网站无障碍
མཚོ་སྔོན་རྐང་ཚས་ཞིང་ཕྱུགས་ཐོན་རྫས་ཀྱི་པར་དབང་ཐོ་འགོད་བྱས་ཏེ། ཟོང་རྟགས་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་སྲུང་ཡོལ་ཇེ་བརྟན་དུ་བཏང་།
   
发布时间:2026年05月20日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་ཟོང་རྟགས་འཛུགས་སྐྲུན་མཐུན་ཚོགས་ཀྱིས་རྫོང་ཁོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ཀྱི་བརྩམས་ཆོས་པར་དབང་ཐོ་འགོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། མིག་སྔའི་བར་པར་དབང་བརྩམས་ཆོས་ལྔ་ལ་རྒྱལ་ཁབ་པར་དབང་ཅུ་ཡིས་སྤྲད་པའི་ཐོ་འགོད་ལག་ཁྱེར་ཐོབ་ལ། པར་དབང་ཐོ་འགོད་ལ་བརྟེན་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཟོང་རྟགས་སྲུང་སྐྱོང་སྲུང་ཡོལ་ཇེ་བརྟན་དུ་བཏང་ཡོད།

  པར་དབང་ཐོ་འགོད་བྱས་པ་བརྒྱུད་ཁྲིམས་ལྟར་ཟོང་རྟགས་ཀྱི་བདག་ཁོངས་ཁ་གསལ་བཟོས་པ་དང་། དབང་ཆར་བཙན་གནོད་དང་རྫུས་སྤྱོད་ལ་དོགས་ཟོན་བྱས་ཏེ་བཅའ་ཁྲིམས་ཀྱི་བྱ་ཐབས་ལ་བརྟེན་ནས་རྫོང་ཁོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཟོང་རྟགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་མཐུན་རྐྱེན་སྦྱར། ད་ཐེངས་རྒྱལ་ཁའི་ངང་ཐོ་འགོད་བྱས་པའི་ཞིང་ཕྱུགས་ཐོན་རྫས་ལྔའི་པར་དབང་བརྩམས་ཆོས་ཁག་ནི“མཚོ་སྔོན་པོའི་རྩྭ་ཐང་གི་དགུན་ཤ”དང“རྐང་ཚའི་མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤའི་དུས་ཆེན”“མཚོ་སྔོན་པོའི་འགྲམ་གྱི་ཕྱུགས་ར་བཟང་པོ” “མཚོ་སྔོན་པོའི་འགྲམ་གྱི་རྩྭ་ཆུ་ཡག་པོ” དེ་བཞིན“རྐང་ཚ་རྫོང་གི་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་ཟོང་རྟགས་འཛུགས་སྐྲུན་མཐུན་ཚོགས་ཀྱི་ཆེད་གཏོགས་མཚོན་རྟགས”བཅས་ཡིན། ཁྱད་ལྡན་དུས་སྟོན་གྱི་མིང་དང་ས་ཁོངས་སྐྱེ་ཁམས་དྲིལ་སྒྲོག་སྦྱར་ཡིག མཐུན་ཚོགས་ཀྱི་སྣང་བརྙན་མཚོན་རྟགས་སོགས་ཞིང་ཕྱུགས་ཐོན་རྫས་ཟོང་རྟགས་ལ་ཁྱབ་ཡོད་པས། རང་རེའི་རྫོང་གི་སྐྱེ་ཁམས་ཕྱུགས་ལས་དང་ཁྱད་ལྡན་དུས་སྟོན། དེ་བཞིན་སྐྱེ་ཁམས་ཞིང་ཕྱུགས་ཐོན་རྫས་ཟོང་རྟགས་ཀྱི་པར་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་། ས་ཁོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་དབྱེ་འབྱེད་བྱེད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ཕྱིན་ཡོད།

 རྗེས་ཕྱོགས་སུ། རྐང་ཚ་རྫོང་གིས་ཐོ་འགོད་བྱས་ཟིན་པའི་པར་དབང་ལ་བརྟེན་ནས་ཟོང་རྟགས་སྐྱེད་སྲིང་དང་སྲུང་སྐྱོང་། ཁྱབ་གདལ་བེད་སྤྱོད་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ཟོང་རྟགས་བེད་སྤྱོད་དོ་དམ་ཚད་ལྡན་ནན་པོ་བཟོས་ཏེ་སྐྱེ་ལྡན་ཞིང་ཕྱུགས་ལས་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས། རྒྱ་ཆེའི་ཞིང་ཕྱུགས་ལས་ཐོན་སྐྱེད་བྱེད་མཁན་དང་གཉེར་སྐྱོང་བྱེད་མཁན་གྱི་ཟོང་རྟགས་པར་དབང་གི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རྫོང་ཡོངས་ཀྱི་ཞིང་ཕྱུགས་ཐོན་ལས་ཟོང་རྟགས་ཅན་དང་། ཚད་ལྡན་ཅན། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་བར་རོགས་རམ་ཧུར་ཐག་བྱེད་རྒྱུ་ཡིན།