རྐང་ཚ་རྫོང་གིས་ཡིག་ཚགས་ལས་དོན་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས“ཏང་གི་ཆེད་དུ་ཡིག་ཚགས་དོ་དམ་དང་། རྒྱལ་ཁབ་ཀྱི་ཆེད་དུ་ལོ་རྒྱུས་སྲུང་བ། དམངས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་འགན་འཁྲི་དང་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་དང་། གཅིག་གྱུར་འཆར་འགོད་དང་རྨང་གཞི་སྲ་བརྟན། གྲངས་འཛིན་ནུས་ལྡན། ཁྲིམས་ལྟར་བཅོས་སྐྱོང་བཅས་མཐའ་འཁྱོངས་བྱས་ཏེ་ཡིག་ཚགས་ཐོན་ཁུངས་འཛུགས་སྐྱོང་དང་། ཆ་འཕྲིན་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ། བདེ་འཇགས་འགོག་སྲུང་། ཁྲིམས་སྐྱོང་དྲིལ་བསྒྲགས། དཔུང་ཁག་འཛུགས་སྐྱོང་དཔུང་ཁག་འཛུགས་སྐྱོང་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་གནད་འཁེལ་ཤུགས་འདོན་བྱས་པས་རྫོང་ཡོངས་ཀྱི་ཡིག་ཚགས་བྱ་གཞག་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་ཞབས་ཞུའི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།
རྩེ་གྲས་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་བྱ་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ། ཡིག་ཚགས་ལས་དོན་དེ་གལ་ཆེའི་གནས་བབ་ཐོག་འཇོག་པ་དང་གལ་ཆེའི་ཉིན་རེའི་གྲོས་རིམ་ནང་འཇུག་རྒྱུ་མཐའ་འཁྱོངས་ཀྱིས་རྫོང་རིམ་པའི་འགོ་ཁྲིད་ཀྱི་ལས་བགོས་འགན་གཉེར་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ“ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་། གཞུང་སྒྲུབ་ཁང་གིས་གཞི་གཅིག་ཏུ་འགན་འཁུར་བ། ཅུས་ཀྱིས་མཉམ་དུ་སྐུལ་འདེད་གཏོང་བའི”བྱ་བའི་རྣམ་པ་ཞིག་ཆགས་པ་ཡོད། རྫོང་ཨུའི་རྒྱུན་ལས་ཨུ་ལྷན་དང་རྫོང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་དུས་བཀག་ལྟར་ཡིག་ཚགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་། གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ནས་འགོ་ཁྲིད་གཙོ་བོ་དང་དེ་བཞིན་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱིས་ཡུལ་དངོས་སུ་བརྟག་ཞིབ་ཐེངས་མང་བྱས་ཏེ་མཛོད་ཁང་སྒྱུར་བཀོད་དང་། གྲོན་དངུལ་འགན་སྲུང་། མི་སྣ་བཀོད་སྒྲིག་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས། རྒྱུན་མཐུད་ངང་མ་དངུལ་གཏོང་ཚད་ཆེ་རུ་བཏང་། རིམ་རྩིས་བྱས་ན་ཆེད་དོན་མ་དངུལ་སྒོར་ཁྲི130.9བཀོད་སྒྲིག་བྱས་ཏེ་གྲངས་གཞི་ཅན་གྱི་བཤར་འབེབས་དང་འགྲེམས་ཁང་ཉམས་གསོ། བདེ་འཇགས་འགོག་སྲུང་རིམ་སྤོར་སོགས་གཙོ་གནད་ལས་དོན་ཐད་སྤྱད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་མཉམ་ལས་དམ་ཟབ་དང་ཕྱོགས་གཅིག་ཏུ་ཤུགས་བརྒྱབ་ནས་ཡིག་ཚགས་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།
ཡིག་ཚགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཉར་ཚགས་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་སོང་། ཡིག་ཚགས་ཐོན་ཁུངས་འཛུགས་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་རང་བཞིན་གྱི་ལས་གྲྭར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ལྟེ་བའི་ལས་དོན་དང་དམངས་འཚོའི་དགོས་མཁོར་དམིགས་ཏེ་ཡིག་ཚགས་ཕྱོགས་བསྡུས་ཁྱབ་ཁོངས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་བཤམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་པའི་གྲུབ་ཆ་ཇེ་ལེགས་སུ་བཏང་།“ལོ་ལྔ་ཚན་བཅུ་བཞི་བའི”སྐབས་སུ། རིམ་རྩིས་བྱས་ན་ཡིག་ཆའི་ཡིག་ཚགས་སྒམ2045དང་ངོ་གྲངས34981བསྡུ་ལེན་བྱས། ནོར་དོན་ཡིག་ཚགས་བམ་པོ428དང་གཉེན་སྒྲིག་ཡིག་ཚགས་སྒམ51དང་ངོ་གྲངས757ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་ཡིག་ཚགས་སྒམ363དང་ངོ་གྲངས1438དབུལ་ཐར་འགག་སྒྲོལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི“ཡིག་ཚགས་རིགས་གཉིས”སྒམ2380དང་ངོ་གྲངས5650སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་སོགས་ལས་དོན་གལ་ཆེན་གྱི་ཡིག་ཚགས་སྒམ225དང་ངོ་གྲངས2926ཡིག་ཚགས་ཆ་ཚང་སྡེ་ཁག་གི་ཡིག་ཆ་དེབ522ཕྱོགས་བསྡུས་བྱས་ཡོད།ཧུར་ཐག་གིས་གསར་བརྗེའི་ཡིག་ཚགས་དང་རྒྱ་བོད་སྐད་གཉིས་ཀྱི་རྗེས་ཤུལ་རིག་དངོས་དཔྱད་ཡིག་རྫོང་མཁར་གྱི་འཕོ་འགྱུར་བརྙན་རིས་སོགས་ཁྱད་ཆོས་ལྡན་པའི་རྒྱུ་ཆ་འཚོལ་སྡུད་བྱས་ནས་བཤམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་པའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་།མིག་སྔའི་བར་བཤམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་པའི་ཡིག་ཚགས་སྣ་ཚོགས་པོད36186དང་ངོ་གྲངས116433དཔྱད་གཞིའི་ཡིག་རིགས་དེབ6210དངོས་རྫས་དང་སྒྲ་བརྙན། འདྲ་པར་སོགས་ཡིག་ཚགས་རྒྱུན་མཐུད་ངང་ཁ་གསབ་དང་འཐུས་ཚང་དུ་བཏང་བ་དང་།ཁྱོན་ཡོངས་དང་གཞི་རྟེན་སྣ་མང་ལྡན་པའི་ཡིག་ཚགས་ཐོན་ཁུངས་མ་ལག་གཞི་རྩའི་ཆ་ནས་འགྲུབ་ཡོད།
གྲངས་ཀའི་ནུས་པར་དམིགས་ནས་ཞབས་ཞུའི་ཕན་ནུས་ཆེ་རུ་བཏང་། ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ“སྔོན་ལ་ཚད་ལྡན་དུ་གཏོང་བ་དང་རྗེས་སུ་གྲངས་ཀ་ཅན་དུ་འགྱུར་བ། འཕྲལ་སྤྱོད་སྔོན་བཤེར་བྱེད་པ”བཅས་ཀྱི་རྩ་དོན་ལྟར། འགུལ་ཚད་མཐོ་བའི་དམངས་འཚོའི་ཡིག་ཚགས་གྲངས་ཀ་ཅན་དུ་འགྱུར་བའི་ལས་སྣོན་སྔོན་ལ་སྐུལ་འདེད་གཏོང་བ་དང་། དཀར་ཆག་རྩོམ་འབྲི་དང་པར་རིས་བཤེར་འབེབས། གཞི་གྲངས་སྦྲེལ་མཐུད་སོགས་ལས་རིམ་ཧྲིལ་པོའི་སྤུས་ཚད་ཚད་ལྡན་ནན་པོ་བཟོ་བ། དབུལ་ཐར་འགག་སྒྲོལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཆེད་དོན་གཞི་གྲངས་མཛོད་བསྐྲུན་པ། གློག་རྡུལ་ཡིག་ཚགས་ཁྲི4.8ལྷག་སྦྲེལ་མཐུད་བྱས། “གཅིག་འཐུས་རྣམ་པའི”ཡིག་ཚགས་ཞིབ་བཤེར་དང་ལས་ཁུངས་བགར་བ་དང་་ཡིག་ཚགས་རིགས་དབྱེའི་ལྟ་བཤེར་བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་སྟེ།ཆེད་སྤྱོད་སྒྲིག་ཆས་བཀོད་སྒྲིག་བྱས་ནས2012ལོའི་སྔ་རྗེས་ཀྱི་ཡིག་ཆ་དང་གཉེན་སྒྲིག་སོགས་ཀྱི་ཡིག་ཚགས་ལ་རིགས་དབྱེ་ནས་འཚོལ་བཤེར་བྱས་ཏེ་ཡིག་ཚགས་ཞིབ་བཤེར་གྱི་ལས་ཕྱོད50%ཡན་མཐོ་རུ་བཏང་ནས“མཐེབ་གཅིག་འཚོལ་བཤེར་དང་སྐར་ཆ་རིམ་པས་དཔྱད་ལེན”ཐུབ་པར་བྱས་ཏེ་མང་ཚོགས་ཀྱིས་ལྟ་བཤེར་བྱ་རྒྱུར་སྟབས་བདེ་བསྐྲུན་པ་མ་ཟད་ཤོག་བུའི་ཡིག་ཚགས་བརྡར་ཟད་ཐེབས་ཚད་ཉུང་དུ་བཏང་ནས་ཡིག་ཚགས་ངོ་མའི་ཚེ་ལོ་ཇེ་རིང་དུ་བཏང་།“ལོ་ལྔ་ཚན་བཅུ་བཞི་བའི”རིང་རིམ་རྩིས་བྱས་ན་ཡིག་ཚགས་ཞིབ་བཤེར་བྱེད་མཁན་གྱི་མང་ཚོགས་མི་ཐེངས2661ལ་སྣེ་ལེན་ཞུས་པ་དང།ཡིག་ཚགས་དེབ4031བེད་སྤྱོད་བྱས་ལ་བསྐྱར་དཔར་ཤོག་ལྷེ་ཁྲི1.7ལྷག་ཙམ་སྤྲད་པས་དམངས་འཚོ་འགན་ལེན་དང་ལས་གྲྭ་འཛུགས་སྐྲུན།ལོ་རྒྱུས་རྩོམ་སྒྲིག་སོགས་ཀྱི་ཁྱབ་ཁོངས་སུ་ཞབས་འདེགས་ཞུས་པས་མང་ཚོགས་ཀྱི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
བདེ་འཇགས་མཐའ་མཚམས་ནན་སྲུང་བྱས་ནས་འགོག་སྲུང་སྲུང་ཡོལ་བརྟན་དུ་བཏང་། ནམ་ཡིན་ཡང་ཡིག་ཚགས་བདེ་འཇགས་དེ་མཐའ་ཚད་ལས་གྲྭར་བརྩིས་ནས་དམ་འཛིན་ལྷོད་མེད་དང་བདེ་འཇགས་དོ་དམ་གྱི་འགན་འཁྲི་ནན་དུ་བཏང་སྟེ་མཛོད་ཁང་བདེ་འཇགས་ཀྱི་བྱུར་རྐྱེན་གྲལ་བཤེར་བཅོས་སྒྲིག་རྒྱུན་རྣམ་ཅན་དུ་བྱས་ནས་བྱུར་རྐྱེན་སྔ་མོར་ཤེས་རྟོགས་དང་སྔ་མོར་ཐག་གཅོད་ཐུབ་པར་བྱས། བདེ་འཇགས་འགོག་སྲུང་གི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་ཁང་ཀླད་ཀྱི་ཆུ་འགོག་ཉམས་གསོ།དྲོད་རླངས་བརྗེ་བ་སོགས་ཀྱི་བསྒྱུར་བཀོད་རིམ་སྤར་ལེགས་འགྲུབ་བྱས་ལ། མེ་འགོག་རྐུན་འགོག་སྒོ14རིམ་སྤར་བྱས།དྭངས་གསལ་བརྙན་མིག་དང་བརླན་སྣོན་འཕྲུལ་འཁོར།རླུང་གཟུགས་མེ་གསོད་མ་ལག་སོགས་ཆེད་ལས་བདེ་སྲུང་སྒྲིག་ཆས་གསར་སྣོན་བྱས་ཤིང་།གཙོ་གནད་ས་ཁོངས་ཡོངས་སུ་བརྙན་མིག་གི་ཁེབས་ཚད་མངོན་འགྱུར་བྱུང་ཡོད།ཟླ་རེར་བདེ་འཇགས་ཞིབ་བཤེར་བཟོ་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱུན་རྣམ་ཅན་གྱི་མེ་ཟོན་གསོ་སྦྱོང་དང་དེ་བཞིན་འཕྲལ་སྡོམ་ནང་སྦྱོང་ཐེངས10ལྷག་ཙམ་སྒྲིག་འཛུགས་བྱས་ཏེ།གྲངས་གཞི་ཅན་གྱི་ཡིག་ཚགས་འོད་སྡེར་གྱི་སྤུས་ཚད་མི་འདྲ་བའི་གྲབས་ཉར་དུས་གཅིག་ཏུ་ལེགས་སྒྲུབ་བྱས་ནས་དངོས་ཚན་བདེ་འཇགས་དང་ཆ་འཕྲིན་བདེ་འཇགས་གལ་ཆེ་མཉམ་དུ་འཛིན་པ་དང་དུས་འཁོར་ཧྲིལ་པོ་དང་སྦྲེལ་ཐག་ཧྲིལ་པོར་དོ་དམ་ཚོད་འཛིན་བྱེད་པའི་བདེ་འཇགས་འགོག་སྲུང་མ་ལག་ཅིག་བསྐྲུན་ཏེ“ལོ་ལྔ་ཚན་བཅུ་བཞི་བའི”རིང་ཡིག་ཚགས་ལས་དོན་ལ་བདེ་འཇགས་དོན་རྐྱེན་མ་བྱུང་།
ཁྲིམས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་། ཁྲིམས་ལྟར་ཡིག་ཚགས་བཅོས་སྐྱོང་དང་ཁྲིམས་ལུགས་ཁྱབ་གདལ་སྔོན་ལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཡིག་ཚགས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ། ཆེད་དོན་འཆད་ཁྲིད། དྲ་ཐོག་ནས་འདེད་སྐྱེལ། ཆེད་དོན་འགྲེམས་སྟོན་སོགས་སྣ་མང་དྲིལ་བསྒྲགས་བྱེད་སྒོ་ཐེངས10ལྷག་སྤེལ་བ་དང་། དཔྱད་ཡིག810ལྷག་ཙམ་བཀྲམ་ལ་མང་ཚོགས་མི་ཐེངས་ཁྲི་ལས་བརྒལ་བས།སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་ཡིག་ཚགས་དོ་དམ་དང་ཡིག་ཚགས་སྤྱོད་པའི་འདུ་ཤེས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད།ཡིག་ཚགས་ཀྱི་ཁྲིམས་འཛིན་ལྟ་སྐུལ་ཞིབ་བཤེར་ཚད་ལྡན་ནན་པོ་བཟོས་ནས་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་ཐེངས3བྱས་པ་དང་བཅོས་སྒྲིག་བསམ་འཆར95གཤམ་སྤེལ་བྱས་ཏེ་གཙང་བཤེར་ཅན་གྱི་དོ་དམ་དང་གདུབ་ཟུམ་རྣམ་པའི་བཅོས་སྒྲིག་བྱས་ནས་ཡིག་ཚགས་ཆ་ཚང་སྡེ་ཁག་གིས་ལམ་ལུགས་འཐུས་ཚང་དང་བརྒྱུད་རིམ་ཚད་ལྡན་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་། དཔུང་ཁག་ཆེད་ལས་ཅན་དུ་འགྱུར་བའི་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་།རྒྱལ་ཁབ་དང་ཞིང་ཆེན།རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་གསོ་སྦྱོང་ཐེངས20ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་།མི་ཐེངས160ལྷག་ཙམ་གསོ་སྦྱོང་ནང་ཞུགས་པ།“རྒན་པས་གཞོན་པར་སྣེ་ཁྲིད”བྱེད་རོགས་ཁྲིད་གསུམ་ཁྱབ་སྤེལ་བཏང་བ།རྒྱུན་ལྡན་ཅན་དུ་འགྱུར་བའི་སྒོ་ནས་ལས་སྒོའི་ཞིབ་གྲོས་དང་རྫོང་དང་ས་ཁུལ་བར་སྤེལ་རེས་དང་སློབ་སྦྱོང་བྱས་པས།ལས་བྱེད་པའི་དཔུང་ཁག་གི་ཆེད་ལས་བྱང་ཚད་དང་ལས་སྒོའི་ནུས་རྩལ། ཕྱོགས་བསྡུས་འགན་སྒྲུབ་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན།