网站无障碍
རྐང་ཚས་གནད་ལ་འཁེལ་བའི་ངང་ལས་ཞུགས་བརྟན་པོ་དང་དམངས་ཚིས་ཕན་འདོགས་བྱ་རྒྱུར་ནུས་ཤུགས་ཡོད་རྒུ་བཏོན།
发布时间:2026年06月01日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 ད་ལོ་ནས་བཟུང་། རྐང་ཚ་རྫོང་གིས་རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་དང་། ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ཏེ། ཕྱོགས་ཡོང་ནས་ཞབས་ཕྱི་ཞུ་བ་དང་། ཐབས་ལམ་མང་བོར་འཐེན་པ། འགན་ལེན་འདེགས་སྐྱོར་ལ་ཤུགས་སྣོན་པ་བཅས་བྱས་ནས། རྫོང་ཡོངས་ཀྱི་ལས་ཞུགས་ལས་དོན་སྤུས་ཚད་མཐོ་རུ་གཏོང་རྒྱུ་དང་ཕན་འབྲས་ཆེར་སྐྱེར་ཡོང་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ལས་ཞུགས་བརྟན་པོ་ཡོང་བ་དང་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་པར་ཏན་ཏིག་བྱེད་དགོས། 

 གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མཁོ་སྤྲོད་ཐུབ་པར་གཏན་འཁེལ་བྱས།  གོང་འོག་མཉམ་འགུལ་དང་ཕན་ནུས་ཆེ་བའི་མཐུན་སྦྱོར་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ག་བསྟར་ཇུས་གཞི་ཞིབ་ཕྲ་བཟོ་བ། ལས་དོན་འགན་འཁྲིའི་གནོན་བཙིར་བཅས་བྱས་ནསརྫོང་ཡོངས་ཀྱི་གཅིག་གྱུར་འཆར་འགོད་དང་།  ཡུལ་ཚོ་དང་གྲོང་རྡལ་དོན་འཁྱོལ་བྱེད་པ། སྡེ་བ་དང་གཞིས་ཁུལ་མཉམ་འགུལ་བྱེད་པབཅས་ཀྱི་ལས་དོན་གྱི་བཀོད་པ་བྱེད་མགོ་ཚུགས། ཕྱོགས་གཅིག་ནས་ཕྱོགས་ཡོངས་ཀྱི་ཁྱིམ་ཚང་དུ་བསྐྱོད་དེ་གྲལ་བཤེར་བྱས་ཏེ་ཁྱིམ་ཚང་རེ་རེ་བཞིན་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་འདོད་བློ་དང་། རྩལ་ནུས་ཆུ་ཚད། ལས་གནས་ཀྱི་དགོས་མཁོ་སོགས་ལྟེ་བའི་ཆ་འཕྲིན་རྒྱུས་ལོན་བྱས་ཏེ་གནད་ལ་འཁེལ་བའི་རྩིས་ཐོ་བཟོས་ནས“ཞི་གྲངས་གསལ་པོ་དང་དགོས་མཁོ་གསལ་པོ”ངོན་འགྱུར་ཡོང་བ་དང་། ཕྱོགས་གཞན་ཞིག་ནས“ཁེ་ལས་སུ་ཞུགས་ནས་ལས་གནས་འཚོལ་བའི”བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། རྫོང་ཕྱི་ནང་གི་ཁེ་ལས་ཀྱི་སྤུས་ལེགས་ལས་གནས་རྒྱ་ཁྱབ་ངང་བསྡུ་རུབ་བྱ་རྒྱུ་དང་། མང་ཚོགས་ཀྱི་ལས་ཞུགས་དགོས་མཁོ་དང་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དགོས་མཁོ་གནད་ལ་འཁེལ་བའི་ངང་སྦྲེལ་མཐུད་བྱས་པ་དང་། རིམ་རྩིས་བྱས་ན་རྫོང་ཕྱི་ནང་གི་སྤུས་ལེགས་ཁེ་ལས26གདན་ཞུ་བྱས་པ་དང་། ལས་གནས900ལྷག་ཙམ་ཁྱབ་གདལ་བཏང་བས“ས་ཞུགས་དཀའ་བ”ང“ས་མི་སྤྱོད་དཀའ་བ”གཉིས་ཀྱི་འགག་གནད་ནུས་ལྡན་ངང་སེལ་ནས་ལས་གནས་མཁོ་སྤྲོད་དང་ལས་ཀ་འཚོལ་བའི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྙོམ་སྒྲིག་བྱས། 

 ལམ་ཐིག་གཉིས་མཉམ་འགུལ་མཐའ་འཁྱོངས་བྱས་ཏེ། ལས་ཞུགས་ཞབས་ཞུའི་ཐབས་ལམ་རྒྱ་བསྐྱེད་པ། ཡུལ་དངོས་ཞབས་ཞུ་དང་དྲ་ལམ་ཐད་གཏོང”གཉིས་མཉམ་འབྲེལ་བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་ནས་ལས་ཞུགས་ཞབས་ཞུའི་ཐབས་ལམརྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་དགོས། ཡུལ་དངོས་སུ་རང་འགུལ་གྱིས་ཞབས་ཕྱི་སྒྲུབ་པ་དང་། མི་སྣ་མང་འདུས་ས་ཁོངས་སུ་ལས་ཞུགས་བློ་འདྲིའི་སྟེགས་བུ་བཙུགས་ནས་ཡུལ་དངོས་སུ་ལས་ཞུགས་སྲིད་ཇུས་སྒྲོག་འགྲེལ་དང་། སྤུས་ལེགས་ལས་གནས་ངོ་སྤྲོད། ལས་འཚོལ་ཐོ་འགོད་མཛུབ་ཁྲིད་བཅས་བྱས་ཤིང་། རིམ་རྩིས་བྱས་ན་དྲིལ་བསྒྲགས་ཡིག་ཆ500ལྷག་ཙམ་སྤྲད་པ་དང་། རིགས་སོ་སོའི་ལས་འཚོལ་བློ་འདྲི་མི་ཐེངས240ལྷག་ཙམ་ལ་སྣེ་ལེན་ཞུས་པ།  ལས་ཀ་འཚོལ་མཁན50ལྷག་ཙམ་ལ་ལས་ཞུགས་ཐག་གིས་བཅད་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“ཐའ་མའི་སྤྱི་ལེ་གཅིགཤར་གཏོང་ཐུབ་པར་བྱས། དྲ་ལམ་གྱི་གྲངས་གཞི་ཅན་གྱི་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས“ད་གཏོང་ལས་གནས་སྣེ་ཁྲིད”ཀྱི་ཆེད་དོན་ཚོགས་ར་བཙུགས་ཏེ། སྨྱན་སྦྱོར་མཉམ་འདྲེས་ཀྱིས་ཕྱོགས་ཡོངས་ནས་ལས་གནས་ཀྱི་ཆ་འཕྲིན་དང་ལས་ཞུགས་སྲིད་ཇུས་ཁྱབ་སྤེལ་བྱེད་པ་དང་། མང་ཚོགས་ཀྱི་ལས་ཀ་འཚོལ་བའི་དོ་ཁུར་ལ་དུས་ཐོག་ཏུ་ལན་སྤྲད་པ་དང་། སྲིད་ཇུས་ཀྱི་དོགས་གཞིའི་དྲི་བར་ལན་འདེབས་པ། གྲངས་གཞི་ཅན་གྱི་ནུས་པ་སྤྲོད་པའི་ལས་ཞུགས་ཞབས་ཞུར་བརྟེན་ནས་ཞབས་ཞུའི་སྟབས་བདེ་ཚད་དང་ཁྱབ་རྒྱ་ཆེ་རུ་བཏང་སྟེ། མང་ཚོགས་རྣམས་ལ་ལུང་མང་བོ་མ་འགྲིམས་པར་གདན་ཐོག་གཅིག་ནས་ལས་ཞུགས་འཚོལ་ཐུབ་པར་བྱས་ཡོད།  

 ཞབས་ཞུའི་འགན་སྲུང་ཇེ་ལེགས་སུ་བཏང་ནས་ལས་ཞུགས་དམངས་ཚིས་རྨང་གཞི་སྲ་བརྟན་དུ་གཏོང་དགོས། རྩལ་ནུས་མཐོར་འདེགས་དང་།  མངས་ཕན་ཞབས་ཞུ། གནད་སྨིན་རོགས་སྐྱོར་སོགས་ཀྱི་ཐད་ནས་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་ལས་ཞུགས་འདེགས་སྐྱོར་བརྟན་པོ་སྐྲུན་དགོས།  ཁྲོམ་རའི་ལས་མི་སྤྱོད་པའི་དགོས་མཁོར་དམ་པོར་དམིགས་ཏེ། དམིགས་གཏད་རང་བཞིན་གྱི་སྒོ་ནས་རྩལ་ནུས་གསོ་སྦྱོང་བྱས་ཏེ། ངལ་རྩོལ་པའི་ལས་ཞུགས་འགྲན་རྩོད་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ལརྩལ་ནུས་ལྡན་པ་དང་ལས་ཞུགས་ཡག་པོ་ཡོང་བ”དང་། དམངས་ཕན་ཞབས་ཞུའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། ཞོར་ལས་ས་ཚིགས་ཀྱི་ནུས་པ་ཇེ་ལེགས་སུ་གཏོང་བ། སྟབས་བསྟུན་ལས་ཞུགས་མི་སྣར་ལས་གནས་སྦྲེལ་མཐུད་དང་ཁེ་དབང་འགན་ལེན་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱེད་པ། རྫོང་དང་། གྲོང་རྡལ། སྡེ་བ་བཅས་རིམ་པ་གསུམ་གྱི་ལས་ཞུགས་ཞབས་ཞུའི་དྲ་རྒྱུ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་སྦྲེལ་མཐུད་རོགས་སྐྱོར་ལམ་སྲོལ་འཛུགས་རྒྱུ། ཅིག་གཏད་གཅིག”གི་གནད་འཁེལ་རོགས་སྐྱོར་ཞིབ་ཕྲབཅས་བྱས་པ་དང་། དེར་བསྟུན་ངལ་རྩོལ་མཉམ་ལས་དང་ལས་གཏོད་རོགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་ལས་ཞུགས་བརྟན་པོ་དང་སྤུས་ཚད་མཐོ་བའི་ལས་ཞུགས་ལ་ཕྱོགས་ཡོངས་ནས་རོགས་འདེགས་བྱས་ཏེ། ལས་ཞུགས་འགན་ལེན་ལ་བརྟེན་ནས་དམངས་ཚིས་བདེ་སྐྱིད་ཀྱི་མཐའ་ཚད་བརྟན་པོ་སྐྲུན་དགོས།