ཞིང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་མཚོ་བྱང་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
“མི་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་ཆེས་ཆེ་བའི་སྲིད་འབྲས་ཡིན”ཞེས་པ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུད་ཆད་མེད་པར་ཟབ་ཏུ་གཏོང་རྒྱུ།
ཟླ4ཚེས27ཉིན་ཞིང་ཨུའི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཝུའུ་ཞའོ་ཅུན་གྱིས་རྐང་རྫོང་འོམ་ཆུ་གྲོང་རྡལ་གྱི་བཅའ་སྡོད་མི་རིགས་སློབ་ཆུང་དུ་སློབ་མའི་སློབ་གོས་བསྡུ་ཉོ་སོགས་ཀྱི་གནད་དོན་བཅོས་སྒྲིག་བྱས་ཚུལ་ཤེས་རྟོགས་བྱེད་བཞིན་པ། མཚོ་སྔོན་ཉིན་རེའི་ཚགས་པར་གྱི་སྨྱན་སྦྱོར་གསར་འགོད་པ་ཀྲང་ཏི་ཝེ་ཡིས་པར་བླངས།

ཟླ4ཚེས27ཉིན་གྱི་ཕྱི་དྲོ། ཞིང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བར་ཕེབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྒྱས་བཤད་གལ་ཆེན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཁག་གཅིག་ཅན་དྲུག”གི་ལས་དོན་གྱི་བླངས་བྱ་དོན་འཁྱོལ་བྱེད་པ། “དམངས་ཕན་བྱ་སྤྱོད་ཁག་བདུན”གཏིང་ཟབ་ཏུ་གཏོང་བ། “མི་དམངས་ལ་བདེ་སྐྱིད་སྐྲུན་པ་ནི་ཆེས་ཆེ་བའི་སྲིད་འབྲས་ཡིན”ཞེས་པ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཟླ4ཚེས27ཉིན་ཞིང་ཨུའི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་ཞའོ་ཅུན་གྱིས221རྟེན་གཞིའི་གནས་ཡུལ་རྙིང་པའི་ཡན་ལག་བཟོ་གྲྭ་གསུམ་པར་གནས་ཡུལ་རྙིང་པ་བེད་སྤྱོད་དང་སྲུང་སྐྱོང་ལས་དོན་ཤེས་རྟོགས་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་ཉན་བཞིན་པ། མཚོ་སྔོན་ཉིན་རེའི་ཚགས་པར་གྱི་སྨྱན་སྦྱོར་གསར་འགོད་པ་ཀྲང་ཏི་ཝེ་ཡིས་པར་བླངས།
ཝུའུ་ཞའོ་ཅུན་མཚོ་བྱང་ཁུལ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་དང་སློབ་གསོའི་ལས་དོན་ཆེད་སྦྱོང་འཛིན་གྲྭདང་། རྐང་ཚ་རྫོང་གི་མང་ཚོགས་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་གྱུར་བཅོས་བསྒྱུར་གཞུང་སྒྲུབ་ཁང་་ཡོང་ནས་འབྲེལ་ཡོད་ལས་དོན་གྱི་སྙན་ཞུར་ཉན། སློབ་སྦྱོང་སློབ་གསོ་སྤེལ་བ་དང་གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་དང་ཡིག་བསྐུར་ངོ་བཅར་གྱི་ཕུང་གསོག་ཐེབས་པའི་གྱོད་གཞི་སེལ་བ་དང་དམངས་ཕན་ལས་གྲྭ་དོན་འཁྱོལ་བྱས་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་སློག་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པར་ནན་བཤད་གནང་། འཕྲེད་ཕྱོགས་ནས་མཐའ་མཚམས་བར་དང་གཞུང་ཕྱོགས་ནས་མཐར་ཕྱིན་པའི་འགན་འཁྲིའི་མ་ལག་འཛུགས་པ་དང་། “འགོ་ཁྲིད་གཙོ་བོས”སྣེ་ཁྲིད་དེ་རུས་མཁྲེགས་འཆའ་བ་དང་། ས་གནས་ཁག་གིས་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་རོགས་རམ་དང་ཁྲིད་སྟོན་བྱས་ཏེ་གནད་དོན་ཐག་གཅོད་དང་། ལས་དོན་སྐུལ་འདེད། སྤྱོད་ཚུལ་ལེགས་འགྱུར་བཅས་དངོས་གནས་མངོན་འགྱུར་ཡོང་བར་བྱ་དགོས། རུལ་སུངས་སྐྱེ་འཕེལ་གྱི་ས་རྒྱུ་རྩ་མེད་དུ་གཏོང་བ་དང་། ནན་པོ་མཐར་ཕྱིན་པ་བྱེད་པའི་བརྡ་རྟགས་དྲག་པོ་རྒྱུན་དུ་གཏོང་བ། གྱོད་འདྲེན་སློབ་གསོ་དང་གྱོད་འདྲེན་བསྒྱུར་བཅོས། དབང་ཆ་འཁོར་སྐྱོད་ལ་ལྟ་སྐུལ་དང་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།
རྐང་ཚ་རྫོང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ཝུའུ་ཞའོ་ཅུན་བསྐྱོད་དེ་ཚོམས་ཆེན་དང་མི་དམངས་འདུམ་འགྲིག་ཁང་གི་དམངས་ཚིས་སྐོར་གྱི་ཡིག་སྐུར་ངོ་གཏུག་གནད་དོན་གཅིག་སྡུད་བཅོས་སྒྲིག་གནས་ཚུལ་ཞིབ་དུ་དྲིས་པར་མ་ཟད། མང་ཚོགས་ལས་དོན་གྱི་བསམ་ཕྱོགས་དང་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་མི་སྒེར་གྱི་གྱོད་གཞིའི་ཁྲོད་ནས་ཐུན་མོང་རང་བཞིན་གྱི་ཆོས་ཉིད་ཕྱོགས་སྡོམ་བྱེད་མཁས་པོ་བྱེད་པ་དང་། “གཏམ་དཔེའི་ཁ་ཏ་བསླབ་བྱ”སོགས་ཀྱི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོར་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། གནས་ཚུལ་བརྗོད་པ་དང་གནས་ལུགས་བརྗོད་ནས་འགལ་བ་དང་རྩོད་གཞི་སེལ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་གཞི་རིམ་བཅོས་སྐྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་ཚོར་སྣང་ཐུབ་པ་བྱེད་དགོས་པ་ནན་བཤད་གནང་།
སློབ་གསོ་དང་སྨན་བཅོས་སོགས་ནི་མང་ཚོགས་ཀྱིས་མཐོང་ཆེན་བྱེད་བཞིན་པའི་དམངས་ཚིས་དོན་དག་གལ་ཆེན་རེད། རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་བཅའ་སྡོད་མི་རིགས་སློབ་ཆུང་དང་རྐང་ཚ་རྫོང་མི་དམངས་སྨན་ཁང་དུ་ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་སུ་སློབ་གྲྭའིཟ་མ་དང་སློབ་ཁྲིད། སློབ་གོས་བཅས་ཀྱི་ཆེད་དོན་བཅོས་སྒྲིག་དང་སྨན་བཅོས་ཁྱབ་ཁོངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་། སློབ་གྲྭའི་བཟའ་བཅའི་བདེ་འཇགས་སྲུང་རགས་བརྟན་དུ་གཏོང་བ་དང་སློབ་གོས་ཉོ་སྒྲུབ། སློབ་ཁྲིད་ཟུར་ཁྲིད་བསྡུ་ཉོ་ཚད་ལྡན་དུ་བཏང་ནས་ཁ་གཏད་རོགས་སྐྱོར་ལམ་སྲོལ་ཡག་པོ་སྤྱད་དེ་སློབ་གཉེར་ཆུ་ཚད་མཐོ་རུ་བཏང་ནས་སློབ་མའི་ལུས་སེམས་བདེ་ཐང་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་བརྒྱབ་ནས་ཡུལ་ནད་དང་གཅོང་ནད་འགོག་བཅོས་དོ་དམ་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་བདེ་ཐང་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། སེམས་རྣལ་དུ་ཕབ་ནས་བརྩེ་སེམས་ལ་བརྟེན་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཡག་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་།
221རྟེན་གཞིའི་གནས་ཡུལ་རྙིང་པའི་ཡན་ལག་བཟོ་གྲྭ་གསུམ་པར་ཝུའུ་ཞའོ་ཅུན་གྱིས་གནས་ཡུལ་རྙིང་པ་བེད་སྤྱོད་སྲུང་སྐྱོང་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སོགས་ཀྱི་ལས་ཀའི་གནས་ཚུལ་རྒྱས་ལོན་ཞིབ་ཕྲ་གནང་བ་རེད། གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། སློབ་ཚན་བཀོད་སྒྲིག་དང་བྱེད་ལས་བཀོད་སྒྲིག་ལེགས་སུ་གཏོང་བ། གནས་ཚུལ་མང་པོ་དང་ལས་རྣམ་མང་པོའི་ཐོག་ནས་གསར་གཏོད་པ་རྒན་རབས་ཚོའི་འབད་འཐབ་ཀྱི་རྐང་རྗེས་དང་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པ། སྒྲོག་འགྲེལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། “མདེལ་གཉིས་སྐར་གཅིག”གི་བསམ་པའི་ནང་དོན་གསལ་འགྲེལ་ཡག་པོ་བཅས་བྱས་ནས་གསར་བརྗེའི་སློབ་གསོའི་རྟེན་གཞིའི་མི་གསོ་སྐྱོང་བྱེད་པའི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས།
ཚའོ་ཅུན་བརྟག་ཞིབ་ནང་ཞུགས།