网站无障碍
ཀྲང་ཆི་ཧྥེང་གིས་རུ་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།
发布时间:2026年05月13日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས།རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཟླ5བའི་ཚེས11ཉིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཀྲང་ཆི་ཧྥེང་གིས་རུ་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་གྱི་ཡུལ་དངོས་དང་པོར་ཕེབས། ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་ལས་གྲྭའི་འགྲོས་ཚད་ལལྟ་སྐུལ་སློབ་སྟོན་སྐུལ་སྤེལ་དང་། ཨར་ལས་དོ་དམ། དམངས་འཚོ་འགན་སྲུང་། གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེགས་སོགས་ཀྱིཡུལ་དངོས་དང་པོརགཞུང་ལས་སྒྲུབ་པར་ལས་གྲྭ་འཛུགས་སྐྲུན་ཁྲོད་ཀྱི་འགག་གནད་དང་། དཀའ་གནད། འགག་གནད་བཅས་ཀྱི་གནད་དོན་ཐག་གཅོད་བྱས། རྫོང་ཨུའི་རྒྱུ་ཨུའམ་རྫོང་དཔོན་གཞོན་པ་ཀྲིན་ཝུན་ཅཱ། རྫོང་དཔོན་གཞོན་པ་ཚེ་དབང་། རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཧེ་ཞོན། རྫོང་དམངས་ཆེན་དང་རྫོང་འཛུགས་སྐྲུན་འགྲིམ་འགྲུལ། རིག་གནས་ཡུལ་སྐོར། འཕྲོད་བསྟེན་བདེ་ཐང་། སློབ་གསོ། ཕྱོགས་བསྡུས་ཁྲིམས་འཛིན། མི་ཤུགས་ཐོན་ཁུངས། གྲོང་སྲིད། མཁར་གྲོང་འཛུགས་སྐྲུན་མ་འཇོག་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བརྟག་དཔྱད་ཞིབ་འཇུག་ལ་ཞུགས་ཡོད།

 ཀྲང་ཆི་ཧྥེང་འཁོར་དང་བཅས་པ་སྔ་རྗེས་སུ་ཤང་གྲོང་ལས་བཟོའི་འཁོར་རྒྱུག་ཉལ་ཁང་འཛུགས་སྐྲུན་དང་།ལུས་རྩལ་སྤྱི་གླིང་གི་སྒྲིག་བཀོད་འཛུགས་སྐྲུན། སྨན་རྩིས་ཁང་གི་སྨན་བཅོས་ལག་རྩལ་ཐོག་ཁང་། མཁར་དཀྱིལ་སྡེ་བ(ཨུ་ནེ་སྡེ་བ)སྒྱུར་བཀོད། དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རྗེས་མཐུད་ཐོན་ལས། མཚོ་སྔོན་པོའི་ཆུས་བསྣུབས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གནས་སྤོ་ལེགས་བཅོས། ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ལས་གྲྭའི་དུས་ཐེངས་གསུམ་པ། རྫོང་མཁར་གྱི་ཁྲོམ་གཞུང་དང་རྒྱལ་ས་སྔོ་བསྒྱུར་ལས་གྲྭ། ཞག་སྡོད་ལམ་ལུགས་ཀྱི་མི་རིགས་དམའ་རིམ་སློབ་འབྲིང་གི་སློབ་མའི་ཟ་ཁང་དང་ཕྱོགས་བསྡུས་ཚོད་ལྟའི་ཐོག་ཁང་འཛུགས་སྐྲུན་ལས་གྲྭ་སོགས་ལས་གྲྭའི་ཡུལ་དངོས་སུ་ཨར་ལས་ཀྱི་མྱུར་ཚད་དང་། སྤུས་ཚད་དོ་དམ་ཚོད་འཛིན། བདེ་འཇགས་འགོག་སྲུང་། ཡུལ་དངོས་དོ་དམ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བཅས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། ལས་གྲྭའི་འགན་འཁྲིའི་སྡེ་ཁག་དང་། ཨར་ལས་སྡེ་ཁག ལྟ་སྐུལ་དོ་དམ་སྡེ་ཁག་བཅས་ཀྱི་ལས་ཀའི་སྙན་ཞུ་ཉན་པ་དང་ གནད་དོན་རེ་རེ་བཞིན་ལེགས་སྒྲིག་དང་། འགན་འཁྲི་དང་ལས་བགོས་ཁ་གསལ། ལེགས་འགྲུབ་དུས་བཀག་གཏན་འཁེལ། དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བྱས།

图片

图片

 ཀྲང་ཆི་ཧྥེང་གིས་ནན་གྱིས་བསྟན་དོན། གཙོ་གནད་ལས་གྲྭ་འཛུགས་སྐྲུན་ནི་འཕར་སྣོན་བརྟན་པོ་དང་།དམངས་འཚོར་ཕན་པ། ཞན་ཆ་གསབ་པ། གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ལྟེ་བའི་དམ་འཛིན་བྱ་གཞི་ཡིན་ཞིང་། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པ་དང་། མང་ཚོགས་རང་ཉིད་ཀྱི་ཁེ་ཕན་དང་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད། ལས་གྲྭ་འཛུགས་སྐྲུན་ཚན་པ་ཁག་གིས་ཏང་ཡོངས་སུ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་བ་དང་ཟུང་འབྲེལ་བྱས་ཏེ་ལས་གྲྭའི་ཁྱབ་ཁོངས་ཀྱི་མང་ཚོགས་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་རྒྱུན་རྣམ་ཅན་བཅོས་སྒྲིག་བྱས་ནས་དམངས་ཆེད་དངོས་སྒྲུབ་པ་དང་སྤྱོད་གཙང་འགན་སྒྲུབ་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་ལས་ཡུན་དམ་འཛིན་བྱེད་པ། སྤུས་ཚད་དམ་འཛིན། བདེ་འཇགས་འགན་སྲུང་། ཁོར་ཡུག་ལེགས་པོ་བཅས་བྱས་ཏེ་གཙོ་གནད་ལས་གྲྭ་ཡོད་ཚད་ཚད་གཞི་མཐོ་བའི་འཛུགས་སྐྲུན་དང་། ལས་ཆོད་ཆེ་བའི་སྐུལ་སྤེལ། སྤུས་ཚད་མཐོ་བའི་ལས་མཇུག་སྒྲིལ་བ་བཅས་འགན་ལེན་ཏན་ཏིག་བྱས་ནས་དམངས་འཚོའི་ལས་གྲྭ་དེ་དམངས་སེམས་ལས་གྲྭ་དང་བློ་བདེའི་ལས་གྲྭ། སྤུས་དག་ལས་གྲྭ་བཅས་སུ་འབད་པའི་བསྐྲུན་དགོས།

图片

图片

 ཀྲང་ཆི་ཧྥེང་གིས་ངེས་པར་དུ་ལས་གྲྭའི་མྱུར་ཚད་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས། ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཡུན་ལྡོག་སྒྲིག་དང་མཚམས་ཚིགས་ཞིབ་ཚགས་སུ་གཏོང་བ། འགེལ་རིས་དམག་འཐབ་བཅས་བྱས་ཏེ་མི་ཤུགས་དང་འཕྲུལ་ཆས། དངོས་རྫས་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་། ཨར་ལས་ཀྱི་བརྒྱུད་རིམ་ལེགས་སུ་གཏོང་བ། ལྷུ་ཚིགས་ཁག་གི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཅི་ཙམ་མགྱོགས་ན་དེ་ཙམ་མགྱོགས་པོ་བྱེད་པ་དང་ཅི་ཙམ་སྔ་ན་དེ་ཙམ་སྔ་བར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་གྲྭ་འཛུགས་སྐྲུན་གྱིམྱུར་ཚད་ཇེ་མགྱོགས་སུ་བཏནས་ལས་གྲྭ་སྔ་མོར་བསྐྲུན་པ་དང་སྔ་མོར་སྤྱོད་པ། སྔ་མོར་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ངེས་པར་དུ་ལས་གྲྭའི་སྤུས་ཚད་དེ་སྲོག་རྩར་བརྩི་དགོས། ཐོག་མཐའ་བར་གསུམ་དུ་སྤུས་ཚད་ཨང་དང་པོ་དང་ཚད་གཞི་བླ་ན་མེད་པ་མཐའ་འཁྱོངས་བྱས་ཏེ། ལས་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་དང་ལག་རྩལ་གྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་པ། བརྒྱུད་རིམ་ཧྲིལ་པོ་དང་འབྲེལ་ཐག་་ཧྲིལ་པོ། ཕྱོགས་ཡོངས་བཅས་ཀྱི་སྤུས་ཚད་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཇུས་འགོད་ཀྱི་འགག་སྒོ་དང་རྒྱུ་ཆའི་འགག་སྒོ། བཟོ་རྩལ་གྱི་འགག་སྒོ། ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ་བཅས་ནན་པོ་སྲུང་བ། ལྟ་སྐུལ་དོ་དམ་ཟུར་ཚིགས་དང་རྒྱུན་ལྡན་གྱི་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུ་འཕྲི་སླ་བཅོས་དང་སྤུས་ཞན་ལེགས་སུ་བརྫུས་བྱས་ནས་སྤུས་ཚད་ལ་སྐྱོན་ཆ་ཕྲན་བུ་ཙམ་ཡང་གཏན་ནས་ཐོན་མི་ཆོག་ལ། ནུས་ཤུགས་ཡོད་རྒུས་ལོ་རྒྱུས་དང་ལག་ལེན་གྱིས་ར་སྤྲོད་ཐུབ་ཞིང་། མི་དམངས་ཀྱིས་ཞིབ་བཤེར་ཐེག་ཐུབ་པའི་ལས་གྲྭ་སྤུས་ལེགས་བསྐྲུན་དགོས། ངེས་པར་དུ་བདེ་འཇགས་ཐོན་སྐྱེད་སེམས་ནང་བརྟན་པོར་ངེས་པ་དང་དམ་འཛིན་ནན་པོ་བྱེད་དགོས། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་། སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་བཅས་ནན་ཏན་གྱིས་དམ་འཛིན་བྱེད་པ་དང་། གཏིང་ཟབ་ས་དོང་དང་ཡན་ལག་དཔེ་དབྱིབས། ལས་ཁྲི། ཨར་ལས་གློག་སྤྱོད། མེ་གསོད་མེ་འགོག་གི་བདེ་འཇགས། འཛུགས་སྐྲུན་བྱེད་ལ་ཉེ་བའི་སྒྲིག་བཀོད་སོགས་གཙོ་གནད་གནས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ། རྒྱུན་ལྡན་ཅན་དང་དྲ་འཐེན་རྣམ་པའི་སྒོ་ནས་བདེ་འཇགས་ཀྱི་བྱུར་རྐྱེན་གྲལ་བཤེར་ཆེན་པོ་དང་བཅོས་སྐྱོང་ཆེན་པོ་བྱེད་པ། གནད་དོན་གྱི་ཟུར་བཙུགས་རྩིས་ཁྲ་བཟོ་བ་དང་རིམ་པ་བཞིན་མེད་པར་བཟོ་བའི་དོ་དམ་ལག་བསྟར་བྱེད་པ། བདེ་འཇགས་ལས་འཛོལ་སྣ་ཚོགས་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། ངེས་པར་དུ་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱ་དགོས། ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པར་འགན་སྲུང་བྱེད་པའི་ལམ་ལུགས་ཁག་དོན་འཁྱོལ་ནན་པོ་བྱེད་པ་དང་། གླ་ཕོགས་ཆེད་སྤྱོད་ཐོ་ཁོངས་དང་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་དོ་དམ། གླ་ཕོགས་འགན་ལེན་མ་དངུལ་སོགས་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གླ་ཕོགས་དུས་ཐོག་ཏུ་འདང་ངེས་སྤྲོད་ཐུབ་པར་འགན་ལེན་ཏན་ཏིག་བཅས་བྱས་ནས་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱངས་དང་འཕྲི་འཐེན་བྱེད་པའི་གནད་དོན་གཏན་འགོག་མཐའ་གཅིག་ཏུ་བྱ་དགོས། ངེས་པར་དུ་གྲོང་ཁྱེར་འཛུགས་སྐྲུན་གྱི་དོ་དམ་ཆུ་ཚད་དུས་གཅིག་ཏུ་མཐོ་རུ་གཏོང་དགོས། སྲང་ལམ་ཉེ་འགྲམ་གྱི་འཛུགས་སྐྲུན་རྣམ་པ་དང་མཛེས་ལྗོངས་ཀྱི་སྤུས་ཚད་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ་གཙང་ཞིང་གྲལ་འགྲིག་པ་དང་མཛེས་ཤིང་སྡུག་པའི་གྲོང་ཁྱེར་གྱི་མཚམས་ངོས་གཏོད་དགོས་པ་དང་། གློག་སྐུད་གང་སར་འཐེན་པ་བཅོས་སྒྲིག་གཏིང་ཟབ་བྱས་ནས་དྲག་ཞན་གྱི་གློག་སྐུད་འདྲེན་ཐག་འཛུགས་རྒྱུ་ཚད་ལྡན་བཟོས་ཏེ་། བདེ་འཇགས་གོ་རིམ་ལྡན་པ་དང་གྲལ་འགྲིག་ལ་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱས་ནས་མཁའ་དབྱིངས་ཀྱི་བྱུར་རྐྱེན་ཕྱོགས་ཡོངས་ནས་སེལ་དགོས་ལ། ཚད་གཞི་མཐོན་པོའི་སྒོ་ནས་གྲོང་ཁུལ་སྔོ་ལྗང་ཅན་དང་ཆུ་རྒྱུད་ལེ་ལག་ཚང་སྒྲིག་ལ་སྐུལ་འདེད་གཏོང་རྒྱུའི་ཇུས་འགོད་བྱས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཀྱི་ཕན་འབྲས་དང་མཛེས་ལྗོངས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་གཅིག་གྱུར་འཆར་འགོད་བྱས་ནས་གྲོང་ཁྱེར་གྱི་སྡོད་གནས་འཚམ་ཚད་དང་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

 ཀྲང་ཆི་ཧྥེངགིས་འབྲེལ་ཡོད་སྡེ་ཁག་གིསཡིད་སེམས་གཅིགགི་བསམ་བློ་བརྟན་པོ་བཙུགས་ནས་གཞོགས་འདེགས་དང་རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས་ཞིབ་མཆན་འགོད་པ་དང་ས་ཆ་སྤྱོད་པ། མ་དངུལ། རྒྱུ་རྐྱེན་གཙོ་བོ་སོགས་ཀྱི་འགན་ལེན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། ལས་གྲྭར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཏེ་བློ་ཐག་རྦད་ཆོད་ཀྱི་རྣམ་འགྱུར་དང་། ནུས་ལྡན་གྱི་བྱ་ཐབས། དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། རྐང་ཚའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།