网站无障碍
(མཚོ་བྱང་རྐང་ཚ) ལག་ཤེས་ཀྱིས་ཕུགས་འདུན་མངོན་པར་བྱས་ཏེ། རྩལ་ནུས་ཀྱིས་ལམ་བུ་གསར་བ་བསྐྲུན། 
发布时间:2026年05月07日 消息来源:


རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

  ལྔ་གཅིག་ངལ་རྩོལ་དུས་ཆེན་སྐབས་སུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“ཀྲུང་གོའི་འདུན་མ།. ངལ་རྩོལ་མཛེས་པ། --------- བཟོ་བའི་བཀོད་པས་ཕུགས་ཀྱི་འདུན་མ་སྙེག དུས་གསར་རྩལ་ནུས་རྐང་ཚར་ལེའུ་བསྐྲུན”ཞེས་པའི་ལས་བཟོ་བར་ལྔ་གཅིག་ལ་རྟེན་འབྲེལ་ཞུ་བའི་རྩལ་ནུས་འགྲན་བསྡུར་ཞིག་སྤེལ་པ་དང་། ཐེངས་འདིའི་འགྲན་བསྡུར་དེ་རྫོང་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ནས། སྤྱི་བདེ་དང་མེ་ཟོན། གྲོང་སྲིད་དོ་དམ་གྱི་འཁོར་སྐྱོད་སྲུང་སྐྱོབ། སློབ་གསོའི་སློབ་ཁྲིད། རིག་གནས་ཡུལ་སྐོར་ཁེ་ལས་སོགས་ཀྱི་གཙོ་གནད་ལས་རིགས་ཁྱབ་ཁོངས་སུ་རྒྱ་ཁྱབ་ཏུ་ཁྱབ་པ་དང་། འགྲན་བསྡུར་བཀོད་སྒྲིག་ལས་གནས་ཀྱི་དོན་དངོས་དང་མཐུན་པར་བྱས་ཏེ་དངོས་གནས་ཀྱི་ནུས་པར་མངོན་གསལ་ཐུབ་པར་བྱས་པ་རེད། 

  རྒྱུས་ལོན་པ་ལྟར་ན། ལས་བཟོ་བདམས་ཐོན་པ500ལྷག་ཙམ་ལག་རྩལ་འགྲན་བསྡུར་བྱས་ནས། གཟབ་ནན་ཞིབ་ཚགས་ཀྱི་སྤྱོད་ཚུལ་དང་། བྱང་ཆུབ་པའི་རྩལ་ནུས། དཔའ་ངར་མདུན་སྐྱོད་ཀྱི་ཉམས་འགྱུར་བཅས་ཀྱི་འགྲན་རིམ་སོ་སོའི་དཔའ་གདངས་སྙིང་རུས་བསྐྱེད་པ་དེས་རྫོང་ཡོངས་ཀྱི་ལས་བཟོ་བས་རང་འཁྲིར་གཞི་ཚུགས་པ་དང་། ལེགས་ཐོག་ལེགས་འཚོལ།  དངོས་སྒྲུབ་འགན་འཁྲི་བཅས་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཏེ། དུས་རབས་གསར་བའི་ངལ་རྩོལ་ཀྱི་བློ་སྤོབས་དང་ལས་བཟོ་བའི་སྙིང་སྟོབས་ཆེར་བསྐྱེད་ཀྱི་སྒོ་ནས་ལག་ལེན་དུ་བསྟར། 

  འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་འདྲ་མཉམ་དང་། དྲང་བཞག ཡོངས་བསྒྲགས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་པ་དང་། ཆེད་ལས་ཞིབ་དཔྱོད་ཚན་ཆུང་གིས་འགྲན་བསྡུར་ལ་ཤན་འབྱེད་ནན་མོ་བྱས་ཏེ།ལག་རྩལ་ཕུལ་དུ་བྱུང་བ་དང་གྲུབ་འབྲས་མངོན་གསལ་དོད་པའི་འགྲན་བསྡུར་ནང་ཞུགས་པའི་ཕུལ་བྱུང་བ་ཁག་གཅིག་བདམས་ཐོན་བྱུང་། མཇུག་སྒྲིལ་མཛད་སྒོའི་བྱ་དགའ་སྟེར་བའི་རྣམ་པ་དང་། ཚོགས་ཞུགས་འགོ་ཁྲིད་ཀྱིས་གཟི་བརྗིད་དཔང་ཡིག་དང་བྱ་དགའི་དངོས་པོ་སྤྲད་དེ་འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པ་ཡོངས་ཀྱི་ཕུལ་བྱུང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཚང་མར་ལས་གནས་བརྟན་སྲུང་དང་རྩལ་ནུས་འབད་བརྩོན། དཔེ་བཟང་སྣེ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྫོང་ཡོངས་ཀྱི་ལས་བཟོའི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱས། 

  ཐེངས་འདིའི་རྩལ་ནུས་འགྲན་བསྡུར་ནི་མཇུག་སྒྲིལ་མོད། འོན་ཀྱང་དེ་ནི་རྫོང་ཡོངས་ཀྱི་ལས་བཟོའི་རྩལ་ནུས་མཐོ་རུ་གཏོང་བ་དང་ལས་དོན་ཧུར་གྱིས་བརྩོན་པར་འགོ་འཛུགས་ས་གསར་བ་ཞིག་ཡིན་ལ། རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ལས་བཟོའི་རྩལ་ནུས་ཆེ་རུ་གཏོང་བའི་འདུ་ཤེས་མུ་མཐུད་དུ་ཟབ་སྤེལ་བྱེད་པ་དང་། རྒྱུན་རྣམ་ཅན་དེ་སྣ་མང་ཅན་དུ་གཏོང་བའི་སྤེལ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་ནས། རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། སྐུལ་སློང་། འགན་ལེན་བཅས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་རྒྱུ་དང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་བར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འགྲན་རའི་སྤྲོ་སེམས་ཀྱིས་སྔར་མེད་ཀྱི་སྒུལ་ཤུགས་བསྩལ་ཞིང་། རྩེར་སོན་པའི་ལག་རྩལ་གྱིས་ལས་གནས་ལག་ལེན་མཉམ་འདྲེས་བྱས། ལག་ཤེས་ལ་བརྟེན་ནས་ཐོག་མའི་འདུན་མ་སྙེག་ཅིང་རྩལ་ནུས་ལ་བརྟེན་ནས་འགན་འཁྲི་ཕྲག་ཏུ་བླངས་ཏེ།དུས་རབས་གསར་བ་དང་རྒྱང་སྐྱོད་གསར་བའི་ཐོག་ལེགས་རྗེས་འཇོག་པའི་རྔམ་བརྗིད་ལྡན་པའི་ལེའུ་ཧུར་ཐག་སྒོས་བརྩམས་ཏེ། རྫོང་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལས་བཟོའི་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྣན།