མཐའ་ཁུལ་འཚོང་ཇ“རྙིང་བ་གསར་བར་བརྗེ་བའི”ལས་དོན་སྤེལ་བའི་སྐོར་ཀྱི་བརྡ་ཁྱབ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
བཏུང་ཇའི་རིགས་ཀྱི་ཏི་ཧྥུལ་ནད་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་ལུས་པོ་བདེ་ཐང་འགན་ལེན་བྱེད་པ། མཐའ་ཁུལ་འཚོང་ཇའི་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱ་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་། དེ་བཞིན་རྫོང་མཐའ་ཁུལ་འཚོང་ཇའི་བཅོས་སྒྲིག་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་སྟེ། རྫོང་མཁོ་ཚོང་མཉམ་ལས་ཁང་གིས་མཐའ་ཁུལ་འཚོང་ཇའི“རྙིང་བ་གསར་བར་བརྗེ་བའི”ལས་དོན་སྤེལ་བའི་འབྲེལ་ཡོད་དོན་ཚན་སྐོར་གྱི་བརྡ་ཁྱབ་གཤམ་ལྟར།
གཅིག བརྗེ་རེས་བྱེད་པའི་དམིགས་ཡུལ། ཧྥུལ་མང་བ་དང་དུས་ལས་ཡོལ་བ། ངོ་བོ་འགྱུར་བ། ཁྲིམས་མཐུན་ཡོང་ཁུངས་མེད་པ་བཅས་ཀྱི་མཐའ་ཁུལ་འཚོང་ཇ་ཁྱོན་ཡོངས་ནས་གཙང་སེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཚད་གཞིར་མཐུན་པའི (ཧྥུལ་འདུས་ཚད་སྤྱི་རྒྱ་རེར་ཧའོ་ཁེ་300ལས་ཆུང་བའམ་མཚུངས་བ།≤300mg/kg)ཧྥུལ་ཉུང་བའི་མཐའ་ཁུལ་འཚོང་ཇ་ཁྱབ་གདལ་བཏང་སྟེ། མགོ་ཁུངས་ནས་བཏུང་ཇའི་རིགས་ཀྱི་ཧྥུལ་ནད་ཉེན་ཁ་ཇེ་ཆུང་དུ་བཏང་ནས་མང་ཚོགས་ཀྱི་བཏུང་ཇའི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ།
གཉིས། བརྗེ་རེས་བྱེད་པའི་ཁྱབ་ཁོངས། 1.ཇ་རྙིང་པའི་ཁྱབ་ཁོངས། རོང་འབྲོག་མང་ཚོགས་ཀྱི་བཟུང་བའི་མཐའ་ཁུལ་འཚོང་ཇ་རྙིང་པ་སྣ་ཚོགས(ཇ་བག་སྔོན་པོ་དང་། ཇ་བག་ནག་པོ། ཕོར་ཇ་སོགས་ཚུད)ཀྱི་ནང་ནས་ཧྥུལ་འདུས་ཚད་ཚད་ལས་བརྒལ་བ་དང་། མཆན་བྱང་དང་མཚོན་རྟགས་མེད་པ། དུས་ཡོལ་ནས་རུལ་བར་གྱུར་བ། ཡོང་ཁུངས་གསལ་པོ་མེད་པའི་ཐོན་རྫས་གཙོ་གནད་དུ་བཟུང་སྟེ་ཕྱིར་བསྡུ་བྱ་རྒྱུ། 2.ཇ་གསར་པའི་ཚད་གཞི། བརྗེ་རེས་བྱས་པའི་མཐའ་ཁུལ་འཚོང་ཇ་གསར་བ་ནི་ངེས་པར་དུ་ཚད་ལྡན་བཟོ་གྲྭས་ཐོན་སྐྱེད་བྱས་པ་དང་། ཧྥུལ་དམའ་བའི་ཚད་གཞི་དང་མཐུན་པ། མཆན་བྱང་ཆ་འཕྲིན་ཆ་ཚང་བའི(ཐོན་རྫས་ཀྱི་མིང་དང་ཚད་གཞི། ཐོན་སྐྱེད་དུས་ཚོད། ཐོན་སྐྱེད་བཟོ་གྲྭ་སོགས་འདུས)ཚད་ལྡན་ཐོན་རྫས།
གསུམ། བརྗེ་རེས་བྱེད་པའི་དུས་ཚོད། གཅིག་བསྡུས་བརྗེ་རེས་བྱེད་པའི་དུས་ཚོད། 2026ལོའི་ཟླ5བའི་ཚེས25ཉིན་ནས2026ལོའི་ཟླ8པའི་ཚེས30ཉིན་བར།(ཉིན་རེའི་ཆུ་ཚོད9:00ནས17:00བར)
བཞི། བརྗེ་རེས་བྱེད་གནས། (ས་གནས་དང་འབྲེལ་གཏུག་ཁ་པར་ཟུར་དུ་བཀོད་ཡོད།)
|
གོ་རིམ། |
བརྗེ་རེས་ བྱེད་གནས། |
ཞིབ་ཕྲའི་ ས་གནས། |
འབྲེལ་གཏུག་ བྱེད་མི། |
འབྲེལ་གཏུག་ ཁ་པར། |
|
1 |
རྫོང་མཁོ་ཚོང་མཉམ་ལས་ཁང་དཔུང་ཧྲན་སྡེ་བ་རིམ་ཞབས་ཞུ་ས་ཚིགས། |
རྫོང་མ་ཎི་གླིང་གའི་ལམ་གྱི་ཡུལ་སྐོར་ཞབས་ཞུ་ས་ཚིགས་ཀྱི་འགྲམ། |
མེན་ཙུང་ཝེ། |
13619707284 |
|
2 |
འོམ་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་མཐའ་ཁུལ་འཚོང་ཇ་བརྗེ་རེས་བྱེད་ས། |
འོམ་ཆུ་གྲོང་རྡལ་མི་དམངས་སྲིད་གཞུང་སུམ་ཐོག་གྲོས་ཚོགས་ཁང་། |
ཧྲི་ཀྲུ་ཁྲའོ། |
13119709102 |
|
3 |
གཡུ་དཀར་འོམ་ལུང་ཡུལ་ཚོ་མི་དམངས་སྲིད་གཞུང་མཐའ་ཁུལ་འཚོང་ཇ་བརྗེ་རེས་བྱེད་ས། |
གཡུ་དཀར་འོམ་ལུང་ཡུལ་ཚོ་མི་དམངས་སྲིད་གཞུང་སུམ་ཐོག307 |
ཝང་ཧྲི་ཅིན། |
15897207719 |
|
4 |
དཔལ་དགེ་གྲོང་རྡལ་དམངས་ཚིས་ཞབས་ཞུ་ས་ཚིགས། |
དཔལ་དགེ་གྲོང་རྡལ་མི་དམངས་སྲིད་གཞུང་། |
དཔལ་ལྡན་ཚེ་རིང་། |
13086241171 |
|
5 |
མཚོ་འཁྱིལ་ཡུལ་ཚོ་མི་དམངས་སྲིད་གཞུང་མཐའ་ཁུལ་འཚོང་ཇ་བརྗེ་རེས་བྱེད་ས། |
མཚོ་འཁྱིལ་ཡུལ་ཚོ་མི་དམངས་སྲིད་གཞུང་བཞི་ཐོག་དམངས་ཆེན་གཞུང་ལས་ཁང་། |
ཚེ་གཟུངས་སྐྱིད། |
13897307699 |
|
6 |
སྐྱིད་སྨོན་ཡུལ་ཚོ་མི་དམངས་སྲིད་གཞུང་མཐའ་ཁུལ་འཚོང་ཇ་བརྗེ་རེས་བྱེད་ས། |
སྐྱིད་སྨོན་ཡུལ་ཚོ་རོང་འབྲོག་པའི་གསོ་སྦྱོང་ལྟེ་གནས། |
ཀྲང་ཀའོ་ཁྲུན། |
17797006920 |
ལྔ། བརྗེ་རེས་བྱེད་པའི་སྒྲིག་སྲོལ། 1.བརྗེ་རེས་ཀྱི་བསྡུར་ཚད། མཐའ་ཁུལ་འཚོང་ཇ་རྙིང་པ(ཚོང་རྟགས་དང་ཚད་གཞི་ལ་ཚོད་འཛིན་མི་བྱེད)1:1ལྟར་ཚད་ལྡན་གྱི་ཧྥུལ་དམའ་བའི་མཐའ་ཁུལ་འཚོང་ཇ་གསར་པར་་བརྗེ་རྒྱུ། 2. དཔང་ཡིག་གི་བླང་བྱ། མང་ཚོགས་ཀྱིས་བརྗེ་རེས་བྱེད་སྐབས་རང་ཉིད་ཀྱི་ཐོབ་དཔང་འཛིན་རྒྱུ། ཇ་རྙིང་པའི་གྲངས་འབོར་མང་ན་སྔོན་ལ་གྲོས་ཆད་ཐོ་འགོད་བྱས་ཆོག
རྐང་ཚ་རྫོང་མཁོ་ཚོང་མཉམ་ལས་ཁང་།
2026ལོའི་ཟླ5བའི་ཚེས25ཉིན།