网站无障碍
ཤེས་ལྡན་པས་ཐོན་ལས་དར་སྤེལ་ལ་ནུས་ཤུགས་བསྩལ།  དངོས་སྒྲུབ་འགན་སྒྲུབ་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 
发布时间:2026年05月12日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས།རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 རྐང་ཚ་རྫོང་གིས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”གྲོང་གསེབ་དར་སྤེལ་གྱི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཏང་འཛུགས་སྐྱོང་གིས་ཤེས་ལྡན་པའི་ལས་དོན་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་སྐྱེ་ཁམས་དང་། ཐོན་ལས། ཟོང་རྟགས། ཐོན་རྫས་ཕྱིར་གཏོང་བཅས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་ཤེས་ལྡན་པ་གསོ་སྐྱོང་དང་འདྲེན་སྤྱོད་གཅིག་གྱུར་འཆར་འགོད་བྱས་ཏེ་ཤེས་ལྡན་པ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ལ། ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་ཤེས་ལྡན་པ་ཁ་གསབ་བྱས་པས། རྫོང་ཡོངས་ཀྱི་རོང་འབྲོག་པའི་ཡོང་འབབ་དུས་མཉམ་ལས 6.0%འཕར་སྣོན་བྱུང་ལ། “ཤེས་ལྡན་པ་དར། ཐོན་ལས་རྒྱས། མང་ཚོགས་ཕྱུག”བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རིམ་བཞིན་ཆགས།

 སྐྱེ་ཁམས་དཀྱིལ་སྙིང་དུ་བཟུང་ནས་ཤེས་ལྡན་པ་གསོ་སྐྱོང་དང་རྨང་གཞི་འདིང་བར་སྐྱེ་ཁམས་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་བཏང་།ཞིང་ཕྱུགས་ལས་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཏང་ཡོན་ཤེས་ལྡན་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ“གཉེར་སྐྱོང་བྱེད་སྟངས་ལྔ”འཚོལ་ཞིབ་དང་ལག་ལེན་བྱ་རྒྱུར་སྐུལ་མ་བཏང་ནས་ནོར་ལུག་གསོ་སྤེལ་དང་ཕྱུགས་རིགས་ཐོན་རྫས་ལས་སྣོན་སོགས་ཞིང་ཕྱུགས་ཁུལ་གྱི་ཉེར་སྤྱོད་ལག་རྩལ་ཤེས་ལྡན་པ45གསོ་སྐྱོང་བྱས། རྫོང་ཡོངས་ཀྱིས་སྐྱེ་ཁམས་ཕྱུགས་ར་རིགས་དང་པོ་དང་གཉིས་པ། གསུམ་པ་བཅས43སྐྱེད་སྲིང་དང་ངོས་འཛིན་བྱ་རྒྱུར་རོགས་རམ་བྱས་ནས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་བཏང་ཡོད། རྫོང་ཡོངས་ཀྱི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་དཔེ་སྟོན་ས་ཚིགས31ལ་བརྟེན་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་རྩྭ་ར་ཚན་རིག་དང་མཐུན་པའི་དོ་དམ་དང་། སྒོ་ཕྱུགས་དང་ཁྱིམ་བྱ་ཚད་ལྡན་ཅན་གྱི་གསོ་ཚགས་སོགས་གསོ་སྦྱོང་ཐེངས14བྱས་ལ། རོང་འབྲོག་མང་ཚོགས་མི་ཐེངས632ལ་ཁྱབ། རྩྭ་ར་དང་ཕྱུགས་རིགས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས། རིམ་རྩིས་བྱས་ན་ལེགས་བསྡུས་ཞིབ་གཉེར་གྱི་རྩྭ་ར་མུའུ་ཁྲི51.31དང་ལེགས་བསྡུས་གཉེར་སྐྱོང་གི་ཕྱུགས་རིགས་མགོ་གྲངས་ཁྲི10.8ཟིན། སྐྱེ་ཁམས་ཕྱུགས་ར་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་གཞིར་བཟུང་ནས<<རྫོང་ཁོངས་ཕྱི་རོལ་དུ་ནོར་ལུག་ཐད་ཚོང་ཁང་འཛུགས་པའི་ཁ་གསབ་དང་བྱ་དགའ་སྤྲོད་ཐབས>><<རྐང་ཚརྫོང་གིས་ནོར་ལུག(ཕག)བཤས་གཏོང་བྱེད་པར་སྐུལ་འདེད་གཏོང་བའི་ཁ་གསབ་བྱ་ཐབས>>སོགས་ཆེད་དོན་སྲིད་ཇུས་བཏོན་ནས་ཟོང་འགྲེམ་སྐྱེལ་འདྲེན་དང་། ཚོང་ཁང་འཛུགས་སྐྲུན། ལས་སྣོན་ཞིབ་ཚགས་སོགས་ལྷུ་ཚིགས་ཀྱི་རོགས་སྐྱོར་བྱེད་ཐབས་ཁ་གསལ་བཟོས།

 ཐོན་ལས་རིམ་སྤོར་ལ་རྩེ་གཅིག་ཏུ་དམིགས་ནས་ཤེས་ལྡན་མི་སྣའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་འབྲེལ་ཐག་ཡོངས་ཀྱི་ཕན་འབྲས་ཆེར་གཏོང་ལ་འགག་སྒྲོལ་བྱས།ཞིང་ཕྱུགས་ལས་ཀྱི་ཐོན་ལས་འབྲེལ་ཐག་སྣུར་སྲིང་དང་རྒྱ་ཆེར་གཏོང་བའི་དགོས་མཁོར་དམིགས་ནས“འདེབས་འཛུགས་དང་གསོ་ཚགས་ཐོན་ལས་དང་བྲིན་ཚོང་གསོག་འདྲེན”གཞི་གཅིག་ཅན་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ། གསོ་ཚགས་ལག་རྩལ་དང་འཁྱག་སྦྲེལ་ཟོང་འགྲེམ། ལས་སྣོན་ཞིབ་ཚགས་སོགས་ཁྱབ་ཁོངས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣ16གདན་འདྲེན་བྱས་ཤིང་། གསོ་ཚགས་རྟེན་གཞི་དང་ཉོ་ཚོང་ཁྲོམ་ར་སོགས་ཡུལ་དངོས་དང་པོའི་ལས་སྟེགས་ལ་བརྟེན་ནས་རང་ཡུལ་གྱི་རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་བཏང་སྟེ་ཐོན་ལས་འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ཇེ་བརྟན་དུ་བཏང་། ཕྱུགས་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཁྱབ་ཁོངས་སུ་རང་རྟོགས་ཀྱིས་ཚན་ཞིབ་ཁང་དང་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་མཉམ་འགུལ་བྱས་ཏེ་བཟའ་བཅའ་ཞིབ་འཇུག་གསར་སྤེལ་དང་སྐྱེ་དངོས་ལེན་པ་སོགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གདན་འདྲེན་བྱས་ནས་རིགས་ཆེ་གྲས3གྱི་བ་གླང་དང་ལུག་གི་གཟན་ཆག་སྣ་ཁ19དང་། དེ་བཞིན་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྣ་ཁ10ལྷག་ཙམ་གྲུབ་འབྲས་ཐོབ་པའི་ངང་ཞིབ་འཇུག་གསར་སྤེལ་བྱས་ལ། ལྟེ་བའི་ལག་རྩལ་གྱི་ར་སྤྲོད་ཁག3ཐོབ་པ་དང་། ལས་སྣོན་ཁེ་ལས14ཡི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བས། རྫོང་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་སྒྱུར་ཚད65%བར་མཐོ་རུ་ཕྱིན། རིག་སྟོབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ནས་གྲངས་གཞི་ཅན་དང་མཉམ་འདུས་ཅན་གྱི་ཤེས་ལྡན་མི་སྣ1ནང་འདྲེན་བྱས་ཏེ་རིག་སྟོབས་ཕྱུགས་ལས་ཀྱི་གྲངས་གཞི་ཆེན་མོའི་སྟེགས་བུ་བརྒྱུད་ནས་ས་ཁོངས་ཡོངས་ཀྱི་གྲངས་གཞི་ཅན་གྱི་ལྟ་སྐུལ་དོ་དམ་མ་ལག་བཏོད་དེ་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་དུས་གཅིག་ཏུ་མཐོ་རུ་གཏོང་བ་དང་ཕྱོགས་གཉིས་ཀར་ཕན་པ་ཐོབ་པར་སྐུལ་འདེད་བཏང་།

 ཟོང་རྟགས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་འཇོན་ཐང་ལ་བརྟེན་ནས་ཐོན་རྫས་ཕྱིར་གཏོང་གི་ཐབས་ལམ་རྒྱ་ཆེར་བཏང་།ཤེས་ལྡན་མི་སྣས་ཟོང་རྟགས་སྐྱེད་སྲིང་ལ་འདེགས་སྐྱོར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཟོང་རྟགས་ཇུས་འགོད་དང་སྤུས་ཚད་དོ་དམ་ཚོད་འཛིན་སོགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་དང་སྐྱེད་སྲིང་བྱས་ནས“མཚོ་སྔོན་པོའི་ནོར་གནག་དང་བོད་ལུག”གི་ས་ཁོངས་ཀྱི་ལྟེ་བའི་ཟོང་རྟགས་ནུས་ཤུགས་ཡོད་རྒུས་སྟོབས་ཆེར་བཏང་། མིག་སྔར་རྫོང་ཡོངས་སུ་སྐྱེ་ལྡན་གྱི་ཁས་ལེན་ཐོབ་པའི་རྩྭ་ཐང་མུའུ་ཁྲི895.95ཡོད་པ་དང་། “ཟོང་རྟགས་གསུམ་དང་ཚད་གཞི་གཅིག”གི་ཁས་ལེན་ཐོབ་པའི་ཐོན་རྫས38ཡོད་ལ། ཞིང་ལས་ཐོན་རྫས5ལ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་ཐོབ། ཐོན་རྫས་མང་པོ་ཞིག་རིམ་ཁག་སྤུས་ལེགས་ཞིང་ལས་ཐོན་རྫས་ཀྱི་མིང་གཞུང་ནང་བདམས་ཡོད། ཁྲོམ་ར་གསར་འབྱེད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་དམིགས་ནས་ཆེད་ལས་ཚོང་གཉེར་ཤེས་ལྡན་མི་སྣ་གདན་འདྲེན་བྱས་ཏེ་ཞིང་ཆེན་ཕྱི་ནང་དུ་ཐད་ཚོང་ཁང21བཀོད་སྒྲིག་བྱས་པར་རིམ་རྩིས་བྱས་ན་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི3533མངོན་འགྱུར་བྱུང་ཡོད། ཁེ་ལས3གྱི་ཐོན་རྫས་གྲུབ་འབྲས་ཐོབ་པའི་ངང་ཡོ་རོབ་ཏུ་ཕྱིར་ཚོང་བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཐད“ཚད་བརྒལ”མངོན་འགྱུར་ཡོང་བར་བྱས་ཡོད། ས་ཁོངས་ཀྱི་སྤྱི་སྤྱོད་ཟོང་རྟགས་ཀྱི་ལེགས་ཆར་བརྟེན་ནས་དྲིལ་སྒྲོག་ཇུས་འགོད་དང་སྨྱན་སྦྱོར་གསར་པའི་ཤེས་ལྡན་མི་སྣ་བེད་སྤྱོད་ཡག་པོ་བྱས་ལ། ཞིང་ལས་ཐོན་རྫས་འོས་སྦྱོར་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་གིས་ཞུགས་པས་བང་ཐེངས་གཅིག་གི་བྲིན་ཚོང་དངུལ་འབོར་མཐོ་ཤོས་སྒོར་ཁྲི834.56ཟིན་ཡོད།