས། ནུས་ཤུགས་ཡོད་རྒུས་ནར་མ་སོན་པའི་མི་ལ་བདེ་ཐང་གིས་འཚར་ལོངས་འབྱུང་བར་སྲུང་སྐྱོབ་བྱས།

སྤྱི་བདེ་ཡིས་སྣེ་ཁྲིད་དེ་སྡེ་ཚན་ལས་བརྒལ་བའི་མཉམ་འབྲེལ་བཅོས་སྒྲིག་ཆེད་དོན་འཛིན་གྲྭ་བཙུགས་པ་དང་། དུས་བཅད་གྲོས་མོལ་དང་མཉམ་འབྲེལ་ཁྲིམས་འཛིན་སོགས་ཕུགས་ཕན་ལམ་སྲོལ་བཞི་བཙུགས་ནས“སྤྱི་བདེ་ཡིས་སྣེ་འཁྲིད་པ་དང་། དམག་སྣ་མང་པོས་མཉམ་དུ་སྒྲུབ་པ། སྡེ་ཁག་མང་པོ་མཉམ་འགུལ་བྱེད་པ”བཅས་ཀྱི་ལས་དོན་སྒྲུབ་སྟངས་ཞིག་ཆགས་པར་སྐུལ་འདེད་བཏང་།
ཆེད་དོན་འགུལ་བསྐྱོད་སྤེལ་བའི་ཚུན་ལ་རིམ་རྩིས་བྱས་ན་སྡེ་ཁག་མང་པོའི་མཉམ་འགུལ་སྐུལ་འདེད་ཚོགས་འདུ་ཐེངས4འཚོགས་ནས་ལས་རིགས་སྤེལ་ཡུལ་གྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ཏེ་སྲུང་སྐྱོང་ཁས་ལེན་ཡི་གེར་མིང་རྟགས་བཀོད་ནས་རིམ་པ་སོ་སོའི་བྱེད་པོའི་འགན་འཁྲི་ནན་དུ་བཏང་། མཉམ་འབྲེལ་ཁྲིམས་འཛིན་ཐེངས10ལྷག་ཙམ་བྱས་ནས་གཙོ་གནད་ལས་རིགས་དང་གནས་ཡུལ་ལ་ལྟ་སྐུལ་དོ་དམ་བྱེད་པའི་མུན་ཁུལ་མེད་པ་མངོན་འགྱུར་བྱས་ཏེ་ནར་མ་སོན་པའི་མི་ལ་སྲུང་སྐྱོང་བྱ་རྒྱུ་དེ“དཔའ་ཁེར་རྒྱུག”དང་“དཔུང་མཉམ་གཤིབ”ཏུ་འགྱུར་བར་སྐུལ་འདེད་བཏང་།
མགྲོན་ཁང་དང་གསོལ་མགྲོན་ཁང་། དྲ་ཁང་། KTVདེ་བཞིན་སློབ་གྲྭའི་ཉེ་འཁོར་གྱི་ཚོང་ཁང་སོགས་ཉེན་ཁའི་ས་ཁོངས་ལ་དམིགས་ནས་སྒྲིག་འགལ་ངང་ནར་སོན་པའི་མི་བསྡུ་ལེན་དང་ནར་མ་སོན་པའི་མི་ལ་ཐ་མག་དང་ཨ་རག་འཚོང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས“བཟོད་སྒོམ་སྤུ་ཙམ་མི་བྱེད་པའི”རྣམ་འགྱུར་ཐོག་ནས“དོལ་ཐབས”གྲལ་བཤེར་དང“ཞིབ་ཐོའི་རང་བཞིན”གྱིས་བཅོས་སྒྲིག་བྱས་ཤིང་། འགུལ་བསྐྱོད་སྤེལ་བའི་རིང་ལ། ལས་ཡུལ་སྣ་ཚོགས་ཐེངས200ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་བདེ་འཇགས་བྱུར་རྐྱེན་ཁག30ལྷག་ཙམ་བཅོས་སྒྲིག་བྱས་ཏེ་ནར་མ་སོན་པའི་མི་མགྲོན་ཁང་དུ་སྡོད་པའི་སྐབས་ཀྱི“ངེས་པར་དུ་བྱེད་དགོས་པ་ལྔའི”ལམ་ལུགས་ལག་བསྟར་ནན་མོ་བྱས་ནས་གནོད་འཚེ་མི་འབྱུང་བར་དོགས་ཟོན་བྱས།
དེ་དང་ཆབས་ཅིག་ཐེར་འདོན་གོང་ཞུའི་ཐབས་ལམ་ཡོངས་བསྒྲགས་བྱས་ནས་མང་ཚོགས་དང་དང་བླངས་པ་སོགས་མཉམ་སྐྱོང་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ“དམངས་ཡོངས་ཀྱིས་སྲུང་སྐྱོང་བྱེད་པའི”རྣམ་པ་ཞིག་སྐྲུན། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱས་ཏེ་དྲ་ཐོག་ནས་སྨྱན་སྦྱོར་གསར་པར་བརྟེན་ནས་སྲུང་སྐྱོང་གི་ནང་དོན་འདེད་སྐྱེལ་བྱས་པ་དང་། ཡུལ་དངོས་ནས་སློབ་གྲྭ་དང་གཞིས་ཁུལ་དུ་སོང་ནས་སྒྲོག་འགྲེལ་ཐེངས5བྱས་ཤིང་། དཔྱད་ཡིག3000ལྷག་ཙམ་བཀྲམ་པ་དང་མང་ཚོགས་མི་ཐེངས5000ལྷག་ཙམ་ལ་ཁྱབ་པས། ལས་རིགས་ཀྱི་ཁྲིམས་སྲུང་འདུ་ཤེས་ཇེ་ཟབ་ཏུ་བཏང་ཞིང་། ནར་མ་སོན་པའི་མིའི་རང་ངོས་འགོག་སྲུང་གི་ནུས་པའང་ཆེ་རུ་བཏང་ཡོད།