རྐང་ཚ་རྫོང་གིས་སྔོན་ལ་སློབ་སྔོན་སློབ་གསོའི་སྐབས་ཀྱི་གྲོན་དངུལ་མེད་པར་བཟོ་བ་མངོན་འགྱུར་བྱུང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སློབ་གསོའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། མང་ཚོགས་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་བསྒྱུར་ལས་དོན་དང་ཟུང་འབྲེལ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཞིང་། སློབ་སྔོན་སློབ་གསོའི་སྤུས་ལེགས་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་བ། མུ་མཐུད་ནོར་སྲིད་མ་དངུལ་གཏོང་ཆེ་རུ་བཏང་སྟེ་སློབ་སྔོན་སློབ་གསོའི་གྲོན་དངུལ་མེད་པར་བཟོ་བའི་སྲིད་ཇུས་ཕྱོགས་ཡོངས་ནས་དངོས་འབབ་བྱས། སློབ་ལོ་རན་པའི་བྱིས་པ་གསོ་སྐྱོང་དང་སློབ་གསོའི་གྲོན་དངུལ་ཡོངས་མེད་པར་བཏང་། སློབ་མ་རེར་ལོ་རེར་སློབ་མ་རེར་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་སྒོར1200འདང་ངེས་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག་རྫོང་རིམ་པའི་ནོར་སྲིད་ཀྱིས་ཆ་སྒྲིག་སློབ་མ་རེར་ལོ་རེར་འཚོ་བའི་ཁ་གསབ་སྒོར900སྤྲད་དེ་རྫོང་ཁོངས་ནང་གི་བྱིས་སྐྱོང་ཁང10རུ་ཡོད་པའི་བྱིས་པ1400ལྷག་ཙམ་ཁེབས་པས། རྫོང་ཁོངས་ཀྱི་སློབ་སྔོན་སློབ་གསོ་ཁྱབ་གདལ་གཏོང་བའི་ཀུན་ཕན་གྲུབ་འབྲས་སྔར་བས་ཇེ་བརྟན་དུ་བཏང་བ་དང་། རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོ་ཁྱབ་གདལ་གཏོང་བའི་ཀུན་ཕན་རྫོང་གྲུབ་འབྲས་ཐོབ་པའི་ངང་གསར་འཛུགས་བྱས། ཞིང་ཆེན་ཡོངས་ཀྱི་སློབ་སྔོན་སློབ་གསོའི་སློབ་ཚན་ཡོངས་ཀྱི་གྲོན་དངུལ་མི་བསྡུ་བའི་སྲིད་ཇུས་ལ་སྐུལ་འདེད་གཏོང་བར་དཔྱད་གཞིར་འཛིན་ཆོག་པའི་ལག་ལེན་གྱི་མ་དཔེ་ཡང་འདོན་སྤྲོད་བྱས་ཡོད།