རྐང་ཚ་རྫོང་དུ་རྒན་པའི་བདེ་སྐྱིད་ཟ་ཁང་ཡོངས་སུ་ཁྱབ་ཡོད།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་རྐང་ཚ་རྫོང་གིས་མཐོ་སྒང་འབྲོག་ཁུལ་གྱི་རྒན་གསོའི་དཀའ་ཁག་ལ་དམ་པོར་དམིགས་ནས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། སྤྱི་ཚོགས་ཐེ་ཞུགས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་བདེ་སྐྱིད་ཟ་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་དང་། བེད་མེད་དུ་ལུས་པའི་ཐོན་ཁུངས་གང་འགབ་ཅི་སྤྱོད་དང་། འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་སྦྲེལ་ཐག་རིང་དུ་གཏོང་བ་བཅས་ལ་བརྟེན་ནས་ཀུན་ཕན་དང་སྣ་མང་ནུས་ལྡན་གྱི་འབྲོག་ཁུལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་བཙུགས། “ཟ་མ་དྲོན་པོ་གཅིག”གིས་མཐོ་སྒང་རྒན་པའི་ཚེ་མཇུག་བདེ་སྐྱིད་ཡོང་བར་བྱས་ཏེ་དམངས་ཚིས་ཞབས་ཞུ་དང་གཞི་རིམ་བཅོས་སྐྱོང་གཉིས་ཀ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་། མིག་སྔའི་བར་རྫོང་ཡོངས་སུ་རྒན་པའི་བདེ་སྐྱིད་ཟ་ཁང20བསྐྲུན་ནས་བཀོལ་སྤྱོད་བྱས་པ་དང་ཡུལ་ཚོ་དང་གྲོང་རྡལ5དང་སྲིད་འཛིན་སྡེ་བ(གཞིསངཁུལ)31ཚང་མར་ཁྱབ་པས། རིམ་རྩིས་བྱས་ན་རྒན་པའི་མང་ཚོགས་མི་ཐེངས་ཁྲི10ལས་བརྒལ་བར་ཞབས་འདེགས་ཞུས་པ་དང་། ལོ་རེར་ཆ་སྙོམས་བཟའ་བཏུང་འགན་ལེན་དང་ཁྱིམ་དུ་ཟ་མ་སྐྱེལ་བ་མི་ཐེངས་ཁྲི2.8ལྷག་ཙམ་ཟིན་ཡོད།

“ཟ་རོགས་རྐྱང་པ”ནས“སྣ་མང་ནུས་སྤྲོད”ལ་བསྒྱུར་ནས། རྒན་པའི་རྒན་གསོའི་ཞབས་ཞུ་གཏིང་ཟབ་ཏུ་བཏང་། སྤྱི་ཕན་དམངས་ཕན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། རྒན་པ་ཚོགས་སྤྱིའི་ལུས་ཁམས་དང་བསམ་པའི་དགོས་མཁོར་དམིགས་ནས“ཟ་རོགས་རྐྱང་པ”ནས“སྣ་མང་ནུས་སྤྲོད”དུ་རིམ་སྤོར་བྱས་ཏེ“ཟ་རོགས+ཁམས་གསོ+ལྟ་སྐྱོང+བཅོས་སྐྱོང”བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ཞབས་ཞུའི་མ་ལག་བཙུགས་ནས་རྒན་པ་ལ“ཕོ་བ་རྒྱག”ལ“སེམས་པ་དྲོས”པར་བྱས། ཟས་རིགས་གཏན་འཁེལ་བྱས་ནས་རྒན་པའི་དགོས་མཁོ་དང་འཚམ་པར་བྱེད་པ། ཚྭ་ཉུང་ལ་སྣུམ་ཉུང་བ་དང་། མཉེན་ཞིང་ལྡད་སླ་བའི་ཁྱིམ་ཟས་གཡོས་སྐོལ་བྱས་པ་དང་། དམངས་ལ་སྟབས་བདེ་སྐྲུན་པའི་སྡེབས་ཟས་བཏོན། ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད་ཕོག་པའི་རྒན་པ་ལ་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་བདེ་ཐང་གི་བཟའ་བཅའ་སྡེབ་སྒྲིག་བྱས་ལ། འཚོ་བཅུད་འཛོམས་ཤིང་ཁ་འཕྲོད་རང་བཞིན་གཉིས་ཀར་ལྟ་རྟོག་བྱས་ཏེ་རྒན་པའི་བཟའ་བཏུང་བདེ་ཐང་སྲུང་སྐྱོང་བྱས་ལ། ཟ་མ་སྐྱེལ་བ་དང་ཞབས་ཞུའི་མཇུག་སྣེ་ཤར་གཏོང་ཐུབ་པར་བྱས། “གཏན་འཇགས་ཟ་མ་ཟ་བ+གཅེས་སེམས་ཟ་མ་སྐྱེལ་བའི”རྣམ་པ་ཟབ་ཏུ་བཏང་ནས། ཆེད་དོན་ཟ་མ་སྐྱེལ་མཁན་གྱི་དཔུང་ཁག་བཙུགས་ཏེ་འགྲོ་སྐྱོད་སྟབས་བདེ་མིན་པ་དང་། ཐག་རིང་འབྲོག་ཁུལ་གྱི་ཁེར་སྡོད་རྒན་པར་སྒོ་ཁར་ཟ་མ་བསྐྱལ་བས། ལོ་རེར་ཟ་མ་ཐེངས་ཁྲི1ལས་བརྒལ་བ་བསྐྱལ། གོམ་སྟབས་ལ་བརྟེན་ནས་འགན་འཁྲི་ཚད་འཇལ་བྱས་ཏེ་རྒན་གསོ་ཞབས་ཞུའི“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་པར་བྱས་ཡོད། གཅིག་འཐུས་རྣམ་པའི་ནུས་པ་སྦྱིན་ནས་ཚེ་མཇུག་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་། བདེ་སྐྱིད་ཟ་ཁང་རྟེན་གཞིར་བྱས་ཏེ་ཞབས་ཞུ་སྣ་མང་སྣུར་སྲིང་བྱས་ནས་བདེ་ཐང་ཁང་ཆུང་བཙུགས་ཏེ་དུས་བཀག་ལྟར་འོས་འགན་སྨན་བཅོས་དང་ཁྲག་ཤེད། ཁྲག་མངར་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་།“ལ་ཁའི་ཉི་ཟེར་དམར་པོའི་སློབ་ཁང”བཙུགས་ནས་བོད་གཞས་དཀྲོལ་ལེན་དང་མིག་མངས་མཐུན་འབྲེལ་སོགས་རིག་གནས་ལུས་རྩལ་བྱེད་སྒོ་སྒྲིག་འཛུགས་བྱས། ལྟ་སྐྱོང་ཞབས་ཞུ་རྒྱ་ཆེར་བཏང་ནས་སྨན་བཅོས་དང་། ཚབ་ཉོ་ཚབ་སྒྲུབ། ཁྱིམ་སྡོད་རྒན་པ་ལ་འཚམ་པའི་སྒྱུར་བཀོད་སོགས་དམངས་ཕན་ཞབས་ཞུ་མཁོ་འདོན་བྱས། རིག་ནུས་མཁྲིག་མའི་རེའུ་མིག་སྒྲིག་སྦྱོར་བྱས་ཏེ་རྒན་པ292ལ་མཚོ་བྱང་ཁུལ་གྱི་བློ་གྲོས་རྒན་གསོའི་ལས་སྟེགས་སྦྲེལ་མཐུད་བྱས་ནས་བྲེལ་འཚུབ་འབོད་བརྡ་གཏོང་བ་དང་རྒྱང་ཁྲིད་ཐུགས་ཁུར་མངོན་འགྱུར་བྱས་ཏེ་རྒན་པ་ལ“བཟའ་བཏུང་ལ་འགན་ལེན་ཡོད་པ་དང་བདེ་ཐང་ལ་སྲུང་སྐྱོང་ཡོད་པ། སྤྲོ་གསེང་ལ་འགྲོ་ས་ཡོད་པ”བཅས་བྱས།

“དམངས་ཚིས་དོན་ཆུང”ནས“བཅོས་སྐྱོང་དོན་ཆེན”བར་གྱི་མཐོ་སྒང་རྒན་གསོའི་པར་རིས་གསར་བ་བྲིས། བདེ་སྐྱིད་ཟ་ཁང་གི“སྒེའུ་ཁུང་ཆུང་ཆུང”ལ་བརྟེན་ནས་དམངས་འཚོའི་བདེ་སྐྱིད་ཀྱི“ལས་དོན་ཆེན་པོ”ཡག་པོར་བསྒྲུབས་ཏེ་དམངས་ཚིས་མཐའ་ཚད་བརྟན་དུ་གཏོང་བ་དང་རྒན་པའི་ཚོགས་སྤྱིར་ཕན་པ་ཐོབ་པ་བྱས་ལ། ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་དང་གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས་དམངས་ཚིས་ཕན་འབྲས་དང་བཅོས་སྐྱོང་གི་ཕན་ནུས་གཉིས་ཀ་ཆེ་རུ་བཏང་། གནད་སྨིན་མཐའ་སྐྱོང་བྱས་ནས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྲུང་སྐྱོང་བྱས་ཤིང་། རྒན་པ་ཁེར་འདུག་དང་དམའ་སྲུང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་པ་སོགས་ལ་དམིགས་ནས་གནད་སྨིན་རོགས་སྐྱོར་ལམ་སྲོལ་བཙུགས་ཏེ་ལོ་ལྟར་དཀའ་ངལ་ཡོད་པའི་རྒན་པ400ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། རྒན་པ་ཚོགས་སྤྱིའི“བྲེལ་དཀའ་ཁྲལ་སྒུག”གི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་དམངས་ཚིས་འགན་སྲུང་ལ་སྔར་བས་དྲོད་ཚད་ལྡན་པར་བྱས། རྫོང་ཡོངས་ཀྱི་བདེ་སྐྱིད་ཟ་ཁང་གིས་ཐད་ཀར་ལས་ཞུགས་ལས་གནས28མཁོ་འདོན་བྱས་ལ། ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར3000ཟིན། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་ཟོག་འགྲེམས་སྡེབ་སྐྱེལ། ཁྱིམ་ལས་ཞབས་ཞུ་སོགས་སྟོད་སྨད་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་འབྲོག་པར་ཐག་ཉེ་སར་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱས་ཏེ“རྒན་གསོའི་ཞབས་ཞུ”དང“ལས་ཞུགས་འབབ་འཕར”ཕྱོགས་གཉིས་ཀར་ནུས་སྤྲོད་བྱས་ཡོད། བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ཞིང་། “ཏང་འཛུགས་སྐྱོང+དྲ་མིག+དང་བླངས་ཞབས་ཞུའི”རྣམ་པ་ཁྱབ་གདལ་བཏང་ནས་སྲིད་འཛིན་སྡེ་བ31གི་ཏང་ཀྲི་པུས་ཟ་ཁང་རིམ་སྤོར་རྣམ་གྲངས་སྣེ་ཁྲིད་བྱས་པ་དང་། ཏང་ཡོན་གྱིས་ཁེར་སྡོད་རྒན་པ་དང་ཆ་སྒྲིག་འབྲེལ་གཏུག་བྱས་ཏེ་ཟས་ཐེངས་གཅིག་ལ་བརྟེན་ནས་ལས་བྱེད་པ་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་བཏང་ལ། དམངས་སེམས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་གཞི་རིམ་བཅོས་སྐྱོང་ལ་ཕན་ནུས་ཆེ་ཞིང་དྲོད་ཚད་ལྡན་པར་སྐུལ་འདེད་བཏང་།